Wikipedia
bowiki
https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
MediaWiki 1.47.0-wmf.2
first-letter
མི་ཌི་ཡ་།
དམིགས་བསལ།
བགྲོ་གླེང་།
སྤྱོད་མཁན།
སྤྱོད་མཁན་གྱི་ བགྲོ་གླེང་།
Wikipedia
Wikipedia བགྲོ་གླེང་།
ཡིག་ཆ།
ཡིག་ཆའི་ བགྲོ་གླེང་།
མི་ཌི་ཡ་ཝི་ཀི།
མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་།
དཔེ་པང་།
དཔེ་པང་གི་ བགྲོ་གླེང་།
རམ་འདེགས།
རམ་འདེགས་ཀྱི་ བགྲོ་གླེང་།
རིགས་དབྱེ།
རིགས་དབྱེའི་ བགྲོ་གླེང་།
TimedText
TimedText talk
Module
Module talk
Event
Event talk
སྤྱང་ཀི
0
4338
161953
159315
2026-05-16T16:17:33Z
Wilfredor
10655
([[c:GR|GR]]) [[File:Romolo e remo.jpg]] → [[File:Romulus and Remus by Peter Paul Rubens.jpg]] best image quality
161953
wikitext
text/x-wiki
[[File:Howlsnow.jpg|right|thumb|300px|སྤྱང་ཀི།]]
'''སྤྱང་ཀི་'''ནི་[[འུ་འཐུང་སྲོག་ཆགས་]]ཀྱི་རིགས་གཅིག་རེད། དེ་ནི་སམ་ལོ་བཏོང་ཐུབ་པའི་སེམས་རིགས་ཞིག་རེད་ དེ་ནི་དོན་དྲུ་ཞིག་རེད་
== ལོ་རྒྱུས། ==
== པར་རིས་བར་འཁྱམས། ==
<center>
<gallery>
File:Canis lupus pup closeup.jpg|
File:Wolf pack in Yellowstone NP.jpg|
File:Canis lupus pack surrounding Bison.jpg|
File:Canis lupus arabic.JPG|
File:Tierpark Sababurg Wolf.jpg|
File:Wolf. bei Eekholt.jpg|
File:Lupa Capitolina, Rome.jpg|
File:Romulus and Remus by Peter Paul Rubens.jpg|
File:Grandville leLoup Et Le Chien.jpg|
</gallery>
</center>
== ཟིན་ཐོ་འམ་དཔྱད་གཞི། ==
== དཔྱད་གཞིའི་དཀར་ཆག། ==
== ད་དུང་གཟིགས། ==
== ཕྱི་ཕྱོགས་དྲ་མཐུད། ==
{{ཆ་མི་ཚང་བ}}
[[Category:འུ་འཐུང་སྲོག་ཆགས།]]
84pg73mxtnqrzpog757knkvf03t3cu1
ལུའོ་མུའུ་ལུའོ་སི་དང་རུའེ་མོ་སི།
0
7545
161954
145116
2026-05-16T16:17:34Z
Wilfredor
10655
([[c:GR|GR]]) [[File:Romolo e remo.jpg]] → [[File:Romulus and Remus by Peter Paul Rubens.jpg]] best image quality
161954
wikitext
text/x-wiki
[[File:Lupa Capitolina, Rome.jpg|left|250px|]]
དུས་རབས་༢པའི་སྐབས་སུ་མི་རྣམས་ཀྱིས་རོ་མས་མཁར་རྫོང་བསྐྲུན་པའི་སྐོར་གྱི་ལྷ་སྒྲུང་རྟོག་བཟོ་བྱས། ངག་རྒྱུན་དུ་ཐེ་ལུའོ་དབྱི་དམག་འཁྲུག་གི་དཔའ་བོ་ཨའེ་ཉི་ཨ་སིས་ཐེ་ལུའོ་དབྱི་མཁར་རྫོང་གཞན་གྱིས་བླངས་རྗེས་མི་སྐོར་ཞིག་ཁྲིད་ནས་བྲོས་ཏེ་ལ་ལུང་མང་པོ་བརྒལ་མཐར་ཨི་ཊ་ལིར་སླེབས་ནས་རང་ཉིད་ཀྱི་རྒྱལ་རབས་བཙུགས། ཁོའི་ཕྱི་རབས་པ་བུ་མཚེ་མ་གཉིས་ཏེ་'''ལུའོ་མུའུ་ལུའོ་སི་དང་རུའེ་མོ་སི་'''སྐྱེས་མ་ཐག་རྒྱལ་ས་གཞན་ལ་ཤོར་བའི་ཨ་མུའུ་ལུའི་ཡིས་མཁོ་མེད་དུ་དབྱུགས་མོད། སྟབས་ལེགས་པ་ཞིག་ལ་སྤྱང་མ་ཞིག་གིས་བསྐྱབས་ཏེ་རང་ཉིད་འོ་མས་གསོས། སྤྱི་ལོའི་སྔོན་གྱི་༧༥༣ལོར། ལུའོ་མུའུ་ལུའོ་སིས་ཐའེ་པོ་ཆུ་བོའི་གཡོན་འགྲམ་གྱི་རི་མགོར་རོ་མས་མཁར་རྫོང་བསྐྲུན།<ref>"ལོ་ཆུང་བྱིས་པའི་ཤེས་བྱའི་གཏེར་མཛོད།" ༼གནའ་བོའི་རོ་མའི་དར་རྒྱུད།༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ </ref>
== མི་ཚེ། ==
== པར་རིས་བར་འཁྱམས། ==
<center>
<gallery>
File:Cr 20-1-Reverse.jpg|
File:0147 - Roma - Piazza del Campidoglio - Statua del Tevere - Foto Giovanni Dall'Orto, 7-Apr-2008.jpg|
File:Altar Mars Venus Massimo.jpg|
File:Romulus and Remus by Peter Paul Rubens.jpg|
</gallery>
</center>
== ཟིན་ཐོ་འམ་དཔྱད་གཞི། ==
{{Reflist}}
== དཔྱད་གཞིའི་དཀར་ཆག། ==
== ད་དུང་གཟིགས། ==
== ཕྱི་ཕྱོགས་དྲ་མཐུད། ==
[[Category:ཨི་ཏ་ལི།]]
j3qt601hcgxqfbxc6pmw2mcfax4gnwo
ལྡོག་པ།
0
25570
161958
161949
2026-05-17T11:01:33Z
Jamthup23
32725
161958
wikitext
text/x-wiki
'''ལྡོག་པ་'''ཞེས་པ་ནི་སྤྱིར་ལོག་པའམ་ངོ་གཅིག་ལ་ལྡོག་པ་ཐ་དད་པའི་དོན་དང་། དོར་བའམ་མཇུག་སྐྱོང་མི་བྱེད་པའི་དོན་གཉིས་ལ་འཇུག་སྟེ། ཚད་པའི་གཞུང་དུ་རྟོག་པ་ལ་རིགས་མི་མཐུན་ལས་ལོག་པར་སྣང་བའི་ཆོས་གང་ཞིག་དངོས་པོ་མ་ཡིན་པ་དེ་དེའི་མཚན་ཉིད་དམ་ངོ་བོ་ཡིན། དཔེར་ན། བུམ་པའི་ལྡོག་དང་། རྟོག་པ་ལ་གཟུགས་སུ་སྣང་བ་ལྟ་བུའོ། །སྤྱོད་འཇུག་གི་སྐབས་འདིར་དགེ་བའི་ལས་གང་ཞིག་འགོ་བརྩམས་ནས་མཚམས་པ་དང་ཕྱིར་ལྡོག་བྱེད་པའི་དོན་ཡིན། འོན་ཀྱང་། བྱང་ཆུབ་སེམས་དཔའ་དགེ་བའི་ལས་ཀ་ཞུགས་ནས་མཐར་ཐུག་གི་འབྲས་བུ་མ་བྱུང་བར་ཕྱིར་མི་ལྡོག་པའམ་ཕྱི་བཤོལ་བྱེད་མི་སྲིད་དོ་ཞེས་བསྟན་ཏོ། །
==ཕྱིར་ལྡོག་པའི་དོན།==
'''བརྩམས་པ་ལས་ཕྱིར་ལྡོག་པ།'''
