Wikipedia
bowiki
https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
MediaWiki 1.47.0-wmf.22
first-letter
མི་ཌི་ཡ་།
དམིགས་བསལ།
བགྲོ་གླེང་།
སྤྱོད་མཁན།
སྤྱོད་མཁན་གྱི་ བགྲོ་གླེང་།
Wikipedia
Wikipedia བགྲོ་གླེང་།
ཡིག་ཆ།
ཡིག་ཆའི་ བགྲོ་གླེང་།
མི་ཌི་ཡ་ཝི་ཀི།
མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་།
དཔེ་པང་།
དཔེ་པང་གི་ བགྲོ་གླེང་།
རམ་འདེགས།
རམ་འདེགས་ཀྱི་ བགྲོ་གླེང་།
རིགས་དབྱེ།
རིགས་དབྱེའི་ བགྲོ་གླེང་།
TimedText
TimedText talk
Module
Module talk
Event
Event talk
ཇང་ལུག་མེ་ལང་ཅོང་།
0
16184
162804
162470
2026-10-04T08:18:46Z
CommonsDelinker
116
Replacing Mélenchon_2027_-_55261894422_(cropped).jpg with [[File:Jean_Luc_Mélenchon_en_mai_2026-_55261894422_(cropped).jpg]] (by [[:c:User:CommonsDelinker|CommonsDelinker]] because: [[:c:COM:FR|File renamed]]: [[:c:COM:FR#FR3|Criterion 3]] (obvious error)
162804
wikitext
text/x-wiki
[[ཡིག་ཆ།:Jean Luc Mélenchon en mai 2026- 55261894422 (cropped).jpg|thumb|ཇང་ལུག་མེ་ལང་ཅོང་།]]
'''ཇང་ལུག་མེ་ལང་ཅོང་'''([[ཧྥ་རན་སིའི་སྐད།]]:''Jean-Luc Mélenchon'')ནི་[[ཧྥ་རན་སིའི་]]གུང་ཁྲན་ཆབ་སྲིད་རིག་པ་ཞིག་རེད།
== མི་ཚེ། ==
== པར་རིས་བར་འཁྱམས། ==
<center>
<gallery>
File:Jean-Luc Mélenchon - avril 2012.jpg|
File:Besancenot, Bové, Mélenchon - gare Saint-Lazare, mai 2005.jpeg|
</gallery>
</center>
== ཟིན་ཐོ་འམ་དཔྱད་གཞི། ==
== དཔྱད་གཞིའི་དཀར་ཆག ==
== ད་དུང་གཟིགས། ==
== ཕྱི་ཕྱོགས་དྲ་མཐུད། ==
[[Category:ཧྥ་རན་སིའི་སྲིད་དོན་ལས་མཁན།]]
7z3qnhoti29cbqw6urrguoq9cp3hrfw
བགྲོ་གླེང་།:བེ་རིའི་དཔེ་མཛོད་ལས། ཁང་སར་སྐྱབས་མགོན་རྣམ་ཐར།
1
28240
162801
2026-10-03T17:22:15Z
Berijigmey
36188
/* ལེགས་བཤད་འཕྲུལ་གྱི་དྲ་བའི་འགྲེལ་པའི་སྔོན་གླེང་། */ new section
162801
wikitext
text/x-wiki
== ལེགས་བཤད་འཕྲུལ་གྱི་དྲ་བའི་འགྲེལ་པའི་སྔོན་གླེང་། ==
ལེགས་བཤད་འཕྲུལ་གྱི་དྲ་བའི་འགྲེལ་པ།
