Wikipedia bowiki https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D MediaWiki 1.47.0-wmf.7 first-letter མི་ཌི་ཡ་། དམིགས་བསལ། བགྲོ་གླེང་། སྤྱོད་མཁན། སྤྱོད་མཁན་གྱི་ བགྲོ་གླེང་། Wikipedia Wikipedia བགྲོ་གླེང་། ཡིག་ཆ། ཡིག་ཆའི་ བགྲོ་གླེང་། མི་ཌི་ཡ་ཝི་ཀི། མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་། དཔེ་པང་། དཔེ་པང་གི་ བགྲོ་གླེང་། རམ་འདེགས། རམ་འདེགས་ཀྱི་ བགྲོ་གླེང་། རིགས་དབྱེ། རིགས་དབྱེའི་ བགྲོ་གླེང་། TimedText TimedText talk Module Module talk Event Event talk དགེ་འདུན་ཆོས་འཕེལ། 0 3196 162329 154056 2026-06-20T14:08:54Z InternetArchiveBot 23708 Rescuing 1 sources and tagging 0 as dead.) #IABot (v2.0.9.5 162329 wikitext text/x-wiki {{merge|དགེ་འདུན་ཆོས་འཕེལ་}} [[File:Gendun Chophel.jpg|right|thumb|<center>དགེ་འདུན་ཆོས་འཕེལ།]] <br /> {| class="wikitable" |+མི་སྣའི་རགས་སྤྲོད !འཁྲུངས་འདས་ལོ !༡༩༠༣ལོར་ནས་༡༩༥༡་ལོར་ཧོར་ཟླ༨་པའི་ཚེའི་༡༤ཉིན |- |ཕ་ཡུལ |[[རེབ་གོང་།|རེབ་གོང]]་ཞོ་འོང |- |ཡབ་ཡུམ |ཡབ་སྔགས་འཆང་རྡོ་རྗེ། ཡུམ་པད་མ་སྐྱིད |- |མཚན་གཞན |རྡོར་བྲག་སྤྲུལ་སྐུ |- |མཚན་སྙན་གྲགས |རྩོམ་པ་པོ་གྲགས་ཅན། གངས་བོད་མི་ཆོས་རིང་ལུགས་པ་གྲགས་ཅན། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་གྲགས་ཅན། |- |མཁས་དབང་ ལོ་རྒྱུས |༡༩༠༧ ལོར་ཡབ་ཀྱི་མདུན་ནས་འབྲི་ཀློག་སྦྱངས། ༡༩༡༠ ལོར་ཡབ་འདས་ནས་རང་གི་བླ་བྲང་དུ་ཞུགས། ༡༩༡༡ ལོར་དགེ་འདུན་བསྟན་འཛིན་མདུན་དུ་གྲྭ་གྲས་སུ་ཞུགས་ཏེ་ཡེ་གེ་བསླབས། སུམ་རྟགས་དང་། སྙན་ངག བརྡ་དག་སོགས་ཕྱིན་པར་སྦྱངས། ༡༩༢༡ ལོར་དུ་དྷི་ཚ་དགོན་པར་བསྡུས་གྲྭ་དང་རིགས་ལམ་སྐོར་ལ་ཐོས་བསམ་བྱས། ༡༩༢༣ ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚད་མའི་གཞུང་ལ་སྦྱངས། ༡༩༣༡ ལོར་སྐུ་འབུམ་བརྒྱུད་དེ་ལྷ་སར་ཕེབས། ༡༩༣༤ ལོར་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ནས རྗེ་ཤེས་རབ་རྒྱ་མཚོའི་དྲུང་དུ་མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱངས་ཏེ་མཁས་པའི་སྙན་གྲགས། ༡༩༣༨ ལོར་རྒྱ་གར་གྱི་རི་མ་མཁས་པ་གཅིག་དང་དཔར་འདེབས་མཁན་གཅིག་བཅས་ལྷན་དུ་བོད་དུ་བྱོན་ཏེ་ས་སྐྱ་ སོགས་དབུས་གཙམ་གི་དགོན་རྙིང་ཁག་ཏུ་རྒྱ་དཔེ་བཞུགས་པའི་དཔེ་ཐོ་ཞིབ་ཚགས་བཀོད་དེ་ཕྱིར་རྒྱ་གར་དུ་སླེབས་ཤིང་། ༡༩༣༩ ལོར་ནས་༡༩༤༡ལོར་དེབ་ཐེར་སྔོན་པོ་ཨུརུ་སུའི་རི་མོ་བ་རོལ་རིག་ཅེས་པ་དང་མཉམ་དུ་དབྱིན་ཡིག་ཏུ་བསྒྱུར། ༡༩༤༢ ལོར་བོད་ཀྱི་ལོ་རྒྱུས་སྐོར་རེ་འགའ་བསྒྱུར་གནང་མཛད་ལ། ཁྱད་པར་དུ་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་རྩ་ཆེ་བའི་སྐོར་བསྡུ་རུབ་ མཛད་དེ་བོད་ཀྱི་ལོ་རྒྱུས་ཤིག་འབྲི་བའི་དགོངས་པ་ཤར། ༡༩༤༥ ལོར་ཕྱིར་ལྷ་སར་ལོག ལོ་རྒྱུས་འབྲི་བའི་མཐུན་རྐྱེན་འཛོམས་ཐོག་ཧོར་ཁང་བསོད་ནམས་དཔལ་འབར་དང་ཆབས་ཅིག་ར་མ་སྒང་གི་རྡོ་རིང་ཡི་གེ་ངོ་བཤུས་དང་ལྡེབས་རིས་སོཊ་ལ་ཞིབ་འཇུག་བྱས། ༡༩༤༦ ལོར་ཟླ་བཞི་པའི་ནང་བཀའ་ཤག་དང་དབྱིན་ཇི་བའི་མ་ཉེས་ཁ་གཡོག་གི་དབང་གིས་བཙོན་དུ་བཟུང་སྟེ་ལོ་གསུམ་ཙམ་ལ་སྡོད་ དགོས་བྱུང་། ༡༩༤༩ ལོར་བཙོན་གྲོལ་བྱུང་མོད་ཐུགས་རབ་ཏུ་སྐྱོ་སྟེ་ཆང་རག་སོགས་ཚད་མེད་དུ་བཏུང་ལ། སྤྱོད་ལམ་སོགས་ལ་ཆ་འཇོག་མེད་པ་ཞིག་ ཏུ་ཆགས། ༡༩༥༡ ལོ་དུས་ཙམ་ན། བཞེས་རག་སོགས་ཀྱི་རྐྱེན་པས་ལུས་ལ་ཆུ་སྐྲང་གསོག ༡༩༥༡ ལོའི་ཟླ༨ ཚེས༡༤ ཙམ་དུ་ལྷ་ས་རུ་སྐུ་གཤེགས། |} == '''དང་པོ། སྐུ་འཁྲུངས་པ་དང་བོད་དུ་སློབ་གཉེར་བྱས་པའི་སྐོར།''' == ཁོང་ནི་ཡོངས་གྲགས་སུ། ༡༩༠༣ ལོར་རེབ་གོང་ཞོ་འོང་དཔྱི་ས་ཞེས་པར་ཡབ་སྔགས་འཆང་རྡོ་རྗེ་དང་ཡུམ་པདྨ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། རྡོར་བྲག་སྤྲུལ་སྐུ་ཡང་འབོད་པར་བཤད། དགུང་གྲངས་བཞི་ཙམ་ནས་ཡབ་ཀྱི་མདུན་དུ་འབྲི་ཀློག་སྦྱངས་ཤིང་། ཐོས་བསམ་ལ་ཐོག་མར་འཇུག་པར་བཤད ། ལོ་གྲངས་བདུན་པའི་དུས་སུ་ཡབ་འདས་པར་གྱུར་པས་རང་གི་བླ་བྲང་དུ་བཞུགས། དགུང་ལོ་བརྒྱད་དགུའི་སྟེང་དགེ་འདུན་བསྟན་འཛིན་ཞེས་པའི་སར་ཡི་གེ་བསླབས་ཤིང་རིམ་བཞིན་དགོན་པའི་གྲྭ་གྲས་སུ་ཞུགས་ཏེ་སུམ་རྟགས་དང་། སྙན་ངག བརྡ་དག་སོགས་ལ་གསན། དགུང་ལོ་'''བཅོ་ལྔ་ཙ'''མ་དུ་ངྷི་ཚ་དགོན་པར་ཕེབས་ཏེ་བསྡུས་གྲྭ་དང་རིགས་ལམ་སྐོར་ལ་ཐོས་བསམ་བྱས །དེ་རྗེས་དགུང་གྲངས་'''བཅུ་བདུན་'''ཙམ་དུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་བཞུགས་ཏེ་ཚད་མའི་གཞུང་ལ་སྦྱངས་པ་མཛད་ཅིང་། རྩོད་པའི་དུས་སུ་རིགས་ལམ་ཕྲ་མོ་དག་ལ་བརྟེན་ནས་འཇམ་བཞད་ཡིག་ཆ་ཡང་ཁས་མི་ལེན་པ་རང་གིས་ཅི་བསམ་སྨྲས་པ་སོགས་ཀྱིས་རྐྱེན་བྱས་ཏེ། དགོན་པའི་གྲྭ་པ་ཚོ་དང་འགལ་བ་དྲག་པོ་བྱུང་ནས་ས་དེ་དང་འབྲལ་དགོས་པ་བྱུང་། དགུང་གྲངས'''་ཉེར་ལྔ་'''ཙམ་ན་སྐུ་འབུམ་བརྒྱུད་དེ་ལྷ་སར་ཕེབས། དེ་རུ་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁང་ཚན་དུ་ཞུགས་ནས་རྗེ་ཤེས་རབ་རྒྱ་མཚོའི་དྲུང་དུ་སློབ་གཉེར་བྱས། མདོ་སྔགས་གཞུང་ལུགས་ཀུན་ལ་སྦྱངས་ཏེ་མཁས་པའི་སྙན་པ་ཀུན་ཏུ་ཁྱབ་པར་གྱུར ། དེ་ནས་ཁོང་གི་རྒྱལ་ཁམས་གསེར་ཐང་ལས། འབྲས་སྤུངས་སུ་ལོ་བདུན་ཙམ་སོང་བ་ན། རྒྱ་གར་ནས་པཎྜི་ཏ་ར་ཧུ་ལ་བྱ་བ་ཞིག་བོད་དུ་བྱོན་པ་དང་འཕྲད་ནས་འགྲོ་བའི་སྐུལ་མ་བཏབ་པ་བཞིན་འདོད་ཐོག་ཏུ་སྨིན་ཏེ་ཆས་སོ། ། ཞེས་པ་ལྟར། དམ་པ་འདི་དེ་རུ་འདུག་འདོད་དེ་འདྲ་མེད་པ་དང་། ཁྱད་པར་ཕྱི་རོལ་གྱི་ཡུལ་གྲུ་ལ་རྒྱུས་ལོན་གྱི་འདོད་པ་ཆེ་བས། སྔ་ཕྱིར་འཕན་ཡུལ་དང་སྟག་ལུང་། ར་སྒྲེང་། རྒྱལ་རྩེ། ཞ་ལུ། བཀྲ་ཤིས་ལྷུན་པོ་སོགས་སུ་གནས་གཟིགས་སུ་ཕེབས་ཤིང་། དེ་ནས་[[ལེགས་སྦྱར་སྐད་]]སྦྱོང་བའི་མགོ་ཚུགས་ལ ། དེ་འཕྲོར་རྒྱ་གར་ལ་བྱོན། རྒྱ་གར་དུ་ལེགས་སྦྱར་སྐད་ལ་བྱང་ཆུབ་པར་གྱུར་ཅིང་། ཆོས་ཀྱི་ཚིགས་སུ་བཅད་པ་དང་། ར་མ་ཡ་ཎའི་རྟོགས་བརྗོད ། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར། དཔལ་ལྡན་ནག་པོའི་གླུ་སོགས་བོད་ཡིག་ཏུ་བསྒྱུར། ༡༩༣༨ ལོར་རྒྱ་གར་གྱི་རི་མོ་མཁས་པ་གཅིག་དང་། དཔར་འདེབས་མཁན་གཅིག་བཅས་ལྷན་དུ་བོད་དུ་བྱོན་ཏེ་ས་སྐྱ་སོགས་དབུས་གཙང་གི་དགོན་རྙིང་ཁག་ཏུ་རྒྱ་དཔེ་བཞུགས་པའི་དཔེ་ཐོ་ཞིབ་ཚགས་བཀོད་དེ་ཕྱིར་རྒྱ་གར་དུ་སླེབས་ཤིང་། དེ་ག་ནས་ཨུ་རུ་སུའི་རི་མོ་བ་རོལ་རིག་ཅེས་པ་དང་མཉམ་དུ་ ༼ དེབ་ཐེར་སྔོན་པོ། ༽དབྱིན་ཡིག་ཏུ་བསྒྱུར་རོགས་མཛད་དེ་ལོ་གསུམ་ལྷག་བཞུགས། == '''གཉིས་པ། སྐུ་ཚེ་སྨད་ཀྱི་སྐོར།''' == ༡༩༤༢ ལོ་ནས་བཟུང་བོད་ཀྱི་ལོ་རྒྱུས་ལ་སྤྲོ་བ་རྒྱས་ཏེ་རྒྱའི་ཡིག་ཚང་ལས་བོད་ཀྱི་ལོ་རྒྱུས་སྐོར་རེ་འགའ་བསྒྱུར་གནང་མཛད་ལ། ཁྱད་པར་དུ་ཏུན་ཧོང་ནས་ཐོན་པའི་ཡིག་ཆ་སོགས་རྩ་ཆེ་བའི་སྐོར་བསྡུ་རུབ་མཛད་དེ་བོད་ཀྱི་ལོ་རྒྱུས་ཤིག་འབྲི་བའི་དགོངས་པ་ཤར་ཏེ། སྤྱི་ལོ་ ༡༩༤༥ ལ་ཕྱིར་ལྷ་སར་ལོག ལོ་དེར་ལོ་རྒྱུས་འབྲི་བའི་མཐུན་རྐྱེན་འཛོམས་ཐོག་ཧོར་ཁང་བསོད་ནམས་དཔལ་འབར་དང་ཆབས་ཅིག་ར་མ་སྒང་གི་རྡོ་རིང་ཡི་གེ་ངོ་བཤུས་དང་ལྡེབས་རིས་སོཊ་ལ་ཞིབ་འཇུག་བྱས་མོད། ༡༩༤༦ ལོའི་ཟླ་པ་བཞི་པའི་ནང་བཀའ་ཤག་དང་དབྱིན་ཇི་བའི་མ་ཉེས་ཁ་གཡོག་གི་དབང་གིས་བཙོན་དུ་བཟུང་སྟེ་ལོ་གསུམ་ཙམ་ལ་སྡོད་དགོས་བྱུང་། དེའི་རིང་ལ་ལུས་སེམས་གཉིས་ཀྱི་ཐད་མནར་བར་བྱས་པས། ༡༩༤༩ ལོར་བཙོན་གྲོལ་བྱུང་མོད་ཐུགས་རབ་ཏུ་སྐྱོ་སྟེ་ཆང་རག་སོགས་ཚད་མེད་དུ་བཏུང་ལ། སྤྱོད་ལམ་སོགས་ལ་ཆ་འཇོག་མེད་པ་ཞིག་ཏུ་ཆགས་ཤིང་། ཁོང་གི་གསུང་ལས། འཛམ་གླིང་ན་དཀོན་པའི་བཻཌཱུརྱའི་རིན་པོ་ཆེ་ཞིག་རྡོ་ལ་བརྡབས་སོང་། ཟེར་བ་ལྟར་གྱུར། དེ་རྗེས་བཀའ་ཤག་གིས་རྒྱལ་རབས་དེབ་ཐེར་དཀར་པོ་དེའི་མཇུག་བསྐྱངས་དགོས་པར་བཀའ་ཕབ་ཀྱང་། རྐྱེན་དེ་དག་གིས་ཁོང་གི་གསུང་རྩོམ་གྲགས་ཅན་དེ་ཡང་མཇུག་མ་གྲུབ་པར་ང་ཚོའི་མཐོང་ཆོས་སུ་གྱུར་པ་འདི་ལྟར་ལགས། == '''གསུམ། ཚེ་ལས་འདས་པ།''' == ༡༩༥༡ ལོ་དུས་ཙམ་ན། བཞེས་རག་སོགས་ཀྱི་རྐྱེན་པས་ལུས་ལ་ཆུ་སྐྲང་གསོག་ཅིང་། ཉིན་ཞིག་ན་རང་གི་སྐུ་ཟླ་ཚེ་བརྟན་གཡུ་སྒྲོན་ལ་སྡེ་བ་གཞུང་གིས་ཕྱིར་སྤྲད་པའི་གསུང་རྩོམ་ལྕགས་སྒམ་གང་པོ་བཅོལ་གདམས་བྱེད་ཞོར། གསུང་རྩོམ་དག་ཧོར་ཁང་བསོད་ནམས་དཔལ་འབར་ལ་སྐུར་དགོས་པར་གདམས ། ༡༩༥༡ ལོའི་ཟླ ༨ ཚེས ༡༤ ཙམ་དུ་ལྷ་ས་རུ་སྐུ་གཤེགས་སོ ། ། == '''བཞི། བརྩམས་ཆོས་ཀྱི་སྐོར།''' == ཁོང་གིས་བརྩམས་གནང་མཛད་པའི་སྐོར་ལ་མང་པོ་ཞིག་བོར་བརླག་ཏུ་གྱུར་ཚར་བར་བཤད་ཅིང་། ཕལ་ཆེ་བའི་མིང་ཞིག་བཀོད་ན།[[༼ ཕྱི་རོལ་པའི་གྲུབ་མཐའི་རྣམ་གཞག༽]][[༼དེབ་ཐེར་དཀར་པོ།༽]][[༼ཀླུ་སྒྲུབ་དགོངས་རྒྱན།༽]][[༼རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།༽]][[༼ སིངྒ་ལའི་ལམ་ཡིག༽]][[༼རྒྱ་གར་གནས་ཆེན་བརྒྱད་ཀྱི་ལམ་ཡིག༽]] [https://web.archive.org/web/20111018085237/http://www.dobum.org/index.php?option=com_content&task=view&id=17&Itemid=32 ༼འདོད་པའི་བསྟན་བཅོས།༽][[༼རྒྱ་གར་གནས་ཡིག༽]][[༼འཛམ་གླིང་རྒྱས་བཤད།༽]][[༼ ཧི་མ་ལ་ཡའི་བསྟན་བཅོས།༽]][[༼སྒྲའི་ཟིན་བྲིས།༽]]སྙན་ངག་སོགས་མང་དུ་འདུག་ལ། བོད་འགྱུར་སྐོར་ལ[[༼ ཆོས་ཀྱི་ཚིགས་སུ་བཅད་པ།༽]][[༼ར་མ་ཡ་ཎའི་རྟོགས་བརྗོད།༽]][[༼ ལེགས་ལྡན་ནག་པོའི་གླུ༽]]༼[[བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་]]༽ དབྱིན་འགྱུར་སྐོར་ལ[[༼ དེབ་ཐེར་སྔོན་པོ། ༽]][[༼ སྤྱོད་འཇུག་ཆེན་མོ། ༽]]སོགས་ཡོད་པ་ཞིབ་ཏུ་མ་སྤྲོས་སོ། ། == '''དཔྱད་གཞིའི་དཀར་ཆག''' == == '''ད་དུང་གཟིགས།''' == དགེ་འདུན་ཆོས་འཕེལ་ནི། བོད་རེབ་གོང་ཞོ་འཕོང་དུ་ཡབ་ཨ་ལགས་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། ཡབ་གཤེགས་པའི་རྗེས་སུ་གཡའ་མ་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས། དེར་སུམ་རྟགས་དང་སྙན་ངག་སོགས་སྦྱངས། དགུང་ལོ་བཅོ་ལྔ་ནས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཞུགས་ཏེ། བསྡུས་གྲྭ་ནས་བཟུང་སྟེ་མཚན་ཉིད་ཀྱི་གཞུང་ལ་སློབ་གཉེར་གནང་། དགུང་ལོ་བཅུ་དགུའི་སྐབས་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་དགེ་འདུན་ཆོས་འཕེལ་གསོལ། བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་ཚད་མ་དང་ཕར་ཕྱིན་ལ་སྦྱངས་པ་མཛད། དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས་པས་མཁས་པའི་གྲགས་པ་ཕྱོགས་སུ་ཁྱབ། དགུང་ལོ་སུམ་ཅུའི་སྐབས་པཎྜི་ཏ་ར་ཧུ་ལས་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། ཝ་ར་ནཱ་སི་སོགས་ལས་ལེགས་སྦྱར་གྱི་སྐད་ལ་སྦྱངས། སིང་ག་ལའི་སཾ་སྐྲི་ཏའི་སློབ་གྲྭ་ཆེན་མོ་ཞིག་ཏུ་ལོ་གཅིག་ལྷག་ལ་སློབ་གཉེར་མཛད་པས་མཁས་པའི་ཡང་རྩེར་སོན། པཎྜི་ཏ་ར་ཧུ་ལ་དང་མཉམ་དུ་བོད་ལ་ཕེབས་ནས་ས་སྐྱ་སོགས་དགོན་གནས་རྙིང་པ་རྣམས་སུ་རྒྱ་དཔེ་ཇི་ཙམ་བཞུགས་པ་གཟིགས་ཞིབ་ཐོག་དཔེ་ཐོ་དཀར་ཆག་ཞིབ་ཚགས་བཀོད་དེ་སླར་ཡང་རྒྱ་གར་དུ་ཕེབས། དགུང་ལོ་ཞེ་གཉིས་པར་ཁྲི་བྱང་རིན་པོ་ཆེ་དང་ཀ་ཤོད་པ་གཉིས་ཀས་གདན་འདྲེན་ཞུས་པ་ལྟ་བོད་དུ་ཕྱིར་ཕེབས། དགུང་ལོ་ཞེ་བཞི་པར་བཙོན་དུ་བཅུག ། དགུང་ལོ་ཞེ་དྲུག་པར་བཙོན་ཁང་ནས་བཏང་རྗེས་སློབ་མ་སྐོར་ཞིག་ལ་སློབ་ཁྲིད་མཛད་ནས་དུས་འདའ་བར་མཛད། ཁོང་ནི་ཤེས་རབ་ཆེ་ཞིང་། ཐོས་རྒྱ་ཆེ་བ། མདོ་སྔགས་རིག་གནས་གང་ལའང་མཁས་པའི་རྩེར་སོན་པ་ཞིག་སྟེ། ཁོང་གིས་འཆད་རྩོད་རྩོམ་པའི་མཛད་པའི་གྲགས་སྙན་འཛམ་གླིང་དུ་ཁྱབ་ཡོད། ༡༩༥༡ ལོའི་ཧོར་ཟླ་བརྒྱད་པའི་ཚེས་ ༡༤ དགོང་དྲོ་དུས་ཚོད་བཞི་པ་ཙམ་ལ་ལྷ་ས་དགའ་རུ་ཤར་དུ་སྐུ་གཤེགས་སོ། །ད་ལྟ་ཁོང་གི་གསུང་རྩོམ་ལག་སོན་བྱུང་བ་ཆོས་ཚན་ཉེར་བཞི་བཞུགས་ལ། བསྒྱུར་རྩོམ་ལ་ཆོས་ཚན་དགུ་བཞུགས། == '''ཕྱི་ཕྱོགས་དྲ་མཐུད།''' == * [https://web.archive.org/web/20120912035737/http://www.gdqpzhx.com/english/ དགེ་འདུན་ཆོས་འཕེལ། (དབྱིན་ཇིའི་སྐད།)] * [https://web.archive.org/web/20151202063943/http://www.angrymonkthefilm.ch/en/gendun_choephel/ དགེ་འདུན་ཆོས་འཕེལ།] * [https://web.archive.org/web/20110923193314/http://dawashonu.blogspot.com/2010/08/blog-post_3975.html/ བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།] ཟླ་བ་གཞོན་ནུས། *དུས་རབས་ཉི་ཤུའི་གངས་ལྗོངས་དགེ་སློང་གྲགས་ཅན་དགེ་འདུན་ཆོས་འཕེལ། http://www.tibet.cn/cn/cloud/xszypk/b/201710/t20171024_4593579.html [[Category:མི་སྣ།]] [[Category:སྙན་ངག་པ།]] [[Category:བོད་ཀྱི་མཁས་དབང་།]] [[Category:བོད་རིག་པ།]] [[Category:རྩོམ་པ་པོ་གྲགས་ཅན]] [[Category:ལོ་ཙཱ་བ།]] [[Category:བོད་པའི་རི་མོ་བ]] dks3xrt03gg1r53ua0h6t6z8ystzp4x བདེ་སྐྱིད་ལྡན་པའི་སྡོང་བོའི་གྲོགས་ 0 22426 162330 148970 2026-06-20T15:21:57Z InternetArchiveBot 23708 Rescuing 1 sources and tagging 0 as dead.) #IABot (v2.0.9.5 162330 wikitext text/x-wiki '''བདེ་སྐྱིད་ལྡན་པའི་སྡོང་བོའི་གྲོགས'''(Happy Tree Friends)ནི་མོང་ཏུའོ་སྨྱན་སྦྱོར་གྱིས་གསར་རྩོམ་བྱས་པའི་ཨ་མེ་རི་ཁ་དང་ཧྥི་ལི་ཕིན་གྱི་འགུལ་རིས་གློག་བརྙན་དྲ་རྒྱའི་བརྙན་འཕྲིན་ཟློས་གར་ཞིག་རེད།. འཁྲབ་སྟོན་འདི་[[:en:G4|G4]]དང་[[:en:YouTube|YouTube]]ཡི་རྗེས་སུ་འབྲངས་ནས་ལོག་ཆོས་ཤིག་མངོན་འགྱུར་བྱུང་བ་རེད།<ref>[https://www.forbes.com/sites/michaelhumphrey/2011/10/11/mondo-interview-happy-tree-friends-join-eminem-rwj-in-youtubes-billion-views-club/ Mondo Interview: Happy Tree Friends Join Eminem, RWJ In YouTube's Billion Views Club]. Forbes.</ref>. བྱིས་པའི་འགུལ་རིས་གློག་བརྙན་གྱི་རྣམ་པ་བསྒྱུར་བའི་དར་མའི་འགུལ་རིས་གློག་བརྙན་གྱི་ཁྱད་ཆོས་ནི་འགུལ་རིས་གློག་བརྙན་གྱི་མི་ཆོས་ནགས་ཚལ་གྱི་སྲོག་ཆགས་ཡིན།. སྲོག་ཆགས་གཞན་ཞིག་གིས་བསམ་བཞིན་མ་ཡིན་པར་(སྐབས་འགར་བསམ་བཞིན་དུ་)གློ་བུར་དུ་བྱུང་བའི་དོན་རྐྱེན་ཞིག་གིས་ཧ་ཅང་གདུག་རྩུབ་ཆེ་ཞིང་གདུག་རྩུབ་ཆེ་བའི་རི་མོའི་དྲག་ཤུགས་ཀྱི་གནོད་འཚེ་ཕོག་པའི་མི་སྣ་མང་པོ་ཞིག་བསླངས་པ་རེད།<ref>[https://web.archive.org/web/20160305222809/http://www.metacritic.com/tv/happy-tree-friends Happy Tree Friends: Season 1]. Metacritic.com. CBS Interactive Inc.</ref>. ལེའུ་རེ་རེའི་ནང་དུ་སྟེས་དབང་དུ་བྱུང་བའམ་ཡང་ན་བསམ་བཞིན་དུ་ན་ཟུག་དང་ལྐོག་གསོད། གཞན་འགྱུར་བཅས་ཀྱི་མི་སྣར་དམིགས་ནས་སྤེལ་བ་རེད།<ref>[https://web.archive.org/web/20160509162101/http://www.azalert.com/odd/?p=4 Happy Tree Friends]. Interview with Mondo Media CEO John Evershed. Oddities Magazine.