"མ་བརྩམས་པ་ཉིད་མཆོག་ཡིན་གྱི་བརྩམས་ནས་མཐར་མ་ཕྱིན་བར་དུ་དེ་ལས་ལྡོག་པར་མི་བྱའོ། །"<ref>རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༧༣[https://wikisource.org/wiki/%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%91%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%A6%E0%BE%B2%E0%BD%A6%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%84%E0%BD%BC%E0%BD%82%E0%BD%A6%E0%BC%8D#:~:text=%E0%BD%98%E0%BC%8B%E0%BD%96%E0%BD%A2%E0%BE%A9%E0%BD%98%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%89%E0%BD%B2%E0%BD%91%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%E0%BD%A1%E0%BD%B2%E0%BD%93%E0%BC%8B%E0%BD%82%E0%BE%B1%E0%BD%B2%E0%BC%8B%E0%BD%96%E0%BD%A2%E0%BE%A9%E0%BD%98%E0%BD%A6%E0%BC%8B%E0%BD%93%E0%BD%A6%E0%BC%8B%E0%BD%98%E0%BD%90%E0%BD%A2%E0%BC%8B%E0%BD%98%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%93%E0%BC%8B%E0%BD%96%E0%BD%A2%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%91%E0%BD%BA%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%A3%E0%BE%A1%E0%BD%BC%E0%BD%82%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%96%E0%BE%B1%E0%BD%A0%E0%BD%BC%E0%BC%8D%20%E0%BC%8D]</ref>ཞེས་གསུངས་པ་ལྟར། དགེ་བའི་ལས་གང་ཞིག་བརྩམས་ནས་མཐར་མ་ཕྱིན་པར་དོར་བ་ལ་ལྡོག་པ་ཞེས་བརྗོད་དེ། འདི་ནི་སྤང་བྱའི་ཉེས་པ་ཞིག་ཡིན་ནོ། །<br>
'''གཞན་དོན་ལས་མི་ལྡོག་པ།'''
"འཁོར་བ་ཇི་སྲིད་བར་གཞན་དོན་ལས་མི་ལྡོག་པའི་སེམས་ཀྱིས་འཇུག་པའི་སེམས་དེ་ཡང་དག་པར་བླངས་པར་གྱུར་པ་དེ་ནས་བཟུང་སྟེ་"<ref>རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༧[https://wikisource.org/wiki/%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%94%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BD%BA%E0%BD%82%E0%BD%A6%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%98%E0%BD%9A%E0%BD%BC%E0%BC%8D#:~:text=%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%96%E0%BC%8B%E0%BD%87%E0%BD%B2%E0%BC%8B%E0%BD%A6%E0%BE%B2%E0%BD%B2%E0%BD%91%E0%BC%8B%E0%BD%96%E0%BD%A2%E0%BC%8B%E0%BD%82%E0%BD%9E%E0%BD%93%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%A3%E0%BD%A6%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A3%E0%BE%A1%E0%BD%BC%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BD%A6%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%91%E0%BD%BA%E0%BC%8B%E0%BD%A1%E0%BD%84%E0%BC%8B%E0%BD%91%E0%BD%82%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BE%B3%E0%BD%84%E0%BD%A6%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%82%E0%BE%B1%E0%BD%B4%E0%BD%A2%E0%BC%8B%E0%BD%94%E0%BC%8B%E0%BD%91%E0%BD%BA%E0%BC%8B%E0%BD%93%E0%BD%A6%E0%BC%8B%E0%BD%96%E0%BD%9F%E0%BD%B4%E0%BD%84%E0%BC%8B%E0%BD%A6%E0%BE%9F%E0%BD%BA%E0%BC%8B]</ref>ཞེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གྱི་དོན་བྱེད་པ་ལས་ནམ་ཡང་ཕྱིར་མི་ལྡོག་པའི་དམ་བཅའ་བརྟན་པོ་དང་ལྡན་དགོས་པ་སྟོན་ནོ། །<br>
'''ཉོན་མོངས་སྤོང་བ་ལས་མི་ལྡོག་པ།'''
"དེ་ལྟ་བས་ན་ཉོན་མོངས་གཞོམ་པ་ལ་དུས་རྟག་ཏུ་བསམ་སྦྱོར་གང་ཡང་ཕྱིར་མི་ལྡོག་པར་བྱའོ། །"<ref>རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༧༦[https://wikisource.org/wiki/%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%A6%E0%BD%BA%E0%BD%98%E0%BD%A6%E0%BC%8B%E0%BD%91%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A3%E0%BC%8B%E0%BD%A6%E0%BE%B2%E0%BD%A6%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%84%E0%BD%BC%E0%BD%82%E0%BD%A6%E0%BC%8D#:~:text=%E0%BD%91%E0%BD%BA%E0%BC%8B%E0%BD%A3%E0%BE%9F%E0%BC%8B%E0%BD%96%E0%BD%A6%E0%BC%8B%E0%BD%93%E0%BC%8B%E0%BD%89%E0%BD%BC%E0%BD%93%E0%BC%8B%E0%BD%98%E0%BD%BC%E0%BD%84%E0%BD%A6%E0%BC%8B%E0%BD%82%E0%BD%9E%E0%BD%BC%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A2%E0%BE%9F%E0%BD%82%E0%BC%8B%E0%BD%8F%E0%BD%B4%E0%BC%8B%E0%BD%96%E0%BD%A6%E0%BD%98%E0%BC%8B%E0%BD%A6%E0%BE%A6%E0%BE%B1%E0%BD%BC%E0%BD%A2%E0%BC%8B%E0%BD%82%E0%BD%84%E0%BC%8B%E0%BD%A1%E0%BD%84%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%A2%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A3%E0%BE%A1%E0%BD%BC%E0%BD%82%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BE%B1%E0%BD%A0%E0%BD%BC%E0%BC%8D%20%E0%BC%8D]</ref>ཞེས་གསུངས་པ་ལྟར། ཉོན་མོངས་པ་སྤོང་བའི་གཉེན་པོ་བསྟེན་པ་ལས་ནམ་ཡང་ཕྱིར་ལྡོག་མི་རུང་བར་བསྟན་ནོ། །"ཉོན་མོངས་པའི་དགྲ་བོ་མ་ལུས་པ་གཞོམ་པའམ་སྤང་བའི་དོན་དུ་གཉེན་པོ་བསྟེན་པ་ལ་རྟག་ཏུ་ཕྱིར་མི་ལྡོག་པར་དམ་བཅས་ཏེ་བརྩོན་པས་འབད་པར་བྱ་དགོས་སོ། །"<ref>མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༢༢༨[https://wikisource.org/wiki/%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