Wikipedia
bowiki
https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
MediaWiki 1.47.0-wmf.3
first-letter
མི་ཌི་ཡ་།
དམིགས་བསལ།
བགྲོ་གླེང་།
སྤྱོད་མཁན།
སྤྱོད་མཁན་གྱི་ བགྲོ་གླེང་།
Wikipedia
Wikipedia བགྲོ་གླེང་།
ཡིག་ཆ།
ཡིག་ཆའི་ བགྲོ་གླེང་།
མི་ཌི་ཡ་ཝི་ཀི།
མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་།
དཔེ་པང་།
དཔེ་པང་གི་ བགྲོ་གླེང་།
རམ་འདེགས།
རམ་འདེགས་ཀྱི་ བགྲོ་གླེང་།
རིགས་དབྱེ།
རིགས་དབྱེའི་ བགྲོ་གླེང་།
TimedText
TimedText talk
Module
Module talk
Event
Event talk
སྤྱོད་མཁན།:Kunga tsundue/Sandbox/༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན།
2
27604
162001
161710
2026-05-22T14:14:55Z
Kunga tsundue
35407
/* ངོར་ཨེ་ཝྃ་ཆོས་ལྡན་གྱི་གདན་རབས་སུ་ཕེབ་ནས་བསྟན་པ་འཛིན་སྐྱོང་གནང་བའི་ཚུལ།། */
162001
wikitext
text/x-wiki
[[ཡིག་ཆ།:༸ངོར་ཤར་ཆེན་ཀླུ་སྡིང་མཁན་ཆེན་རྡོ་རྗེ་ཆང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག.jpg|thumb|༸ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག།།]]
== ༸སྐྱབས་མགོན་ངོར་༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་ནི། བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞིའི་ཡ་གྱལ་དཔལ་ལྡན་ས་སྐྱ་པའི་བླ་ཆེན་ཞིག་ཡིན་པ་དང་། ཡུམ་དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་གཅེན་མོ་༸རྗེ་བཙུན་འཆི་མེད་ཕྲིན་ལས་དང་། ཡབ་༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུའི་གཅུང་པོ་ཤར་ཆེན་ཀླུ་ལྡིང་པ་རིན་ཆེན་དབང་རྒྱལ་གྱི་སྲས་ཀྱང་ཡིན། དེར་བརྟེན་ཁོང་ལ་འཁོན་གྱི་འདུང་བརྒྱུད་དང་ཤར་ཆེན་ཀླུ་ལྡིང་པའི་གདུང་འརྒྱུད་གཉིས་ཀའི་བྱིན་རླབས་བཞུགས་ཡོད། སྤྱི་ལོ་ ༢༠༠༠ ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་ངོར་༸ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་དགོངས་པ་རྩེ་མཐུན་ཐོག་འཕགས་ཡུལ་ངོར་ཨེ་ཝཾ་ཆོས་ལྡན་དུ་༸ངོར་ཆེན་རྒྱལ་བའི་རྒྱལ་ཚབ་ངོར་གྱི་གདན་རབས་དོན་དྲུག་པའི་ཆོས་ཁྲིར་མངའ་གསོལ་མཛད། དེ་ནས་བཟུང་སྔ་ཕྱིར་བོད་ཕྱི་ནང་གི་གདན་ས་མང་པོར་ཞབས་བཅགས་ཏེ་གསུང་ངག་རིན་པོ་ཆེ་[[ལམ་འབྲས་]]གཙོ་བོར་གྱུར་པའི་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་བསྐོར་བཞིན་པ་ཡིན། ཁོང་ནི་དེང་དུས་དཔལ་ས་སྐྱའི་བླ་མ་སྐུ་བགྲེས་པའི་གྲས་ཡིན་པས། ༸སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་ཕུད་པའི་དཔལ་ས་སྐྱའི་བླ་མ་གཞན་རྣམས་ཁོང་གི་སློབ་མར་མ་གྱུར་པ་སུའང་མེད། དེང་རབས་ས་སྐྱ་པའི་བསྟན་པའི་ཀ་བ་ལྟ་བུ་ཞིག་ཡིན་པས། ཁོང་གི་སྐུ་ཚེ་དང་མཛད་འཕྲིན་ནི་བོད་ཀྱི་ནང་ཆོས་སྤྱི་དང་། ལྷག་པར་དུ་དཔལ་ངོར་ཝྃ་པའི་བཞེད་སྲོལ་མ་ཉམས་པར་གནས་པའི་སྲོག་ཤིང་ལྟ་བུ་ཆགས་ཡོད། ==
== སྐུ་འཁྲུངས་པའི་དུས། ==
དམ་པ་འདི་ཉིད་ནི། ཡབ་༸ཤར་ཆེན་ཀླུ་ལྡིང་པ་རིན་ཆེན་དབང་རྒྱལ་དང་། ཡུམ་སྒྲོལ་མ་ཕོ་བྲང་གི་༸རྗེ་བཙུན་མ་འཆི་མེད་ཕྲིན་ལས་གཉིས་ཀྱི་སྲས་སུ་རྒྱ་གར་རྡོ་རྗེ་གླིང་དུ་བོད་རབ་བྱུང་བཅུ་དྲུག་མེ་མོ་ལུག་ཕྱི་ལོ་ ༡༩༦༧ ཕྱི་ཟླ་ ༦ ཚེས་ ༡༢ ལ་སྐུ་འཁྲུངས།།
== གཞུང་ལུགས་ཐོས་བསམ་གནང་བའི་ཚུལ། ==