</ref>. ==ཡིག་གཟུགས།== རྒྱུད་རིམ་ཧྲིལ་པོར་ཁྱོན་བསྡོམས་མི་སྣ་20ལྷག་ཡོད།(Cuddles, Giggles, Petunia, Handy, Toothy, Sniffles, Splendid, Flippy, Flaky, Nutty, Lumpy, Lifty, Shifty, Mime, Mole, Pop, Cub, Disco Bear, Russell, Cro-Marmot, Lammy, Mr. Pickles). དེའི་ནང་གི་མི་སྣ་གསུམ་ནི་མི་སྣར་རྒྱབ་སྐྱོར་བྱེད་པ་ཡིན།(Truffles, Generic Tree Friends, Buddhist Monkey). ==ལེའུའི་རེའུ་མིག== བརྙན་འཕྲིན་ཟློས་གར་གྱི་དྲ་ཐོག་ལེ་ཚན་93དང་ལེ་ཚན་13(ལེའུ་39)ནང་ཁྱོན་ལེ་ཚན་132འཕམ་གཏོང་བྱས་པ་རེད།. ཁྱོན་བསྡོམས་དུས་ཚིགས་6གི་བསྟུད་མར་འགྲེམས་སྤེལ་བྱས་པ་སྟེ། དྲ་ཐོག་གི་དུས་ཚིགས་5དང་བརྙན་འཕྲིན་ཐོག་གི་དུས་ཚིགས་1ཡིན།. ===བརྙན་འཕྲིན་ཟློས་གར།=== 2006ལོར་བརྙན་འཕྲིན་ཟློས་གར་དེ་ཚོང་འདུས་ཐོག་ཐོག་མར་བསྟན་པ་དང་། བརྙན་འཕྲིན་ཟློས་གར་འཁྲབ་སྟོན་མ་བྱས་གོང་གི་གཟའ་འཁོར་འགའི་སྔོན་ལ་དྲ་ཚིགས་ཐོག་ལེའུ་ཁ་ཤས་འགྲེམས་སྟོན་བྱས་པ་རེད། བརྙན་འཕྲིན་ཟློས་གར་འདི་ནི་༢༠༠༦ལོའི་ཟླ་༩ཚེས་༢༥ཉིན་གྱི་མཚན་གུང་དུ་[[:en:G4|G4]]ཡི་མཚན་མོར་འཁྲབ་སྟོན་བྱེད་རྒྱུ་རེད།[[:en:Midnight Spank|Barbed Wire Biscuit]]ཞེས་པ་དེ་ཡིན།. དྲ་རྒྱའི་འགུལ་རིས་ཀྱི་རྣམ་བཤད་རབ་དང་རིམ་པའི་ཁྲོད་དུ་ད་དུང་དྲ་རྒྱའི་བརྒྱུད་རིམ་འདི་མངོན་པ་རེད།. ཁ་ན་ཌའི་འཕྲིན་ལམ་[[:en:MTV2 (Canadian TV channel)|Razer]]སྐབས་དེའི་ཨ་ཅེ་བརྙན་འཕྲིན་དྲ་བ་[[:en:Citytv|Citytv]]<ref>[https://web.archive.org/web/20080618230724/http://www.citytv.com/vancouver/tvshows_56506.aspx CityTV.com]. Archived from [http://www.citytv.com/vancouver/tvshows_56506.aspx the original] on June 18, 2008.</ref>དང་མཉམ་དུ་ལེ་ཚན་དེ་བསྟན་པ་དང་། དེ་ནས་[[:en:OLN|OLN]]རྒྱལ་སྤྱིའི་ཐོག་ཡོ་རོབ་དང་ལ་ཏིང་མེ་གླིང་དུ་[[:en:MTV|MTV]]དང་ཨ་ཧྥེ་རི་ཁ་ལྷོ་མར་[[:en:Animax|Animax]]ཞེས་པའི་ཟློས་གར་དེ་རྒྱང་བསྒྲགས་བྱས་པ་རེད།.<ref>[https://web.archive.org/web/20150806083556/http://blip.tv/beettv/mondo-media-gaining-revenue-from-international-licensing-3340777 Mondo Media Gaining Revenue from International Licensing]. Beet.tv. Archived from [http://blip.tv/beettv/mondo-media-gaining-revenue-from-international-licensing-3340777 the original] on April 18, 2013.