%9A%E0%BD%B2%E0%BD%82%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%98%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%84%E0%BD%A6%E0%BC%8B%E0%BD%96%E0%BE%B3%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%9E%E0%BD%A3%E0%BC%8B%E0%BD%A3%E0%BD%B4%E0%BD%84%E0%BC%8B%E0%BC%8D_%E0%BD%A6%E0%BE%9F%E0%BD%BC%E0%BD%91%E0%BC%8B%E0%BD%86%E0%BC%8D#:~:text=%E0%BD%89%E0%BD%BC%E0%BC%B7%E0%BD%93%E0%BC%8B%E0%BD%98%E0%BD%BC%E0%BC%B7%E0%BD%84%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%82%E0%BE%B2%E0%BC%8B%E0%BD%96%E0%BD%BC%E0%BC%8B%E0%BD%98%E0%BC%8B%E0%BD%A3%E0%BD%B4%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%82%E0%BD%9E%E0%BD%BC%E0%BC%B7%E0%BD%98%E0%BC%8B%E0%BD%94%E0%BC%B7%E0%BD%A0%E0%BD%98%E0%BC%8B%E0%BD%A6%E0%BE%A4%E0%BD%84%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%82%E0%BD%89%E0%BD%BA%E0%BD%93%E0%BC%8B%E0%BD%94%E0%BD%BC%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%BA%E0%BD%93%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%B7%E0%BC%8B%E0%BD%A2%E0%BE%9F%E0%BD%82%E0%BC%B7%E0%BC%8B%E0%BD%8F%E0%BD%B4%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%A2%E0%BC%B7%E0%BC%8B%E0%BD%98%E0%BD%B2%E0%BC%B7%E0%BC%8B%E0%BD%A3%E0%BE%A1%E0%BD%BC%E0%BD%82%E0%BC%B7%E0%BC%8B%E0%BD%94%E0%BC%B7%E0%BD%A2%E0%BC%8B%E0%BD%91%E0%BD%98%E0%BC%8B%E0%BD%96%E0%BD%85%E0%BD%A6%E0%BC%8B%20%E0%BD%8F%E0%BD%BA%E0%BC%8B%E0%BD%96%E0%BD%A2%E0%BE%A9%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A6%E0%BC%8B%E0%BD%A0%E0%BD%96%E0%BD%91%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BE%B1%E0%BC%B7%E0%BC%8B%E0%BD%91%E0%BD%82%E0%BD%BC%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D%20%E0%BC%8D]</ref>ཞེས་གསུངས་པས། ཕྱིར་མི་ལྡོག་པ་ནི་གཉེན་པོ་ལ་བརྩོན་པ་ལས་ནམ་ཡང་གཡོལ་བ་མེད་པའི་དོན་དུ་གོ་དགོས་སོ། །<br>
'''འཁོར་བ་ལས་ལྡོག་པ།'''
"འཁོར་བར་སྐྱེ་བའི་རྒྱུ་མ་རིག་པ་ས་བོན་དང་བཅས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་དྲུང་ནས་འབྱིན་པར་མཛད་པ་རྣམས་ནི་འཁོར་བར་མི་འགྱུར་ཏེ་རྒྱུ་མེད་པས་སོ། །"<ref>མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༥༣༧[https://wikisource.org/wiki/%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%82%E0%BD%B2%E0%BC%8B%E0%BD%9A%E0%BD%B2%E0%BD%82%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%98%E0%BC%8B%E0%BD%91%E0%BD%96%E0%BE%B1%E0%BD%84%E0%BD%A6%E0%BC%8B%E0%BD%96%E0%BE%B3%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%9E%E0%BD%A3%E0%BC%8B%E0%BD%A3%E0%BD%B4%E0%BD%84%E0%BC%8B%E0%BC%8D_%E0%BD%A6%E0%BE%9F%E0%BD%BC%E0%BD%91%E0%BC%8B%E0%BD%86%E0%BC%8D#:~:text=%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%96%E0%BD%A2%E0%BC%8B%E0%BD%A6%E0%BE%90%E0%BE%B1%E0%BD%BA%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BC%8B%E0%BD%98,%E0%BD%98%E0%BD%BA%E0%BD%91%E0%BC%8B%E0%BD%94%E0%BD%A6%E0%BC%8B%E0%BD%A6%E0%BD%BC%E0%BC%8D%20%E0%BC%8D]</ref>ཞེས་གསུངས་པ་ལྟར། མ་རིག་པའི་རྐྱེན་སྤངས་པས་འཁོར་བའི་རྒྱུན་ལས་ལྡོག་པར་འགྱུར་རོ། །
'''རིག་པའི་གནས་ལུགས་ཀྱི་སྐབས།'''
"སྣང་བའི་རང་བཞིན་སྟོང་ཉིད་རྣམ་གྲངས་ཀྱི་དོན་དམ་དང་ཀུན་རྫོབ་ནི་ལྡོག་པ་དེ་ཉིད་དུ་བརྗོད་དུ་མེད་ཅིང་ངོ་བོ་གཞན་དུ་བརྗོད་དུ་མེད་པ་སྟེ་བྱས་པ་དང་མི་རྟག་པ་བཞིན་ནོ། །"<ref>དཔའ་བོ་གཙུག་ལག་ཕྲེང་བ། སྤྱོད་འཇུག་གི་རྣམ་བཤད་ཐེག་ཆེན་ཆོས་ཀྱི་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༢༦༤[https://wikisource.org/wiki/%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%96%E0%BD%A4%E0%BD%91%E0%BC%8B%E0%BD%90%E0%BD%BA%E0%BD%82%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BC%8B%E0%BD%98%E0%BD%9A%E0%BD%BC%E0%BC%8D_%E0%BD%A6%E0%BE%9F%E0%BD%BC%E0%BD%91%E0%BC%8B%E0%BD%86%E0%BC%8D#:~:text=%E0%BD%A6%E0%BE%A3%E0%BD%84%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%A2%E0%BD%84%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BD%93%E0%BC%8B%E0%BD%A6%E0%BE%9F%E0%BD%BC%E0%BD%84%E0%BC%8B%E0%BD%89%E0%BD%B2%E0%BD%91%E0%BC%8B%E0%BD%A2%E0%BE%A3%E0%BD%98%E0%BC%8B%E0%BD%82%E0%BE%B2%E0%BD%84%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%91%E0%BD%BC%E0%BD%93%E0%BC%8B%E0%BD%91%E0%BD%98%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