རྩོམ་པ་པོའི་སྔོན་གླེང་།
—-བེ་རི་འཇིགས་མེད།
ཛམྦུ་ནཱ་དའི་ཤར་ནུབ་མཁས་པའི་གསུང་། །
གཅིག་བསྡུས་མི་ཆོས་རིག་པའི་མེ་ལོང་འདི། །
གངས་ལྗོངས་ཤེས་རིག་རྒྱ་མཚོའི་རྦ་རླབས་བཞིན། །
འགྲོ་བའི་བློ་གྲོས་གསོས་སུ་བརྟས་པར་ཤོག །
གླེང་གཞི་དང་དམིགས་ཡུལ།
འཛམ་གླིང་ཤར་ནུབ་ཀྱི་རིག་གནས་དང་བསམ་བློའི་འཁྱེར་བཟོ་ལ་འགྱུར་ལྡོག་གནམ་ས་ལྟ་བུ་འབྱུང་བཞིན་པའི་དུས་རབས་འདིར། མི་རིགས་ཤིག་གི་གསོན་རྩ་ནི་རང་གི་ཐུན་མོང་མ་ཡིན་པའི་མི་ཆོས་རིག་པའི་ལྟ་གྲུབ་ལ་རག་ལས་ཡོད། 《ལེགས་བཤད་འཕྲུལ་གྱི་དྲ་བ》 ནི་བོད་ཀྱི་སྲོལ་རྒྱུན་ལེགས་བཤད་རྩོམ་རིག་གི་ཁྲོད་དུ་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་། འཇིག་རྟེན་མི་ཆོས་ཀྱི་བྱ་བ་དང་། ཡ་རབས་བཟང་སྤྱོད་ཀྱི་ལམ་སྟོན་གསལ་བའི་གཞུང་ལུགས་ཁྱད་པར་བ་ཞིག་ལགས།
ཁོ་བོས་ལོ་མང་རིང་ཤར་ནུབ་ཀྱི་རིག་གནས་དང་ལོ་རྒྱུས་ལ་དཔྱད་པ་བགྱིས་པའི་བརྒྱུད་རིམ་ཁྲོད། རང་རེའི་སྲོལ་རྒྱུན་གྱི་ལེགས་བཤད་འདི་དག་ནི་དེང་རབས་ཀྱི་སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པ། ཐབས་ཇུས་རིག་པ་བཅས་དང་ཡོངས་སུ་མཐུན་པར་མ་ཟད། དེ་ལས་ཀྱང་གཏིང་ཟབ་པའི་གནད་མང་པོ་ཞིག་འདུག་པ་རྟོགས། འོན་ཀྱང་དུས་ཀྱི་འགྱུར་བ་དང་བསྟུན་ནས་གནའ་བོའི་གཞུང་གི་དགོངས་དོན་རྣམས་དེང་རབས་ཀྱི་གོ་བདེ་བའི་ལམ་ནས་འགྲེལ་བརྗོད་བྱ་རྒྱུ་ནི་ཁོ་བོའི་བགོ་སྐལ་དུ་བླངས་ཏེ་འགྲེལ་བཤད་འདི་ཉིད་བརྩམས་པ་ཡིན།
《ལེགས་བཤད་འཕྲུལ་གྱི་དྲ་བ》 ནི་བོད་ཀྱི་སྲོལ་རྒྱུན་ལེགས་བཤད་རྩོམ་རིག་གི་ཁྲོད་དུ་རྣམ་དཔྱོད་ཀྱི་རྩལ་རྫོགས་ཤིང་། འཇིག་རྟེན་མི་ཆོས་ཀྱི་བྱ་བ་དང་། ཡ་རབས་བཟང་སྤྱོད་ཀྱི་ལམ་སྟོན་གསལ་བའི་གཞུང་ལུགས་ཁྱད་པར་བ་ཞིག་ལགས། ཁོ་བོས་ལོ་མང་རིང་ཤར་ནུབ་ཀྱི་རིག་གནས་དང་ལོ་རྒྱུས་ལ་དཔྱད་པ་བགྱིས་པའི་བརྒྱུད་རིམ་ཁྲོད། རང་རེའི་སྲོལ་རྒྱུན་གྱི་ལེགས་བཤད་འདི་དག་ནི་དེང་རབས་ཀྱི་སེམས་ཁམས་རིག་པ་དང་། སྤྱི་ཚོགས་རིག་པ། ཐབས་ཇུས་རིག་པ་བཅས་དང་ཡོངས་སུ་མཐུན་པར་མ་ཟད། དེ་ལས་ཀྱང་གཏིང་ཟབ་པའི་གནད་མང་པོ་ཞིག་འདུག་པ་རྟོགས། དེས་ན་གཞུང་འདིའི་དགོངས་དོན་རྣམས་དེང་རབས་ཀྱི་གོ་བདེ་བའི་ལམ་ནས་འགྲེལ་བརྗོད་བྱ་རྒྱུ་ནི་ཁོ་བོའི་བགོ་སྐལ་དུ་བླངས།