སྐུ་ན་ཆུང་ངུ་ནས་ཁུ་བོ་༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་ནས་ཀློག་ལེགས་ཐར་བསླབས་ཤིང་། ལོ་ངོ་ ༢༠ ལྷག་རིང་མདོ་སྔགས་རིགས་གནས་དང་ཁྱད་པར་དུ་ས་སྐྱ་པའི་གདམས་ངག་ཟབ་མོ་ལམ་འབྲས་སོགས་ལ་སྦྱངས་པ་མཐར་ཕྱིན་པ་གནང་ནས་རང་ལུགས་ཀྱི་ཆོས་སྤྱོད་སོགས་ཚེགས་མེད་དུ་མཁྱེན།དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭར་ཞུགས་ནས་མཁན་པོ་ཨ་པད་རིན་པོ་ཆེ་དང་། མཁན་པོ་མིག་དམར་ཚེ་རིང་གི་དྲུང་ནས་གཞུང་ཆེན་པོད་ཆེན་དྲུག་ལ་ཐོས་བསམ་མཐར་གསོན་པར་གནང་། གཞན་ཡང་མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་སོགས་ལས་གཞུང་ཆེན་བཅུ་གསུམ་སོགས་མདོ་ཕྱོགས་ཀྱི་ཟབ་ཆོས་མང་པོ་གསན་བསམ་མཛད།།
[[ཡིག་ཆ།:དེང་དུས་ཀྱི་དཔལ་ས་སྐྱའི་ཀྭ་ཆེན་རྣམ་པ།.jpg|thumb|དེང་དུས་ཀྱི་དཔལ་ས་སྐྱའི་བསྟན་འཛིན་གྱི་ཀྱེ་བུ་རྣམ་པ།།]]
== དགེ་ཚུལ་སློང་གི་སྡོམ་པ་བཞེས་པའི་ཚུལ།། ==
དགུང་གྲངས་བཅུ་བཞི་པར་ཉིད་ཀྱི་ཁུ་བོ་༧སྐྱབས་མགོན་ངོར་ཤར་ཆེན༸ཀླུ་ལྡིང་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མས་མཁན་པོ་དང་། སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེས་ལས་སློབ། ཁྲ་རིགས་རིན་པོ་ཆེས་དུས་བསྒོ་བ་མཛད་དེ། དགེ་ཚུལ་གྱི་བསླབ་པ་བཞེས་པའི་མཚན་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ཞེས་གསོལ། དགུང་གྲངས་ཉེར་གཅིག་པར་གནས་མཆོག་རྡོ་རྗེ་གདན་དུ་ཉིད་ཀྱི་ཁུ་བོ་༧སྐྱབས་མགོན་ངོར་ཤར་ཆེན༸ཀླུ་ལྡིང་མཁན་ཆེན་གྱིས་མཁན་པོ་དང༌། མཁན་ཆེན་ཀུན་དགའ་དབང་ཕྱུག་གིས་ལས་སློབ། མཁན་པོ་ལུང་རིགས་སེངྒེས་གསང་སྟོན་མཛད་དེ་དགེ་འདུན་གྲངས་ཚང་བའི་དབུས་སུ་ཚིགས་ཕྱི་མ་དགེ་སློང་གི་དངོས་པོ་བཞེས། དེ་ནས་བཟུང་སྟེ་བསླབ་གསུམ་མིག་འབྲས་བཞིན་བསྲུངས་ཏེ་བསྟན་པའི་མིག་རྒྱན་དུ་གྱུར་པ་ཁོ་ན་མཛད། དེ་ནས་བཟུང་བོད་ཕྱི་ནང་གང་སར་ཕེབས་ནས་འདུལ་བྱ་སྟོང་ཕྲག་མང་པོར་དགེ་ཚུལ་སློང་གི་སྡོམ་པ་གནང་དང་གནང་བཞིན་པའོ།།
== དབང་ལུང་གསན་བསམ་མཛད་པའི་ཚུལ།། ==
ཉིད་ཀྱི་སྐུ་ཞང་དཔལ་ས་སྐྱ་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་དང༌། ༸སྐྱབས་མགོན་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ཁུ་བོ་༸སྐྱབས་མགོན་ངོར་ཤར་ཆེན་༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་གསུམ་གཙོ་བོར་བསྟེན་ཏེ་[[ལམ་འབྲས་|ལམ་འབྲས]]་ཚོགས་སློབ་གཉིས་དང་། རྒྱུད་སྡེ་ཀུན་བཏུས། སྒྲུབ་ཐབས་ཀུན་བཏུས། ཁྱད་པར་དུ་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཀྱི་ཆོས་སྐོར་མ་ལུས་པ་བུམ་པ་གང་བྱོས་ཚུལ་དུ་གསན་ཏེ་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཏུ་བཞུགས།
== ངོར་ཨེ་ཝྃ་ཆོས་ལྡན་གྱི་གདན་རབས་སུ་ཕེབ་ནས་བསྟན་པ་འཛིན་སྐྱོང་གནང་བའི་ཚུལ།། ==
[[ཡིག་ཆ།:༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་ཆང་དང་ལྷན་དུ།།.jpg|thumb|༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་ཆང་དང་ལྷན་དུ་ངོར་གྱི་བླ་ཆེན་རྣམ་པ།།]]
e5ikeostqputu1yik3ocet6ij2hrvp5
162002
162001
2026-05-22T14:19:45Z

[[ཡིག་ཆ།:༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་ཆང་དང་ལྷན་དུ།།.jpg|thumb|༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་ཆང་ཆེན་པོ་མཆོག་དང་ལྷན་དུ་ངོར་ཨེ་ཝྃ་ཆོས་ལྡན་གྱི་བསྟན་བདག་བླ་ཆེན་རྣམ་པ།།]]
qay382j7css9shceuusb67gsihpocrz