%80%E0%BD%B4%E0%BD%93%E0%BC%8B%E0%BD%A2%E0%BE%AB%E0%BD%BC%E0%BD%96%E0%BC%8B%E0%BD%93%E0%BD%B2%E0%BC%8B%E0%BD%A3%E0%BE%A1%E0%BD%BC%E0%BD%82%E0%BC%8B%E0%BD%94%E0%BC%8B%E0%BD%91%E0%BD%BA%E0%BC%8B%E0%BD%89%E0%BD%B2%E0%BD%91%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%96%E0%BD%A2%E0%BE%97%E0%BD%BC%E0%BD%91%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%98%E0%BD%BA%E0%BD%91%E0%BC%8B%E0%BD%85%E0%BD%B2%E0%BD%84%E0%BC%8B%E0%BD%84%E0%BD%BC%E0%BC%8B%E0%BD%96%E0%BD%BC%E0%BC%8B%E0%BD%82%E0%BD%9E%E0%BD%93%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%96%E0%BD%A2%E0%BE%97%E0%BD%BC%E0%BD%91%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%98%E0%BD%BA%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%A6%E0%BE%9F%E0%BD%BA%E0%BC%8B%E0%BD%96%E0%BE%B1%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%98%E0%BD%B2%E0%BC%8B%E0%BD%A2%E0%BE%9F%E0%BD%82%E0%BC%8B%E0%BD%94%E0%BC%8B%E0%BD%96%E0%BD%9E%E0%BD%B2%E0%BD%93%E0%BC%8B%E0%BD%93%E0%BD%BC%E0%BC%8D%20%E0%BC%8D]</ref>ཞེས་གསུངས་པ་ལྟར། སྣང་སྟོང་གཉིས་ངོ་བོ་གཅིག་ཡིན་ཡང་ལྡོག་པའི་སྒོ་ནས་ཐ་དད་དུ་འཇོག་པ་སྟོན་ནོ། །
==སྤྲོས་པ་ལྡོག་པའི་དོན།==
"འཁོར་བའི་ཆོས་ཐམས་ཅད་ལྡོག་པའི་ཆེད་དུ་ཡོན་ཏན་ཐམས་ཅད་བསྡུས་པ་ལ་བརྟེན་ཏེ་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་"<ref>ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༣༢༠[https://wikisource.org/wiki/%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%86%E0%BD%B4%E0%BD%96%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BE%B1%E0%BD%BC%E0%BD%91%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%A0%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%91%E0%BD%80%E0%BD%A0%E0%BC%8B%E0%BD%A0%E0%BD%82%E0%BE%B2%E0%BD%BA%E0%BD%A3%E0%BC%8D_%E0%BD%A6%E0%BE%9F%E0%BD%BC%E0%BD%91%E0%BC%8B%E0%BD%86%E0%BC%8D#:~:text=%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%90%E0%BD%98%E0%BD%A6%E0%BC%8B%E0%BD%85%E0%BD%91%E0%BC%8B%E0%BD%A3%E0%BE%A1%E0%BD%BC%E0%BD%82%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%86%E0%BD%BA%E0%BD%91%E0%BC%8B%E0%BD%91%E0%BD%B4%E0%BC%8B%E0%BD%A1%E0%BD%BC%E0%BD%93%E0%BC%8B%E0%BD%8F%E0%BD%93%E0%BC%8B%E0%BD%90%E0%BD%98%E0%BD%A6%E0%BC%8B%E0%BD%85%E0%BD%91%E0%BC%8B%E0%BD%96%E0%BD%A6%E0%BE%A1%E0%BD%B4%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A3%E0%BC%8B%E0%BD%96%E0%BD%A2%E0%BE%9F%E0%BD%BA%E0%BD%93%E0%BC%8B%E0%BD%8F%E0%BD%BA%E0%BC%8B%E0%BD%A6%E0%BD%84%E0%BD%A6%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%A6%E0%BC%8B%E0%BD%90%E0%BD%BC%E0%BD%96%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%96%E0%BE%B1%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%A2%E0%BC%8B]</ref>ཞེས་གསུངས་པ་ལྟར། འཁོར་བའི་ཆོས་རྣམས་ཟད་པར་བྱེད་པའམ་སྤངས་པ་ལ་ཡང་ལྡོག་པ་ཞེས་བརྗོད་དེ། འདི་ནི་སྤྲོས་པ་ཐམས་ཅད་ལས་ལྡོག་པའི་མྱང་འདས་ཐོབ་པའི་དོན་དུ་འཇུག་གོ །
==བསྡུས་དོན།==
ལྡོག་པ་ཞེས་པའི་ཐ་སྙད་འདི་ལ་གོ་དོན་གཙོ་བོ་གསུམ་ཡོད་དེ། དང་པོ་ནི་བརྩམས་པའི་ལས་ལས་ཕྱིར་ལྡོག་པ་སྟེ་འདི་ནི་སྤང་བྱའི་ཉེས་པ་ཞིག་ཡིན། གཉིས་པ་ནི་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཅེས་པའི་རིག་པའི་རྣམ་གཞག་སྟེ། དངོས་པོ་གཅིག་ལ་ཆ་ཤས་མི་འདྲ་བའི་སྒོ་ནས་ཕྱེ་བའི་དོན་ཡིན། གསུམ་པ་ནི་འཁོར་བའི་སྤྲོས་པ་ལས་ལྡོག་པ་སྟེ་མྱང་འདས་ཐོབ་པའི་དོན་དུ་འཇུག་པ་ཡིན་ནོ། །
==ལུང་ཁུངས།==
[[Category:མཚན་ཉིད་རིག་པ།]]
cty61jfaf0hyxbmxwl94tynv51cjn63
ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་
0
26656
161955
157528
2026-05-17T01:21:13Z
Pecha-Choedup
32801
161955
wikitext
text/x-wiki
{{databox}}
༄༅། །«ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་»ཞེས་བྱ་བའི་གཞུང་འདི་ནི། བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་འབྲུག་ཀུན་མཁྱེན་པདྨ་དཀར་པོས་མཛད་པ་ཞིག་ཡིན་ནོ༎ གཞུང་འདི་ནི་ནང་པ་སངས་རྒྱས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་ཀུན་གྱིས་ཞལ་འདོན་དུ་གྱུར་པ་«ཤེས་རབ་སྙིང་པོ་»ལ་འགྲེལ་བཤད་གནང་བའི་བསྟན་བཅོས་ཤིག་ཡིན་ཞིང་། འདིའི་ནང་སྟོང་པ་ཉིད་ཀྱི་ལྟ་བ་གཙོ་བོར་བསྟན་ཡོད་དོ༎ ལྷག་པར་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་དང་མཐུན་པར་མདོ་དོན་བཀྲལ་ཡོད་པས། ནང་ཆོས་ལ་གསར་དུ་འཇུག་མཁན་རྣམས་ཀྱིས་མདོ་དོན་གོ་བ་ལ་ཕན་ཐོགས་ཤིན་ཏུ་ཆེའོ༎ གཞུང་འདི་ནི་མདོའི་ཕྱོགས་སུ་གཏོགས་ཤིང་། དམིགས་ཡུལ་ནི་རྟེན་འབྱུང་དང་སྟོང་པ་ཉིད་ཀྱི་དོན་ཟབ་མོ་རྣམས་ལོག་རྟོག་མེད་པར་གསལ་བར་བྱེད་པའི་ཆེད་དུ་ཡིན་ནོ༎
== ༡. མཚན་དོན། ==
མཚན་བྱང་ཆ་ཚང་ལ་«ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་»ཞེས་ཞུའོ༎
== ༢. མཛད་པ་པོ། ==
གཞུང་འདི་མཛད་པ་པོ་ནི་འབྲུག་པ་བཀའ་བརྒྱུད་ཀྱི་གཙུག་རྒྱན་ཀུན་མཁྱེན་པདྨ་དཀར་པོ་ (༡༥༢༧-༡༥༩༢) མཆོག་ཡིན་ནོ༎ ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་མཁས་པའི་དབང་པོ་ཞིག་ཏུ་བརྩི་ཞིང་། རྒྱལ་དབང་འབྲུག་པ་སྐུ་ཕྲེང་བཞི་པ་ཡིན་ནོ༎ ཁོང་གིས་མདོ་སྔགས་རིག་གནས་དང་བཅས་པར་གཞུང་ལུགས་ཤིན་ཏུ་མང་པོ་མཛད་ཡོད་པས་ "ཀུན་མཁྱེན་" ཞེས་པའི་མཚན་གསོལ་ཏོ༎ ཁོང་གི་མཛད་རྗེས་ནི་འབྲུག་པ་བཀའ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་བ་ཙམ་མ་ཟད། བོད་ཀྱི་རིག་གནས་སྤྱི་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ཡིན་ནོ༎
== ༣. རྒྱབ་ལྗོངས་དང་མཛད་དགོས། ==
«ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་»འདི་མཛད་དགོས་པའི་རྒྱུ་མཚན་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཟབ་མོ་རྣམས་ཀྱི་སྙིང་པོ། «ཤེས་རབ་སྙིང་པོ་»ལ་འགྲེལ་པ་མང་པོ་ཡོད་ཀྱང་། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མའི་ལྟ་བ་དང་སྦྱར་ནས་གོ་བདེ་བའི་སྒོ་ནས་གསལ་བར་བྱེད་པའི་ཆེད་དུ་ཡིན་ནོ༎ ལྷག་པར་དུ་སྟོང་པ་ཉིད་ཀྱི་དོན་ལ་མཐའ་གཉིས་སུ་ལྷུང་བའི་ལོག་རྟོག་རྣམས་སེལ་བའི་ཆེད་དུ་མཛད་དོ༎
== ༤. གཞུང་ཚད་དང་བརྗོད་དོན། ==
འབྲུག་ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་«ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་»འདི་ནི་གཞུང་ཚད་ཆེས་མང་པོ་མེད་ཀྱང་། «ཤེས་རབ་སྙིང་པོ་»རྩ་བའི་མདོ་དོན་རྣམས་ས་བཅད་གསུམ་གྱི་སྒོ་ནས་གསལ་བར་བཀྲལ་ཡོད་དོ༎ དེ་དག་གི་ནང་དོན་བསྡུས་པ་ནི་གཤམ་གསལ་ལྟར་ཡིན་ནོ༎
=== '''༤.༡ ཀླད་ཀྱི་དོན།''' ===
ས་བཅད་འདིའི་ནང་ཐོག་མར་མཚན་གྱི་དོན་དང་། ལོ་ཙཱ་བའི་ཕྱག་བཅས་བསྟན་ཡོད་དོ༎ ཀུན་མཁྱེན་པདྨ་དཀར་པོས་མདོའི་མཚན་ "ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་" ཞེས་པའི་དོན་བཀྲོལ་བའི་སྐབས། འདི་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་སྙིང་པོར་བསྡུས་པ་ཡིན་པས་ན་ "སྙིང་པོ་" ཞེས་བཏགས་པ་ཡིན་ཚུལ་གསུངས་སོ༎ མཆོད་པར་བརྗོད་པའི་སྐབས་སུ་ཤེས་རབ་ཀྱི་ལྷ་མོ་ལ་བསྟོད་པ་དང་། བརྩམ་པར་དམ་བཅའ་བའི་སྒོ་ནས་གཞུང་འདི་མཛད་པའི་དགོས་པ་ནི་ཀླུ་སྒྲུབ་ཀྱི་དགོངས་པ་ལྟར་སྟོང་པ་ཉིད་ཀྱི་དོན་གསལ་བར་བྱ་བའི་ཕྱིར་ཡིན་ནོ༎
=== '''༤.༢ གཞུང་གི་དོན།''' ===
འདི་ནི་བསྟན་བཅོས་ཀྱི་དངོས་གཞི་ཡིན་ཞིང་། འདིའི་ནང་ས་བཅད་རིམ་པ་མང་པོའི་སྒོ་ནས་མདོ་དོན་བཀྲལ་ཡོད་དོ༎
* '''གླེང་གཞིའི་དོན།:''' བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་ལ་ཏིང་ངེ་འཛིན་ལ་བཞུགས་པ་དང་། སྤྱན་རས་གཟིགས་ཀྱིས་ཤེས་རབ་ཟབ་མོའི་སྤྱོད་པ་ལ་གཟིགས་པའི་ཚུལ་རྣམས་གསལ་བར་བཤད་དོ༎
* '''ཕུང་པོ་ལྔ་སྟོང་པར་བསྟན་པ།:''' འདིར་ "གཟུགས་སྟོང་པའོ། སྟོང་པ་ཉིད་གཟུགས་སོ" ཞེས་པ་སོགས་ཚིག་རྐང་བཞིའི་དོན་འགྲེལ་བའི་སྐབས། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོ་འདི་དག་རང་བཞིན་གྱིས་གྲུབ་པ་མེད་པར་བསྟན་ཡོད་དོ༎ དེ་ཡང་དངོས་པོའི་གནས་ལུགས་ལ་གཟུགས་ལས་ལོགས་སུ་སྟོང་པ་ཉིད་མེད་པ་དང་། སྟོང་པ་ཉིད་ལས་ལོགས་སུ་གཟུགས་མེད་པའི་ཚུལ་ཀླུ་སྒྲུབ་ཀྱི་རིགས་པ་དང་སྦྱར་ནས་བཤད་དོ༎
* '''ཆོས་ཀྱི་མཚན་ཉིད་སྟོང་པར་བསྟན་པ།:''' "ཆོས་ཐམས་ཅད་སྟོང་པ་ཉིད་དེ་མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ" ཞེས་སོགས་ཀྱི་དོན་བཀྲལ་བའི་སྐབས། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཐམས་ཅད་གདོད་མ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གནས་ལུགས་གསལ་བར་མཛད་དོ༎
* '''རྟེན་འབྱུང་དང་བདེན་བཞི་སྟོང་པར་བསྟན་པ།:''' མིག་ནས་ཡིད་ཀྱི་བར་གྱི་སྐྱེ་མཆེད་བཅུ་གཉིས་དང་། མིག་གི་ཁམས་ནས་ཡིད་ཤེས་ཀྱི་ཁམས་བར་གྱི་ཁམས་བཅོ་བརྒྱད། མ་རིག་པ་ནས་རྒ་ཤིའི་བར་གྱི་རྟེན་འབྱུང་ཡན་ལག་བཅུ་གཉིས། སྡུག་བསྔལ་དང་ཀུན་འབྱུང་སོགས་འཕགས་པའི་བདེན་པ་བཞི་བཅས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད་པར་བསྟན་ཏོ༎
* '''འབྲས་བུ་དང་སྔགས་ཀྱི་དོན།:''' ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྣམས་ཕྱིན་ཅི་ལོག་གི་སྒྲིབ་པ་ལས་ཐར་པ་དང་། དེའི་མཐུ་ལས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བཤད་དོ༎ ལྷག་པར་དུ་ "ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་དྷི་སྭཱ་ཧཱ" ཞེས་པའི་རིག་སྔགས་ཀྱི་དོན་བཀྲོལ་བའི་སྐབས། "ག་ཏེ་" དང་པོས་ཚོགས་ལམ། གཉིས་པས་སྦྱོར་ལམ། "པཱ་ར་ག་ཏེ་" ཡིས་མཐོང་ལམ། "པཱ་ར་སཾ་ག་ཏེ་" ཡིས་སྒོམ་ལམ། "བོ་དྷི་སྭཱ་ཧཱ" ཞེས་པས་མི་སློབ་ལམ་བཅས་ལམ་ལྔའི་རིམ་པ་རྣམས་མཚོན་པར་བྱེད་པ་གསུངས་སོ༎
=== '''༤.༣ མཇུག་གི་དོན།''' ===