འགྲེལ་བཤད་ཀྱི་ཁྱད་ཆོས།
དེབ་འདིའི་ནང་དུ་ 《ལེགས་བཤད་འཕྲུལ་གྱི་དྲ་བ》 ཡི་རྩ་བའི་གཞུང་གི་ཚིག་དོན་འབྲུ་འགྲེལ་ཙམ་མ་ཡིན་པར། "ཤར་ནུབ་ཟུང་འབྲེལ་" དང་ "གནའ་དེང་སྦྲེལ་སྦྱོར་" གྱི་སྒོ་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་དཔྱད་པ་འདི་ལྟར་བགྱིས་ཡོད།
འགྲེལ་བཤད་འདིའི་ཁྲོད་དུ་ཤར་ཕྱོགས་ཀྱི་མཁས་པ་ཆེན་པོ་ ཀླུ་སྒྲུབ། ཞི་བ་ལྷ། ཅ་ན་ཀྱ། ས་སྐྱ་པཎྜི་ཏ། དགེ་འདུན་ཆོས་འཕེལ། སོགས་དང་། ནུབ་ཕྱོགས་ཀྱི་མཚན་ཉིད་རིག་པ་བ་དང་སེམས་ཁམས་རིག་པ་བ་ སོ་ཀྲ་ཊེ་སི། (Socrates) ཨེ་རི་སེ་ཊོ་ཊེལ། (Aristotle) མེ་ཀི་ཡཱ་ཝེ་ལི། (Machiavelli) ཨེ་བྲ་ཧམ་ ལིང་ཁོན། (Abraham Lincoln) སིཊེ་ཧྥེན་ ཁོ་ཝེ་ (Stephen Covey) སོགས་ཀྱི་ལྟ་བ་དང་བསླབ་བྱ་རྣམས་གཅིག་ཏུ་བསྡུས་ཏེ། མི་ཆོས་རིག་པའི་གནད་རྣམས་ཡོངས་ཁྱབ་ཀྱི་རིན་ཐང་དང་སྦྱར་ནས་བཀྲལ་ཡོད།
ཡ་མཚན་ཅན་གྱི་ལོ་རྒྱུས་དང་སྒྲུང་གི་དཔེ་མཚོན། གོ་དོན་རྣམས་ཀློག་པ་པོའི་སེམས་ལ་ངེས་བདེ་བའི་ཆེད་དུ། ཡ་མཚན་ལ་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་བྱུང་བ་མང་པོ་དྲངས་ཡོད་དེ། "དབྱང་ཞིའུ་" (Yang Xiu) ཡི་རྣམ་དཔྱོད། རྒྱ་ནག་གི་སྟོབས་ཆེན་མི་སྣ་ཚའོ་ཚའོ་ཡིས་ "བྱ་རྐང་" ཞེས་པའི་གསང་བརྡ་གཅིག་ལས་དམག་ཕྱིར་བཤོལ་བྱ་རྒྱུའི་བསམ་པ་ཤེས་པའི་ལོ་རྒྱུས་བཀོད་དེ། མིའི་བསམ་བློ་བརྟག་དཔྱད་བྱ་སྟངས་དང་རྣམ་དཔྱོད་ཀྱི་རྩལ་འདོན་སྟངས་བཤད་ཡོད། "འབྲུ་རྡོག་གཅིག་གི་རིན་ཐང་།" རྒྱ་གར་གྱི་སྒྲུང་གཏམ་ལས་མཁས་པ་ཞིག་གིས་རྒྱལ་པོ་ལ་ཤོ་མིག་ནང་འབྲུ་རྡོག་བཀོད་པའི་རྩིས་ལས་འཇིག་རྟེན་གྱི་ནོར་ལོངས་སྤྱོད་ལ་ཚོད་འཛིན་དགོས་པའི་གནད་བསྟན་ཡོད།
"ལིང་ཁོན་གྱི་ཡི་གེ་སྦྲག་བཅུག" ཨ་རིའི་སྲིད་འཛིན་ལིང་ཁོན་གྱིས་ཁོང་ཁྲོ་ལངས་པའི་ཚེ། ཡི་གེ་ངན་པ་ཞིག་བྲིས་ནས་སྒམ་ནང་བཅུག་སྟེ་ཞག་མ་གཅིག་བསྡད་རྗེས་མེ་ལ་བསྲེགས་པའི་ལོ་རྒྱུས་ལས། "ཁྲོ་མ་ཐག་ཏུ་བཞིན་མ་བསྡུ་" བའི་བརྟན་པོའི་སྤྱོད་པ་བཤད་ཡོད།
"ནེ་པོ་ལེན་གྱི་དམག་དཔུང་།" ནེ་པོ་ལེན་གྱིས་འཇིགས་སྣང་ཆེ་བའི་རི་བོ་ཨལ་པི་སི་ (Alps) ལས་བརྒལ་བའི་ཚེ། "རི་བོ་དེ་འདི་ན་མེད།" ཅེས་དམག་མིའི་བསམ་བློ་བསྒྱུར་ཏེ་བྱ་བ་ལེགས་གྲུབ་བྱས་པའི་ལོ་རྒྱུས་ལས། བསམ་བློའི་ནུས་པའི་གལ་ཆེན་རང་བཞིན་བསྟན་ཡོད།