</ref> ==དཔྱད་གཞིའི་ཡིག་ཆ།== <references/> 7v7pu3dtx6viak1tnesyi3k5clyxp8n གནའ་བོའི་བོད་སྐད་ 0 22880 162328 141151 2026-06-20T13:27:00Z InternetArchiveBot 23708 Rescuing 1 sources and tagging 0 as dead.) #IABot (v2.0.9.5 162328 wikitext text/x-wiki {{ཆ་མི་ཚང་བ}} <big>གནའ་བོའི་བོད་སྐད་ནི་སྐད་བརྡ་རིག་པའི་ཐད་བོད་སྐད་ལ་འཛིན་པའི་ལོ་རྒྱུས་ཀྱི་དབྱེ་བ་ཞིག་ཡིན་ཞིང་།དུས་རབས་༧པའི་དུས་དཀྱིལ་ནས་དུས་རབས་༡༡པའི་དུས་འགོའི་བར་གྱི་བོད་སྐད་རེད།</big> ==པར་རིས་བར་འཁྱམས།== <gallery> File:Turfan_fragment_tibt.jpg| </gallery> ==ད་དུང་གཟིགས།== *[[བོད་ཀྱི་སྐད་ཡིག།]] ==དཔྱད་གཞིའི་དཀར་ཆག== ==ཕྱི་ཕྱོགས་དྲ་མཐུད།== * [https://web.archive.org/web/20140620055132/http://otdo.aa.tufs.ac.jp/ གནའ་བོའི་བོད་སྐད་] g5294bezkiwa335hjjej5w8slzlpgcv རྩིས་འཁོར་ཆད་རིམ་བཤར་འབེབས་ 0 22883 162331 159433 2026-06-20T18:21:52Z InternetArchiveBot 23708 Rescuing 1 sources and tagging 0 as dead.) #IABot (v2.0.9.5 162331 wikitext text/x-wiki <big>རྩིས་འཁོར་གྱི་ཆད་རིམ་བྱབས་འབེབས་ནི་གསོ་རིག་བརྙན་གྲུབ་ཀྱི་ལག་རྩལ་ཞིག་ཡིན་ལ།དེ་ནི་ལུས་ཕུང་གི་ཞིབ་ཕྲའི་ནང་ཁུལ་གྱི་བརྙན་རིས་ཐོབ་པར་བཀོལ་བ་ཡིན། </big> ==སྨན་བཅོས་ཀྱི་སྤྱོད་སྒོ་== <big>དུས་རབས་༢༠པའི་ལོ་རབས་༧༠པར་ནང་འདྲེན་བྱས་པ་ནས་བཟུང་།རྩིས་འཁོར་གྱི་ཆད་རིམ་བཤར་འབེབས་ནི་གསོ་རིག་བརྙན་གྲུབ་ཁྲོད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཏེ།སྲོལ་རྒྱུན་གྱི་Xའཕྲོ་ཐིག་བརྙན་གྲུབ་དང་གསོ་རིག་ཚད་བརྒལ་སྒྲ་རླབས་བརྟག་དཔྱད་ལ་ཁ་གསབ་བྱས་ཡོད། དེ་ནི་ཉེ་ལམ་སྔོན་འགོག་གསོ་རིག་དང་ཡང་ན་ནད་རིགས་ལ་བརྟག་དཔྱད་བྱེད་པར་བཀོལ་བཞིན་ཡོད་དོ།། </big> ==པར་རིས་བར་འཁྱམས།== <gallery> File:UPMCEast_CTscan.jpg| File:Computed_tomography_of_human_brain_-_large.png| File:Drawing_of_CT_fan_beam_(left)_and_patient_in_a_CT_imaging_system.gif| </gallery> ==ད་དུང་གཟིགས།== *[[སྨན་ཁང་]] *[[སྨན་རྩིས་ཁང་།]] ==ཕྱི་ཕྱོགས་དྲ་མཐུད།== * [https://web.archive.org/web/20160808015531/http://clinical.netforum.healthcare.philips.com/global/Explore/White-Papers/CT/Development-of-CT-imaging རྩིས་འཁོར་ཆད་རིམ་བཤར་འབེབས་] * [https://web.archive.org/web/20090203063731/http://www.impactscan.org/slides/impactcourse/artefacts/img0.html རྩིས་འཁོར་ཆད་རིམ་བཤར་འབེབས་] ==དཔྱད་གཞིའི་དཀར་ཆག== {{ཆ་མི་ཚང་བ}} 988pq6jnfpfzvvpesxlt5bbjjv0zu4k