འདིར་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཏེ་འཕགས་པ་སྤྱན་རས་གཟིགས་ལ་ "ལེགས་སོ་" ཞེས་བསྔགས་པ་བརྗོད་པ་དང་། མདོ་འདི་ལ་བརྟེན་ནས་ལྷ་དང་མི་ལ་སོགས་པའི་འཁོར་རྣམས་ཡི་རང་ཞིང་མངོན་པར་བསྟོད་པ་དང་། མཛད་པ་པོས་དགེ་བ་བསྔོ་བའི་ཚུལ་རྣམས་བསྟན་ཡོད་དོ༎
གཞུང་འདིའི་ནང་ཀུན་མཁྱེན་པདྨ་དཀར་པོས་དབུ་མའི་ལྟ་བ་དང་སྦྱར་ནས་ཚིག་དོན་ཤིན་ཏུ་གོ་སླ་ཞིང་དོན་བསྡུས་པའི་སྒོ་ནས་བཀྲལ་ཡོད་པས་ན། ཤེས་རབ་སྙིང་པོའི་དོན་ལ་རྨོངས་པ་སེལ་བའི་སྒྲོན་མེ་ལྟ་བུ་ཞིག་ཡིན་ནོ༎
== ༥. ལྟ་གྲུབ་གཙོ་བོ། ==
གཞུང་འདིའི་ལྟ་གྲུབ་གཙོ་བོ་ནི་དབུ་མ་ཐལ་འགྱུར་པ་དང་རང་རྒྱུད་པ་གང་རུང་གི་ལྟ་བའི་གནད་རྣམས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་དང་མཐུན་པར་བཀྲལ་བ་དེ་ཡིན་ནོ༎ ལྷག་པར་དུ་ "ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་" ཡིན་པའི་དོན་དེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་གསལ་བར་བསྟན་ཡོད་དོ༎ འདིར་སྣང་བ་དང་སྟོང་པ་གཉིས་ཟུང་འབྲེལ་དུ་རྟོགས་དགོས་པའི་གནད་ལ་ནན་བཤད་མཛད་དོ༎
== ༦. གལ་གནད་དང་ཤུགས་རྐྱེན། ==
གཞུང་འདི་ནི་འབྲུག་པ་བཀའ་བརྒྱུད་པའི་སློབ་གཉེར་བ་རྣམས་ལ་མཚོན་ན་མེད་དུ་མི་རུང་བའི་མདོ་འགྲེལ་ཞིག་ཡིན་ནོ༎ གསང་སྔགས་ཉམས་ལེན་བྱེད་པ་ལའང་ཐོག་མར་མདོའི་ལྟ་བ་སྟོང་པ་ཉིད་ལ་ངེས་པ་རྙེད་དགོས་པས། འགྲེལ་པ་འདིས་དེའི་གཞི་རྟེན་བརྟན་པོ་བཟོ་བར་བྱེད་དོ༎ བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སྤྱི་ལ་ཀུན་མཁྱེན་པདྨ་དཀར་པོའི་གསུང་རྣམས་ཚད་མར་འཛིན་པས། འགྲེལ་པ་འདིས་ཤེས་རབ་སྙིང་པོའི་དོན་ལ་བོད་དུ་བཞེད་པ་མི་འདྲ་བ་བྱུང་བ་རྣམས་ཀླུ་སྒྲུབ་ཀྱི་དགོངས་པ་དང་སྦྱར་ནས་གཅིག་ཏུ་བསྡུ་བའི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་དོ༎
== ༧. ཟུར་ལྟའི་ནང་དོན། ==
* ཤེས་རབ་སྙིང་པོ།
* འཕགས་པ་ཀླུ་སྒྲུབ།
* འབྲུག་ཀུན་མཁྱེན་པདྨ་དཀར་པོ།
* དབུ་མ་རིགས་ཚོགས།
* ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ།
== ༨. རྩ་འགྲེལ། ==
«ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ་»འདི་ནི་འགྲེལ་བའི་གཞུང་ཞིག་ཡིན་ནོ༎ འདིའི་རྩ་བའི་གཞུང་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་«བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་»ཞེས་བྱ་བའི་མདོ་དེ་ཡིན་ནོ༎ མདོ་འདི་ལ་རྒྱ་བོད་ཀྱི་མཁས་པ་མང་པོས་འགྲེལ་པ་མཛད་ཡོད་པ་ལས། འདི་ནི་ཀླུ་སྒྲུབ་ཀྱི་བཞེད་པ་གཙོ་བོར་བཟུང་བའི་འགྲེལ་བ་ཁྱད་པར་ཅན་ཞིག་ཡིན་ནོ༎
== ༩. དཔྱད་གཞིའི་ཡིག་ཆ། ==
=== ༡. ནང་ཁུལ་གྱི་དཔྱད་གཞིའི་ཡིག་ཆ། ===
* ཝི་ཀི་མ་ཡིག: ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ།
=== ༢. ཕྱི་ཕྱོགས་ཀྱི་དཔྱད་གཞིའི་ཡིག་ཆ། ===
* ནང་བསྟན་དཔེ་ཚོགས་ལྟེ་གནས། BDRC: [https://library.bdrc.io/show/bdr:IE10736?s=%2Fosearch%2Fsearch%3Fq%253D%2525E0%2525BD%2525A4%2525E0%2525BD%2525BA%2525E0%2525BD%2525A2%2525E0%2525BC%25258B%2525E0%2525BD%252595%2525E0%2525BE%2525B1%2525E0%2525BD%2525B2%2525E0%2525BD%252593%2525E0%2525BC%25258B%2525E0%2525BD%252582%2525E0%2525BE%2525B1%2525E0%2525BD%2525B2%2525E0%2525BC%25258B%2525E0%2525BD%2525A3%2525E0%2525BD%2525B4%2525E0%2525BD%252584%2525E0%2525BC%25258B%2525E0%2525BD%2525A3%2525E0%2525BC%25258B%2525E0%2525BD%2525A0%2525E0%2525BD%252587%2525E0%2525BD%2525B4%2525E0%2525BD%252582%2525E0%2525BC%25258B%2525E0%2525BD%252594%2525E0%2525BD%2525A0%2525E0%2525BD%2525B2%2525E0%2525BC%25258B%2525E0%2525BD%2525A6%2525E0%2525BE%252592%2525E0%2525BD%2525BC%2525E0%2525BC%25258B%2525E0%2525BD%25259E%2525E0%2525BD%2525BA%2525E0%2525BD%2525A6%2525E0%2525BC%25258B%2525E0%2525BD%252596%2525E0%2525BE%2525B1%2525E0%2525BC%25258B%2525E0%2525BD%252596%2525E0%2525BC%25258D&scope=bdr:UT10736_007_0006&openEtext=bdr:VE10736_007&startChar=195070#open-viewer ཤེས་རབ་སྙིང་པོའི་རྣམ་བཤད་ཀླུ་སྒྲུབ་ཀྱི་དགོངས་པ་གསལ་བར་བསྟན་པ།] (IE10736)
[[Category:ནང་ཆོས།]]
[[Category:བསྟན་བཅོས།]]
[[Category:བོད་གཞུང།]]
[[Category:ཤེར་ཕྱིན།]]
klgdi4fbs8jfwq89zve5b2fqo3g2shy
ཞང་རུའེ་ཤེན།
0
28023
161956
2026-05-17T05:39:25Z
Lantonlamtom
35715
Created by translating the page "[[:dz:Special:Redirect/revision/39778|ཞང་རུའེ་ཤེན།]]"
161956
wikitext
text/x-wiki
<templatestyles src="Module:Infobox/styles.css"></templatestyles>
ཀྲང་རུའུ་ཧྲེན་ (张瑞珅 དབྱིན་ཡིག: Alexander Rayshen Zhvanetsky-Zhang) ནི་ ༢༠༠༡ ལོའི་ཟླ་ ༩ ཚེས་ ༡༣ ཉིན་ཀོང་ཏུང་ཞིང་ཆེན་གྱི་ཧྲེན་ཀྲེན་གྲོང་ཁྱེར་དུ་སྐྱེས། ཁོང་ནི་མའོ་ཁའོ་ལག་རྩལ་སློབ་ཆེན་དང་། ཡུ་རོབ་མཐོ་རིམ་སློབ་གྲྭ། ཀྲེ་ཅང་རོལ་དབྱངས་སློབ་གླིང་བཅས་ནས་མཐར་ཕྱིན་པ་རེད། ཁོང་ནི་གཞས་མ་བརྩམས་མཁན་གཞོན་པ་དང་། གཞས་མ་བརྩམས་པ། རིག་ཚན་སྣ་ཚོགས་ཀྱི་སྒྱུ་རྩལ་པ་། བོད་ཀྱི་རིག་གནས་དང་ཀོང་ཏུང་རིག་གནས་སོགས་རིག་གནས་སྣ་མང་དར་སྤེལ་བྱེད་མཁན་གྱི་སྒྱུ་རྩལ་དང་རིག་གནས་དར་སྤེལ་བྱེད་མཁན་ཞིག་ཀྱང་ཡིན།