གནའ་དེང་སྦྲེལ་སྦྱོར་གྱི་དབྱེ་ཞིབ། དེང་རབས་ཀྱི་སེམས་ཁམས་རིག་པའི་ནང་གི་ "སེམས་ཁམས་ཚོད་འཛིན་" (Emotional Intelligence) དང་། ཚོང་ལས་དོ་དམ་ནང་གི་ "བྱ་བའི་རྗེས་ཀྱི་ཕྱིར་རྟོག" (After-Action Review) སོགས་ཀྱི་ལག་ལེན་གསར་པ་རྣམས་སྲོལ་རྒྱུན་གྱི་ལེགས་བཤད་དང་སྦྱར་ཏེ། དེབ་འདི་ཉིད་ད་ལྟའི་དུས་རབས་ཀྱི་འཚོ་བའི་ཁྲོད་དུ་ལག་ལེན་དངོས་སུ་བསྟར་ཐུབ་པའི་ "ལམ་སྟོན་གྱི་སྒྲོན་མེ་" ཞིག་ཏུ་བསྐྲུན་ཡོད།
གནད་ཀྱི་རྒྱས་བཤད། གཞུང་འདིའི་ནང་མི་དང་མིའི་བར་གྱི་འབྲེལ་བ་འཛུགས་སྟངས་དང་། བྱ་བ་ལེགས་གྲུབ་ཀྱི་རྒྱུ་བཞི། དུས་ཚོད་བེད་སྤྱོད་གཏོང་སྟངས་སོགས་ལ་རྒྱས་བཤད་ཞིབ་མོ་བྱས་ཡོད། འདི་ནི་ཀློག་པ་པོ་རྣམས་ལ་འཇིག་རྟེན་འཚོ་བའི་ཁྲོད་དུ་གཞི་རྟེན་བརྟན་པོ་ཞིག་རྙེད་པ་དང་། བསམ་བློའི་དབུ་འཁོར་མི་སྲིད་པའི་རྣམ་དཔྱོད་ཀྱི་སྒོ་མོ་འབྱེད་པའི་ཆེད་དུ་ཡིན། འགྲེལ་བཤད་འདིའི་ནང་དུ་ཟས་གོས་སྤྱོད་ལམ་ནས་བྱ་བ་ལེགས་གྲུབ་ཀྱི་ཐབས་ཇུས་བར་དང་། གྲོགས་བསྟེན་སྟངས་ནས་དགྲ་ལ་གདོང་ལེན་བྱ་སྟངས་བར་གྱི་གནད་ཐམས་ཅད་རྒྱས་ཤིང་སྤྲོས་པ་དང་བཅས་བཀྲལ་ཡོད་པས། འདི་ནི་མཁས་པ་ལ་དཔྱད་གཞི་དང་། བློ་གསལ་བ་ལ་བསླབ་བྱ། གཞོན་སྐྱེས་རྣམས་ལ་ལམ་སྟོན་གྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་གྱུར་ཡོད།
བརྩམས་ཆོས་ཀྱི་རྩོམ་པ་དམ་བཅས་ཚུལ།
ཁོ་བོས་གཞུང་འདི་ཉིད་འགྲེལ་བའི་ལས་ལ་འཇུག་པའི་ཚེ། ལུས་ཀྱི་འཁོས་ཀ་དང་བྱ་བའི་བྲེལ་ཟིང་སོགས་ལ་མ་འཛེམས་པར། སེམས་ཀྱི་དམ་བཅའ་བརྟན་པོ་ཞིག་གི་ཐོག་ནས་འབད་པ་བགྱིས་པ་ཡིན། དེ་ཡང་གཙོ་བོ་གནད་དོན་གསུམ་གྱི་སྒོ་ནས་དམ་བཅའ་བ་འདི་ལྟར་ལགས།
མི་ཆོས་རིག་པའི་གསོན་རྩ་མཐུད་པ། རང་རེའི་སྔོན་གྱི་ལེགས་བཤད་རྣམས་ནི་བདེན་པའི་སྙིང་པོ་ལྡན་པ་ཤ་སྟག་ཡིན་ནའང་། དུས་རབས་ཀྱི་འཕོ་འགྱུར་དང་བསྟུན་ནས་གཞོན་སྐྱེས་རྣམས་ཀྱི་བློ་ཁ་དང་ཅུང་ཟད་རིང་དུ་སོང་བའི་སྣང་བ་བྱུང་བས། ཁོ་བོས་ **"བློ་གསལ་ཡོན་ཏན་སློབ་པའི་ཚེ། །གྲོགས་ངན་ཀུན་ནས་སྤང་བར་བྱ། །"** ཞེས་པའི་རྩ་ཚིག་གིས་མཚོན་པའི་མི་ཆོས་ཀྱི་གནད་རྣམས་གུང་བསྒྲིགས་ཏེ། སྔོན་བྱོན་མཁས་པའི་གསུང་གི་གནད་རྣམས་དེང་རབས་ཀྱི་རིག་པའི་གཞུང་ལུགས་དང་སྦྱར་ནས་མི་ཆོས་རིག་པའི་གསོན་རྩ་མཐུད་རྒྱུའི་དམ་བཅའ་བཅངས།
