Wikipedia
bowiki
https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
MediaWiki 1.47.0-wmf.10
first-letter
མི་ཌི་ཡ་།
དམིགས་བསལ།
བགྲོ་གླེང་།
སྤྱོད་མཁན།
སྤྱོད་མཁན་གྱི་ བགྲོ་གླེང་།
Wikipedia
Wikipedia བགྲོ་གླེང་།
ཡིག་ཆ།
ཡིག་ཆའི་ བགྲོ་གླེང་།
མི་ཌི་ཡ་ཝི་ཀི།
མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་།
དཔེ་པང་།
དཔེ་པང་གི་ བགྲོ་གླེང་།
རམ་འདེགས།
རམ་འདེགས་ཀྱི་ བགྲོ་གླེང་།
རིགས་དབྱེ།
རིགས་དབྱེའི་ བགྲོ་གླེང་།
TimedText
TimedText talk
Module
Module talk
Event
Event talk
ཉི་མའི་ཁྱིམ་རྒྱུད།
0
7090
162472
144780
2026-07-12T15:08:09Z
Omarius257
35779
/* */
162472
wikitext
text/x-wiki
[[File:Solar System True Color BO.png|upright=2|frameless|right]]
འཇིག་རྟེན་བར་སྣང་ཁམས་སུ་ཡོད་པའི་[[ཉི་མ་]]དང་ཉི་མས་འཐེན་ཤུགས་ཁོངས་ཀྱི་སྐར་མའི་གོ་ལའི་ཚོགས་ལ་གནམ་དཔྱད་རིག་པ་བས་ཉི་མའི་ཁྱིམ་རྒྱུད་ཟེར། ཉི་མ་ཕུད། ཉི་མའི་ཁྱིམ་རྒྱུད་ཀྱི་ཁོངས་གཏོགས་སྐར་མ་གཙོ་བོ་ནི་རྒྱུ་སྐར་ཆེན་པོ་དགུ་ཡོད་པ་སྟེ། ལྷག་པ་དང་པ་སངས། སའི་གོ་ལ། མིག་དམར། ཕུར་བུ། སྤེན་པ། སྐར་མ་གནམ་རྒྱལ། སྐར་མ་མཚོ་རྒྱལ། གཤིན་རྒྱལ་སྐར་མ་བཅས་སོ།། དེ་མིན་ད་དུང་རྒྱུ་སྐར་དམའ་མོ་དང་རྒྱུ་སྐར་ཆུང་བ། རྒྱུ་སྐར་དང་མཉམ་དུ་ཉི་མར་སྐོར་བ་རྒྱག་པའི་འཁོར་སྐ་དང་། སྐར་མ་དུ་བ་མཇུག་རིང་། སྐར་མདའི་ཕུང་པོ། སྐར་མའི་དབར་གྱི་དངོས་གཟུགས་བཅས་མང་པོ་ཡོད་པ་རེད། སྐར་མའི་གོ་ལ་སྣ་ཚོགས་ཀྱིས་ཉི་མར་སྐོར་བ་བརྒྱབ་ནས་འཁོར་སྐྱོད་བྱེད་སའི་འཁོར་ལམ་ཚང་མ་ནི་འཇོང་དབྱིབས་ཡིན། འཇོང་དབྱིབས་ལ་མདོ་གནས་གཉིས་ཡོད་དེ། ཉི་མ་དེའི་ནང་གི་མདོ་གནས་སྟེང་གི་གཅིག་ཡིན།<ref>"བར་སྣང་དང་ནམ་ཟླ།" ༼ཀྲུང་གོའི་བྱིས་པའི་ཤེས་བྱ་ཀུན་བཏུས།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ </ref> yes
== གསལ་བཤད། ==
=== རྒྱུ་སྐར་ཆུང་བའི་རྒྱུད། ===
སའི་གོ་ལ་ནས་ཉི་མའི་བར་གྱི་ཆ་སྙོམས་བར་ཐག་དེར་གནམ་དཔྱད་རྩིས་གཞི་༡ཟེར། མིག་དམར་དང་ཕུར་བུ་གཉིས་སོ་སོ་བཞིན་ཉི་མ་ལས་བར་ཐག་གནམ་དཔྱད་རྩིས་གཞི་༡.༥༢དང་༥.༢༠ཡིན། རྒྱུ་སྐར་ཆུང་བའི་རྒྱུད་ནི་མིག་དམར་དང་ཕུར་བུའི་བར་དུ་ཡོད། ༩༧%ཡི་རྒྱུ་སྐར་ཆུང་བ་ཚང་མ་ཉི་མ་ལས་བར་ཐག་གནམ་དཔྱད་རྩིས་གཞི་༢.༠༦_༣.༦༥ཡི་ཁོངས་སུ་འདུས་ཡོད། འདི་ན་ཕལ་ཆེར་རྒྱུ་སྐར་ཆུང་བ་ཁྲི༥༠ཡོད་ཚོད་རེད།
== མཚོན་རྟགས། ==
== པར་རིས་བར་འཁྱམས། ==
<center>
<gallery>
File:Planets2008 hant.jpg|
File:Solarsystem.jpg|
Terrestrial Planets Size Comp True Color.png|
Gas planet size comparisons.jpg|
Planet collage to scale.jpg
</gallery>
</center>
[[File:Systemesolaire.jpg|center|thumb|upright=4|]]
== ཟིན་ཐོ་འམ་དཔྱད་གཞི། ==
{{Reflist}}
== དཔྱད་གཞིའི་དཀར་ཆག། ==
== ད་དུང་གཟིགས། ==
== ཕྱི་ཕྱོགས་དྲ་མཐུད། ==
{{ཉི་མའི་ཁྱིམ་རྒྱུད།}}
[[Category:ཉི་མའི་ཁྱིམ་རྒྱུད།]]
qar39jyswcx717fnrbie9a1fyd7s3zq