== མི་སྣ་ངོ་སྤྲོད། ==
ཀྲང་རུའེ་ཧྲེན་ནི་ནི་2001ལོའི་ཟླ་9ཚེས་13ཉིན་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཤིན་ཅེན་གྲོང་ཁྱེར་གྱི་རིག་གནས་སྣ་མང་ཅན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་ནི་གཞས་མ་བརྩམས་པ་དང་། གཞས་མ་བརྩམས་པ། རིག་ཚན་སྣ་ཚོགས་ཀྱི་སྒྱུ་རྩལ་པ་། ཞབས་བྲོའི་སྒྲིག་མཁན། ཁོང་ནི་ཨུ་རུ་སུའི་རོལ་དབྱངས་མཐུན་ཚོགས་དང་གན་རྒྱ་བཞག་པའི་གཞས་མ་བརྩམས་ཆོས་གཞོན་པ་ཞིག་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡའི་དཔེ་སྐྲུན་བདག་དབང་དང་འཁྲབ་སྟོན་ཐོབ་ཐང་ཚོགས་པའི་གཞས་ཚིག་རྩོམ་པ་པོ་ཞིག་ཀྱང་ཡིན། 2025ལོར་ཞང་རུའོ་ཧྲེན་ཧྲེན་ཀྲེན་གྲོང་ཁྱེར་གྱི་ནན་ཧྲན་རྫོང་རོལ་དབྱངས་ཚོགས་པའི་རླུང་འཕྲིན་རུ་ཁག་གི་དོ་དམ་འགན་འཛིན་དུ་བསྐོ་བཞག་བྱས། འཛམ་གླིང་རིག་གནས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་རིག་གནས
== སྒེར་གྱི་ཉམས་མྱོང་། ==
=== སྔ་དུས་ཀྱི་མི་ཚེ། ===
2020ལོར་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་གྱི་ཀྲེ་ཅང་རོལ་དབྱངས་སློབ་གླིང་དུ་ཞུགས་ནས་2024ལོར་མཐར་ཕྱིན་རྒྱུ་རེད
=== སྒྱུ་རྩལ་གྱི་ཉམས་མྱོང་། ===
2022ལོར་ཧྲེན་ཀྲེན་བྱིས་པའི་སྒྱུ་རྩལ་ཚོགས་པར་རོལ་དབྱངས་མདོ་འཛིན་པ་བྱས་ནས་ཀྲུང་གོ་སྐམ་ས་ཆེན་མོའི་བྱིས་པའི་རོལ་དབྱངས་འཁྲབ་སྟོན《མ་ལན་མེ་ཏོག》ཞེས་པའི་འཁྲབ་སྟོན་ནང་ཞུགས་ཡོད། ༢༠༢༥ལོར་ཁོང་གིས་ཁོང་གི་ཆེད་སྒྲིག་ཐོག་མ་"དཔའ་བོ་ཆུང་ཆུང་གི་རོལ་དབྱངས་"ཞེས་པ་དེ་འགྲེམ་སྤེལ་བྱས་པ་དང་། དེ་རྗེས་"རང་བྱུང་རིང་ལུགས་ཀྱི་ཆ་ཤས་"དང་། "རོལ་དབྱངས་ཀྱི་མཚན་མོ།" ཁོང་གི་གཞས་"Miracle Night Dance"ཞེས་པ་དེ་ལོ་དེ་རང་དུ་བརྩམས་པ་དང་། མའོ་ཀོའི་དགོང་མོའི་གླུ་གཞས་"Musical Night"ཞེས་པའི་གླུ་གཞས་དེའི་བརྗོད་གཞིའི་གཞས་ལ་འདེམས་སྒྲུག་བྱས་པ་དང་། ཟླ་བ་བཅུ་གཉིས་པའི་ནང་ཁོང་གིས་སྒྱུ་རྩལ་དང་འཕྲུལ་རིག་དངོས་བྱུང་གློག་བརྙན་"གྲོང་ཁྱེར་གྱི་མཐོང་སྣང་། ཤིན་ཅེན་"དང་"གྲོང་ཁྱེར་གྱི་མཐོང་སྣང་། ཤིན་ཅེན་༢"ཞེས་པའི་སྒྲ་འཇུག་ནང་མཉམ་ཞུགས་བྱས་པ་དང་། ཁོང་ཚོའི་རོལ་དབྱངས་བརྗོད་གཞིའི་ཆེད་སྒྲིག་"དྲ་རྒྱའི་འཛམ་གླིང་"ཞེས་པའི་བརྩམས་ཆོས་བརྩམས་མཁན་གཙོ་བོ་བྱས། ༢༠༢༦ ལོར་ཁོང་གིས་ཨེ་བྷི་བྷོ་-CLASSICAL ཁང་མིག་རོལ་དབྱངས་ཚོགས་པར་གླུ་གཞས་བརྩམས་ཆོས་བརྩམས་ཆོས་དང་ཀ་ལ་རི་ནེ་ཊི་གཏོང་མཁན་ཞིག་ཏུ་ཞུགས་ཡོད། ལོ་དེའི་ཟླ་དང་པོར་ཐའེ་ཝན་གྱི་ཟློས་གར《གདུགས་ནག་པོ། གདུགས་དཀར་པོ》ཞེས་པའི་ནང་དུ་མི་ངན་ཧོང་ཞེ་ཧའོ་ཡི་འཁྲབ་སྟོན་བྱས་ཡོད། ལོ་དེའི་ཟླ་བ་གཉིས་པའི་ནང་ཁོང་གིས་མཐོང་སྣང་སྒྱུ་རྩལ་གྱི་བརྙན་འཕྲིན་རིམ་པ་"Nemesis Media"ཞེས་པ་དེའི་ནང་ལག་ཆའི་ལྷ་ཨོ་ཌར་མི་ནུས་ཀྱི་འཁྲབ་སྟོན་བྱས་ཡོད།
== སྤྱི་ཚོགས་ལས་དོན། ==
2025ལོའི་ཟླ་1ཚེས་5ཉིན་ཞི་ཨན་ཨའེ་ཏུང་ཕན་ཚུན་རོགས་སྐྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ནུབ་རྒྱུད་རོལ་དབྱངས་ཚོགས་པའི་དམངས་ཁྲོད་ཚན་རིག་ལེ་ཚན་《རོལ་དབྱངས་ཚོགས་པའི་དེང་རབས་དང་ད་ལྟའི་དུས་རབས་》ཞེས་པའི་གཙོ་གནད་གསུང་བཤད་གནང་བ་རེད། “རོལ་དབྱངས་ནི་འགྲེམས་སྟོན་ཁང་གི་སྒྱུ་རྩལ་མིན།” 2025ལོའི་ཟླ་7ཚེས་5ཉིན་ཞི་ཨན་ཨའེ་ཏུང་ཤིང་ཕན་ཚུན་རོགས་རམ་ལྟེ་གནས་ཀྱིས་གཉེར་བའི་རོལ་དབྱངས་སྨན་བཅོས་དང་གསོ་བཅོས་ཉམས་མྱོང་ཟབ་སྦྱོང་"Echoes·Self: The Present Connection and Integration Experience in Music Co-creation"ཞེས་པའི་གླུ་གཞས་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་གཙོ་བོའི་གྲས་ཤིག་ཡིན། 2026ལོའི་ཟླ་1ཚེས་21ཉིན་ཁོང་གིས་ཤིན་ཅང་དང་ཧོང་ཀོང་གྲོང་ཁྱེར་གཉིས་ལྡན་/བཟོ་བཀོད་འགྲན་བསྡུར་ཐེངས་བཅུ་པར་ཞུགས་པ་དང་འགོ་འཛུགས་མཛད་སྒོའི་ཐོག་ཀ་ལ་རི་ནེཊ་གཏོང་མཁན་གྱི་འགན་འཁུར་ཡོད། 2026ལོའི་ཟླ་4ཚེས་26ཉིན་ནན་ཤན་རྫོང་རོལ་དབྱངས་ཚོགས་པ་དང་།
== ཕྱི་ཕྱོགས་འབྲེལ་མཐུད། ==
རྒྱལ་སྤྱིའི་རོལ་དབྱངས་དཔེ་མཛོད་ཁང་ [[scores:Category:Zhvanetsky-Zhang,_Alexander_Rayshen|།]]
གློག་བརྙན་དང་བརྙན་འཕྲིན [https://www.themoviedb.org/person/5931562 །]
== དཔྱད་གཞི། ==
<references responsive="" />
[[རིགས་དབྱེ།:རོལ་དབྱངས་མཁས་པ།]]
2lv0jqsz5oc5w06ydqmgvi4rknznljm
161957
161956
2026-05-17T05:50:16Z
Lantonlamtom
35715
161957
wikitext
text/x-wiki
<templatestyles src="Module:Infobox/styles.css"></templatestyles>
ཀྲང་རུའུ་ཧྲེན་ (张瑞珅 དབྱིན་ཡིག: Alexander Rayshen Zhvanetsky-Zhang) ནི་ ༢༠༠༡ ལོའི་ཟླ་ ༩ ཚེས་ ༡༣ ཉིན་ཀོང་ཏུང་ཞིང་ཆེན་གྱི་ཧྲེན་ཀྲེན་གྲོང་ཁྱེར་དུ་སྐྱེས། ཁོང་ནི་མའོ་ཁའོ་ལག་རྩལ་སློབ་ཆེན་དང་། ཡུ་རོབ་མཐོ་རིམ་སློབ་གྲྭ། ཀྲེ་ཅང་རོལ་དབྱངས་སློབ་གླིང་བཅས་ནས་མཐར་ཕྱིན་པ་རེད། ཁོང་ནི་གཞས་མ་བརྩམས་མཁན་གཞོན་པ་དང་། གཞས་མ་བརྩམས་པ། རིག་ཚན་སྣ་ཚོགས་ཀྱི་སྒྱུ་རྩལ་པ་། བོད་ཀྱི་རིག་གནས་དང་ཀོང་ཏུང་རིག་གནས་སོགས་རིག་གནས་སྣ་མང་དར་སྤེལ་བྱེད་མཁན་གྱི་སྒྱུ་རྩལ་དང་རིག་གནས་དར་སྤེལ་བྱེད་མཁན་ཞིག་ཀྱང་ཡིན།<ref>སྒྱུ་རྩལ་པ་ངོ་སྤྲོད།ཞང་རུའེ་ཤེན། https://www.art-mate.net/doc/88719 art-mate</ref>