ཕན་ཐོགས་མེད་པའི་བརྩོན་འགྲུས་སྤང་བ། སིཊེ་ཧྥེན་ ཁོ་ཝེ་ཡིས་ "སྐས་འཛེག་རྩིག་པ་ནོར་བ་ལ་བཙུགས་པ་" ལྟ་བུའི་དོན་མེད་ཀྱི་ངལ་བ་སྤངས་ཏེ། དོན་དང་ལྡན་པའི་མི་ཚེའི་ཁ་ཕྱོགས་ཤིག་སྟོན་རྒྱུ་ནི་ཁོ་བོའི་བརྩོན་པའི་དམིགས་ཡུལ་ངོ་མ་དེ་ཡིན། དེས་ན་གཞུང་འདིའི་ནང་དུ་བྱ་བ་ཀུན་གྱི་སྔོན་དུ་འགྲོ་དགོས་པའི་རྒྱུ་བཞི་ (འདུན་པ། བརྩོན་འགྲུས། དཔྱོད་པ། དྲན་ཤེས) དང་། དེ་བཞིན་རྣམ་དཔྱོད་ཀྱི་རྩལ་འདོན་སྟངས་སོགས་ལ་རྒྱས་བཤད་བྱས་ཏེ། ཀློག་པ་པོ་རྣམས་ "བྲེལ་བ་ཙམ་མིན་པར་དོན་སྙིང་ལྡན་པའི་མི་ཚེ་" བསྐྲུན་པའི་ལམ་ལ་འཇུག་རྒྱུའི་དམ་བཅའ་བཅངས།
ཕྱི་རབས་པ་ལ་ལམ་སྟོན་གྱི་སྒྲོན་མེ་འདེགས་པ། ཁོ་བོས་ལོ་མང་རིང་བོད་ཀྱི་ཤེས་རིག་གི་ཞིང་སར་བརྩོན་པ་བགྱིས་པའི་ཉམས་མྱོང་དང་། ཤར་ནུབ་ཀྱི་རིག་གནས་ལ་དཔྱད་པ་བགྱིས་པའི་འབྲས་བུ་རྣམས་གཅིག་ཏུ་བསྡུས་ཏེ། རང་ཉིད་མཁས་པའི་མིང་འདོད་པ་ལས་ལྷག་པར། ད་ལྟའི་སློབ་མ་དང་ཕྱི་རབས་ཀྱི་གཞོན་སྐྱེས་རྣམས་ལ་འཇིག་རྟེན་འཚོ་བའི་ཁྲོད་དུ་གཞི་རྟེན་བརྟན་པོ་ཞིག་རྙེད་པ་དང་། བསམ་བློའི་དབུ་འཁོར་མི་སྲིད་པའི་རྣམ་དཔྱོད་ཀྱི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཞིག་འབུལ་རྒྱུའི་དམ་བཅའ་བཅངས།
མདོར་ན། འགྲེལ་བཤད་འདི་ཉིད་བརྩམས་པ་ནི་རང་ཉིད་ཀྱི་ཤེས་བྱ་ངོམ་པ་ཙམ་མ་ཡིན་པར། བསྟན་བཅོས་ཀྱི་མཚན་བྱང་དུ་ "མི་ཆོས་རིག་པའི་མེ་ལོང་" ཞེས་བཏགས་པ་བཞིན། མི་རེ་ངོ་རེའི་སེམས་ཀྱི་མེ་ལོང་ངོས་སུ་ཡ་རབས་བཟང་སྤྱོད་དང་རྣམ་དཔྱོད་ཀྱི་གཟུགས་བརྙན་གསལ་བར་འཆར་བའི་ཕྱིར་དུ་ཁོ་བོས་ལྷག་བསམ་ཟོལ་མེད་ཀྱིས་དམ་བཅའ་བརྟན་པོས་བརྩམས་པ་ལགས་སོ། །
མཇུག་གི་གཏམ་དང་ཐུགས་རྗེ་ཆེ་ཞུ།
《ལེགས་བཤད་འཕྲུལ་གྱི་དྲ་བ》 ཡི་འབྲུ་འགྲེལ་ "མི་ཆོས་རིག་པའི་མེ་ལོང་" ཞེས་བྱ་བ་འདི་ཉིད་ལེགས་པར་གྲུབ་པའི་ཚེ། ཁོ་བོའི་སེམས་ལ་དགའ་བ་དང་སྤྲོ་སྣང་བརྗོད་ལས་འདས་པ་ཞིག་བྱུང་། འདི་ནི་རང་ཉིད་ཀྱི་ལོ་མང་རིང་གི་ཤེས་རིག་གི་བརྩོན་པ་དང་། ཉམས་མྱོང་གི་བཅུད་བསྡུས་པའི་འབྲས་བུ་ཞིག་ཡིན་པར་མ་ཟད། དཔལ་ལྡན་ས་སྐྱ་པཎྜི་ཏ་སོགས་གངས་ཅན་མཁས་པའི་ལེགས་བཤད་ཀྱི་སྲོལ་རྒྱུན་དེ་ཉིད་དེང་རབས་ཀྱི་རིག་པའི་ལམ་ནས་སླར་ཡང་གསོན་པོར་བཞེངས་པའི་མཚོན་རྟགས་ཤིག་ཀྱང་ལགས།