== མི་སྣ་ངོ་སྤྲོད། ==
ཀྲང་རུའེ་ཧྲེན་ནི་ནི་2001ལོའི་ཟླ་9ཚེས་13ཉིན་རྒྱ་ནག་ཀོང་ཏུང་ཞིང་ཆེན་ཤིན་ཅེན་གྲོང་ཁྱེར་གྱི་རིག་གནས་སྣ་མང་ཅན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཁོང་ནི་གཞས་མ་བརྩམས་པ་དང་། གཞས་མ་བརྩམས་པ། རིག་ཚན་སྣ་ཚོགས་ཀྱི་སྒྱུ་རྩལ་པ་། ཞབས་བྲོའི་སྒྲིག་མཁན། ཁོང་ནི་ཨུ་རུ་སུའི་རོལ་དབྱངས་མཐུན་ཚོགས་དང་གན་རྒྱ་བཞག་པའི་གཞས་མ་བརྩམས་ཆོས་གཞོན་པ་ཞིག་ཡིན་པ་དང་། ཨོ་སི་ཁྲུ་ལི་ཡའི་དཔེ་སྐྲུན་བདག་དབང་དང་འཁྲབ་སྟོན་ཐོབ་ཐང་ཚོགས་པའི་གཞས་ཚིག་རྩོམ་པ་པོ་ཞིག་ཀྱང་ཡིན། 2025ལོར་ཞང་རུའོ་ཧྲེན་ཧྲེན་ཀྲེན་གྲོང་ཁྱེར་གྱི་ནན་ཧྲན་རྫོང་རོལ་དབྱངས་ཚོགས་པའི་རླུང་འཕྲིན་རུ་ཁག་གི་དོ་དམ་འགན་འཛིན་དུ་བསྐོ་བཞག་བྱས། འཛམ་གླིང་རིག་གནས་དང་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་སྒྱུ་རྩལ་རིག་གནས<ref>འབྱུང་མ་ཐུབ་པར་ཁ་གཏད་གཅོག་པ། ཀྲུང་གོའི་གྲོང་ཁྱེར་ཧྲེན་ཀྲེན་ནས་ཡོང་བའི་ན་གཞོན་རོལ་དབྱངས་མཁས་ཅན་ཞིག་གི་མ་ཁའོ་རུ་གསར་གཏོད་ཀྱི་འགྲུལ་བཞུད། https://sz.ifeng.com/c/8s9KaDsZtus ཕི་ནིཀ་སི་དྲ་ཚིགས་(ཧྲེན་ཇེན)</ref>
== སྒེར་གྱི་ཉམས་མྱོང་། ==
=== སྔ་དུས་ཀྱི་མི་ཚེ། ===
2020ལོར་ཀྲུང་གོའི་ཀྲེ་ཅང་ཞིང་ཆེན་གྱི་ཀྲེ་ཅང་རོལ་དབྱངས་སློབ་གླིང་དུ་ཞུགས་ནས་2024ལོར་མཐར་ཕྱིན་རྒྱུ་རེད
=== སྒྱུ་རྩལ་གྱི་ཉམས་མྱོང་། ===
2022ལོར་ཧྲེན་ཀྲེན་བྱིས་པའི་སྒྱུ་རྩལ་ཚོགས་པར་རོལ་དབྱངས་མདོ་འཛིན་པ་བྱས་ནས་ཀྲུང་གོ་སྐམ་ས་ཆེན་མོའི་བྱིས་པའི་རོལ་དབྱངས་འཁྲབ་སྟོན《མ་ལན་མེ་ཏོག》ཞེས་པའི་འཁྲབ་སྟོན་ནང་ཞུགས་ཡོད། ༢༠༢༥ལོར་ཁོང་གིས་ཁོང་གི་ཆེད་སྒྲིག་ཐོག་མ་"དཔའ་བོ་ཆུང་ཆུང་གི་རོལ་དབྱངས་"ཞེས་པ་དེ་འགྲེམ་སྤེལ་བྱས་པ་དང་། དེ་རྗེས་"རང་བྱུང་རིང་ལུགས་ཀྱི་ཆ་ཤས་"དང་། "རོལ་དབྱངས་ཀྱི་མཚན་མོ།" ཁོང་གི་གཞས་"Miracle Night Dance"ཞེས་པ་དེ་ལོ་དེ་རང་དུ་བརྩམས་པ་དང་། མའོ་ཀོའི་དགོང་མོའི་གླུ་གཞས་"Musical Night"ཞེས་པའི་གླུ་གཞས་དེའི་བརྗོད་གཞིའི་གཞས་ལ་འདེམས་སྒྲུག་བྱས་པ་དང་། ཟླ་བ་བཅུ་གཉིས་པའི་ནང་ཁོང་གིས་སྒྱུ་རྩལ་དང་འཕྲུལ་རིག་དངོས་བྱུང་གློག་བརྙན་"གྲོང་ཁྱེར་གྱི་མཐོང་སྣང་། ཤིན་ཅེན་"དང་"གྲོང་ཁྱེར་གྱི་མཐོང་སྣང་། ཤིན་ཅེན་༢"ཞེས་པའི་སྒྲ་འཇུག་ནང་མཉམ་ཞུགས་བྱས་པ་དང་། ཁོང་ཚོའི་རོལ་དབྱངས་བརྗོད་གཞིའི་ཆེད་སྒྲིག་"དྲ་རྒྱའི་འཛམ་གླིང་"ཞེས་པའི་བརྩམས་ཆོས་བརྩམས་མཁན་གཙོ་བོ་བྱས། ༢༠༢༦ ལོར་ཁོང་གིས་ཨེ་བྷི་བྷོ་-CLASSICAL ཁང་མིག་རོལ་དབྱངས་ཚོགས་པར་གླུ་གཞས་བརྩམས་ཆོས་བརྩམས་ཆོས་དང་ཀ་ལ་རི་ནེ་ཊི་གཏོང་མཁན་ཞིག་ཏུ་ཞུགས་ཡོད། ལོ་དེའི་ཟླ་དང་པོར་ཐའེ་ཝན་གྱི་ཟློས་གར《གདུགས་ནག་པོ། གདུགས་དཀར་པོ》ཞེས་པའི་ནང་དུ་མི་ངན་ཧོང་ཞེ་ཧའོ་ཡི་འཁྲབ་སྟོན་བྱས་ཡོད། ལོ་དེའི་ཟླ་བ་གཉིས་པའི་ནང་ཁོང་གིས་མཐོང་སྣང་སྒྱུ་རྩལ་གྱི་བརྙན་འཕྲིན་རིམ་པ་"Nemesis Media"ཞེས་པ་དེའི་ནང་ལག་ཆའི་ལྷ་ཨོ་ཌར་མི་ནུས་ཀྱི་འཁྲབ་སྟོན་བྱས་ཡོད།
== སྤྱི་ཚོགས་ལས་དོན། ==
2025ལོའི་ཟླ་1ཚེས་5ཉིན་ཞི་ཨན་ཨའེ་ཏུང་ཕན་ཚུན་རོགས་སྐྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱས་པའི་ནུབ་རྒྱུད་རོལ་དབྱངས་ཚོགས་པའི་དམངས་ཁྲོད་ཚན་རིག་ལེ་ཚན་《རོལ་དབྱངས་ཚོགས་པའི་དེང་རབས་དང་ད་ལྟའི་དུས་རབས་》ཞེས་པའི་གཙོ་གནད་གསུང་བཤད་གནང་བ་རེད། “རོལ་དབྱངས་ནི་འགྲེམས་སྟོན་ཁང་གི་སྒྱུ་རྩལ་མིན།” 2025ལོའི་ཟླ་7ཚེས་5ཉིན་ཞི་ཨན་ཨའེ་ཏུང་ཤིང་ཕན་ཚུན་རོགས་རམ་ལྟེ་གནས་ཀྱིས་གཉེར་བའི་རོལ་དབྱངས་སྨན་བཅོས་དང་གསོ་བཅོས་ཉམས་མྱོང་ཟབ་སྦྱོང་"Echoes·Self: The Present Connection and Integration Experience in Music Co-creation"ཞེས་པའི་གླུ་གཞས་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་གཙོ་བོའི་གྲས་ཤིག་ཡིན། 2026ལོའི་ཟླ་1ཚེས་21ཉིན་ཁོང་གིས་ཤིན་ཅང་དང་ཧོང་ཀོང་གྲོང་ཁྱེར་གཉིས་ལྡན་/བཟོ་བཀོད་འགྲན་བསྡུར་ཐེངས་བཅུ་པར་ཞུགས་པ་དང་འགོ་འཛུགས་མཛད་སྒོའི་ཐོག་ཀ་ལ་རི་ནེཊ་གཏོང་མཁན་གྱི་འགན་འཁུར་ཡོད། 2026ལོའི་ཟླ་4ཚེས་26ཉིན་ནན་ཤན་རྫོང་རོལ་དབྱངས་ཚོགས་པ་དང་།<ref>"Echoes of Self"—"རོལ་དབྱངས་མཉམ་དུ་གསར་གཏོད་བྱེད་པའི་དེང་རབས་ཀྱི་འབྲེལ་བ་དང་མཉམ་བསྲེས་"ཞེས་པའི་བརྗོད་གཞིའི་ཐོག་རོལ་དབྱངས་སྨན་བཅོས་དང་སྨན་བཅོས་བྱེད་པའི་བྱེད་སྒོ་ཞིག་ཤིན་ཅེན་དུ་སྤེལ་ཡོད། https://cnews.chinadaily.com.cn/a/202604/17/WS69e1fc92a310942cc49a82cd.html ཀྲུང་གོའི་ཉིན་རེའི་དྲ་ཚིགས།</ref>
== ཕྱི་ཕྱོགས་འབྲེལ་མཐུད། ==
རྒྱལ་སྤྱིའི་རོལ་དབྱངས་དཔེ་མཛོད་ཁང་ https://imslp.org/wiki/Category:Zhvanetsky-Zhang%2C_Alexander_Rayshen
གློག་བརྙན་དང་བརྙན་འཕྲིན https://www.themoviedb.org/person/5931562
== དཔྱད་གཞི། ==
<references responsive="" />
[[རིགས་དབྱེ།:རོལ་དབྱངས་མཁས་པ།]]
df8qr95mvtl6x05gggcsf1l7eqhlfup