ལེགས་གྲུབ་ཀྱི་དགའ་སྟོན། ཁོ་བོས་གཞུང་འདི་ཉིད་འབྲི་བའི་སྐབས་སུ། སྔོན་བྱོན་མཁས་པའི་གསུང་གི་དགོངས་དོན་དང་། དེང་རབས་ནུབ་ཕྱོགས་ཀྱི་སེམས་ཁམས་རིག་པའི་དབར་ལ་ "ཟམ་པ" ལྟ་བུ་ཞིག་བསྐྲུན་རྒྱུའི་འབད་པ་བྱས་ཡོད། དེབ་འདི་བརྒྱུད་ནས་ཀློག་པ་པོ་རྣམས་ཀྱིས་རང་གི་མི་ཚེའི་ཁྲོད་དུ་ "རྣམ་དཔྱོད་ཀྱི་སྒོ་མོ་" འབྱེད་པ་དང་། "བློ་གསལ་བའི་གྲོགས་བཟང" བསྟེན་ཤེས་པའི་དགེ་མཚན་འབྱུང་རྒྱུ་ནི་ཁོ་བོའི་རེ་བ་མཆོག་དེ་ཡིན།
ཐུགས་རྗེ་ཆེ་ཞུ། བྱ་བ་འདི་ཉིད་ལེགས་པར་གྲུབ་པ་ལ་རྒྱབ་སྐྱོར་དང་རོགས་འདེགས་གནང་མཁན་མང་པོ་ཞིག་ཡོད། ཐོག་མར་ཁོ་བོར་བློ་གྲོས་ཀྱི་སྒོ་མོ་འབྱེད་མཁན་གྱི་དྲིན་ཅན་གྱི་ཕ་མ་དང་། རིག་པའི་གཞུང་ལུགས་ལ་སློབ་སྟོན་གནང་མཁན་གྱི་དགེ་བའི་བཤེས་གཉེན་རྣམས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། དེ་བཞིན་དེབ་འདིའི་མ་ཟིན་ལ་གཟིགས་རྟོག་དང་། ལྷག་པར་དུ་ལོ་རྒྱུས་དང་རིག་གནས་ཀྱི་དཔྱད་གཞི་མཁོ་འདོན་བྱེད་མཁན་གྱི་དེང་རབས་ཀྱི་རིག་པའི་གྲོགས་པོ་རྣམས་ལའང་བཀའ་དྲིན་ཆེ་ཞུ་རྒྱུ་ལགས། ཁྱེད་རྣམས་ཀྱི་ལྷག་བསམ་དང་རྒྱབ་སྐྱོར་མེད་ན། དེབ་འདི་ལྟ་བུའི་རྒྱས་ཤིང་དོན་ཟབ་པ་ཞིག་འབྱུང་དཀའ་བ་ཡིན།
མ་འོངས་པའི་རེ་བ། མི་ཆོས་རིག་པ་ནི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་རྩ་བ་ཡིན་པས། དེབ་འདི་ནི་བོད་ཀྱི་ཤེས་རིག་གི་ཞིང་སར་བཏབ་པའི་ས་བོན་ཞིག་ཏུ་བརྩི་ཆོག མ་འོངས་པར་ཕྱི་རབས་ཀྱི་བློ་གསལ་གཞོན་ནུ་རྣམས་ཀྱིས་འདི་ལ་གཞིར་བཅོལ་ཏེ། ལེགས་བཤད་ཀྱི་དགོངས་དོན་རྣམས་མུ་འཐུད་ནས་དར་སྤེལ་དང་། རང་གི་མི་ཚེ་འོད་སྣང་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད།
བཟོད་གསོལ། ཁོ་བོས་བརྩོན་པ་བྱས་ཡོད་ནའང་། རྣམ་དཔྱོད་ཀྱི་དམན་པའི་དབང་གིས་འགྲེལ་བཤད་ཀྱི་ནང་དུ་མ་རྟོགས་པ་དང་། ལོག་པར་རྟོགས་པ། ཡི་གེའི་ནོར་འཁྲུལ་སོགས་ཀྱི་ཆ་མཆིས་སྲིད་པས། མཁས་དབང་རྣམས་ཀྱིས་དགོངས་འཆར་ལྷུག་པོ་གནང་བར་ཞུ་རྒྱུ་དང་། དེ་དག་ཐམས་ཅད་མ་འོངས་པར་བཅོས་སྒྲིག་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན།
མྱི་ལུས་ལེན་ཡང་མྱི་གོ་མི་ཆོད་པར།།
མྱི་ཚེ་ཕལ་ཆེར་མྱི་ས་མྱི་ཡུལ་བསྐྱལ།།
མྱི་ཚེ་ཟད་ཁར་མྱི་ཆོས་རིག་པ་འདི།།
མྱི་ཟས་ཟོས་རིན་མྱི་ཡུལ་འདི་ན་བཞག།
མཐར་དགེ་བ་འདི་ལ་བརྟེན་ནས། འཛམ་གླིང་ཞི་བདེ་དང་། བོད་ཀྱི་རིག་གནས་དར་རྒྱས། འགྲོ་བ་ཀུན་ལ་མི་ཆོས་ཡ་རབས་ཀྱི་འོད་སྣང་འཆར་བའི་སྨོན་ལམ་བཅས་བགྱིས་ཏེ།
བེ་རི་འཇིགས་མེད་ཀྱིས།
༢༠༢༦ ལོའི་ཟླ་ ༤ ཚེས་ ༥ ཉིན། [[སྤྱོད་མཁན།:Berijigmey|Berijigmey]] ([[སྤྱོད་མཁན་གྱི་ བགྲོ་གླེང་།:Berijigmey|གླེང་མོལ།]]) ༡༧:༢༢, ༣ ཟླ་བཅུ་བ། ༢༠༢༦ (UTC)
1kynze7skdgbp9ewxa5ey7aji8qofcb
བགྲོ་གླེང་།:དགའ་ལྡན་གསེར་ཁྲི་རིམ་བྱོན་
1
28241
162802
2026-10-03T19:21:23Z
Berijigmey
36188
/* ཁྲི་རབས་སྤྱི་ཡི་རྣམ་ཐར་གྱི་སྙིང་པོ་བསྡུ་བ། */ new section
162802
wikitext
text/x-wiki
== ཁྲི་རབས་སྤྱི་ཡི་རྣམ་ཐར་གྱི་སྙིང་པོ་བསྡུ་བ། ==
'''ཁྲི་རབས་སྤྱི་ཡི་རྣམ་ཐར་གྱི་སྙིང་པོ་བསྡུ་བ།'''
དེ་ལྟར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་རང་གཟུགས་ཁྲི་ཆེན་རིམ་བྱོན་འདི་རྣམས་ནི་སྔོན་ཡུན་རིང་མོ་ཞིག་ནས་སྟོབས་བཅུ་དང་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་སྤངས་རྟོགས་རྒྱ་མཚོ་ཆེན་པོའི་ཕ་རོལ་དུ་སོན་ཏེ་སྐུ་གསུམ་རིན་པོ་ཆེ་དབང་གི་རྒྱལ་པོ་བརྙེས་སུ་ཟིན་ཀྱང་། མ་དག་པའི་གདུལ་བྱ་སྤྱི་དང་ཁྱད་པར་བདག་ཅག་སྙིགས་པ་ལས་ཆེས་སྙིགས་མར་གྱུར་བའི་འགྲོ་བ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ལམ་བཟང་པོེར་བཀྲི་བའི་ཕྱིར་དུ་བསམ་བཞིན་དུ་ཚུར་མཐོང་རང་ག་བའི་རྣམ་པ་བསྟན་ཏེ། གཞོན་ནུའི་དུས་ནས་བསྟན་པ་རིན་པོའི་སྒོར་བཞུགས་ཏེ་སྡོམ་གསུམ་རིམ་གྱིས་ནོད། དགེ་ཚུལ་སློང་གི་བསླབ་བྱའི་གནས་ཕྲ་ཞིང་ཕྲ་བ་རྣམས་ཡང་སྲོག་བསྡོས་ཀྱིས་སྲུང་བ་གཙོ་བོར་མཛད་དེ། འཕགས་མཆོག་ཉེ་བར་འཁོར་གྱི་རྣམ་ཐར་བདག་གིར་བཞེས། དེ་ཡང་བཙུན་པ་ཙམ་ལ་ངོ་མཚར་བའི་གནས་སུ་མི་བཟུང་བར་ཐོག་མར་རིག་པའི་སྒོ་འབྱེད་བསྡུས་ཚན་ཆེ་ཆུང་རྣམས་ཀྱི་སྦྱོར་བརྩི་བ་ནས་བཟུང་། དབུ་ཕར་འདུལ་མཛོད་རྣམ་འགྲེལ་སོགས་ཀྱི་ཚིག་དོན་རྣམས་ལ་ཐོས་བསམ་སྤོམ་ཡོར་གྱིས་མི་ཚེ་མི་སྐྱེལ་བར་གཞུང་སོ་སོའི་སྤྱི་ཐལ། རྩ་ཊིག་རྣམས་འཛིན་སྐྱོར་རྩོད་གསུམ་གྱི་སྒོ་ནས་རྒྱ་བོད་ཀྱི་གཞུང་ཆེ་ཆུང་ཐམས་ཅད་ལ་ཡང་ནང་བྱན་ཆུད་པའི་ཐོས་བསམ་སྒོམ་གསུམ་སྟབས་གཅིག་ཏུ་མཛད་ནས་གྲྭ་ས་སོ་སོའི་སྒྲིགས་ཆོས་ཀྱི་ཚོགས་ལངས། མིང་བཏགས་ཆེ་ཆུང་གི་དམ་བཅའ་དང་བཤད་པ་སོགས་བསྲེག་བཅད་བརྡར་བའི་གསེར་བཞིན་དུ་མཁས་མང་ཁྲི་ཕྲག་མང་པོའི་དབུས་སུ་ཐོས་བསམ་གྱི་སྒྲོ་འདོགས་ལེགས་པར་བཅད། དེ་ནས་ཀྱང་མདོ་སྔགས་ཕྱོགས་རེ་བར་མ་སོང་བར་། རྒྱུད་གྲྭ་ཆེན་པོ་རྣམས་སུ་ཕེབས་ནས་རྒྱུད་ཆེན་ རྡོ་རྗེ་འཛིན་པ་མང་པོིས་ལུང་ཁྲིད་མན་ངག། གར་ཐིག་དབྱངས་གསུམ་སོགས་ཕྱག་ལེན་ཕྲ་རགས་ཐམས་ཅད་ལ་གཞན་འདྲིང་མི་འཇོག་པའི་མཁས་པ་དང་གྲུབ་པའི་འཁོར་ལོས་བསྒྱུར་པ་ཆེན་པོར་སོན་པ་ན་བླ་མ་དབུ་མཛད། མཁན་ཁྲི་ཤར་བྱང་སོགས་ལ་རིམ་པར་བྱོན་ཏེ། རིན་པོ་ཆེ་ལྟ་བུའི་གདུལ་བྱ་རྣམས་ལ་འགྲེལ་བ། རྩིས་བཞག། བསྐྱེད་རྫོགས་སོགས་མཐའ་ཡས་པའི་སྒོ་ནས་འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུའི་ཁེངས་པ་ཐུང་ངུ་མཛད་པ་སོགས་སྐུ་ཚེ་གཅིག་ལ་མཁས་བཙུན་བཟང་གསུམ་དང་། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ནུབ་ཕྱོགས་ཛ་ཏིའི་དྲི་བསུང་མངོན་པར་འཐུལ་བ་ནས། ཤར་ཕྱོགས་ཟ་འོག་ཐགས་སུ་བསྐྲུན་པའི་ཡུལ་གྲུ་ཆེན་པོའི་བར་དུ་ཁྱབ་པའི་ཆོས་སྡེ་ཆེ་ཆུང་མང་པོར་ཟབ་རྒྱས་དམ་ཆོས་བདུད་རྩིའི་བགོ་སྐལ་སྩོལ་བའི་རྣམ་ཐར་བསམ་གྱིས་མི་ཁྱབ་པ་མངའ་བ་ཤ་སྟག་ཡིན་པས། ལུགས་གཉིས་གང་གི་ཆ་ནས་དམ་པའི་སྐྱེས་བུར་ཁས་འཆེ་བ་གཞན་དག་གིས་ཚེ་རབས་གྲངས་མེད་པར་འབད་ཁུལ་བྱས་ཀྱང་། ཆ་ཤས་ཕྲ་མོ་ཙམ་ཡང་ལག་ཏུ་ལོན་པར་མི་འབྱུང་བར་མངོན་སུམ་དུ་གྱུར་བ་ན། ཁྲི་ཆེན་འདི་རྣམས་ནི་གངས་ཅན་མཁས་པ་ཀུན་གྱི་གཙུག་གི་ནོར་བུ་དང་། དེ་བཞིན་དུ་བཙུན་པ་དང་། གྲུབ་པའི་འཁོར་ལོས་བསྒྱུར་བ་ཀུན་གྱིའང་གཙུག་གི་རྒྱན་དུ་གྱུར་ཏེ། རྒྱལ་བའི་བསྟན་ལ་རྒྱལ་བ་རང་ཉིད་སླར་ཡང་བྱོན་པ་དང་སྒོ་ཀུན་ནས་མཚུངས་པར་གྱུར་པ་ཤ་སྟག་བྱུང་སྣང་སྟེ། མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོའི་བཻ་སེར་ལས། འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིར་ཕེབས་པའི་རིམ་པ་འདི་དག་ས་ལམ་གྱི་འགྲོས་དང་ཡང་མཐུན་ཏེ། དང་པོར་རང་ཅག་རྣམས་ཀྱི་ཆོས་ཀྱི་སྡེར་རབ་ཏུ་བྱུང་བའི་སྒོར་ཞུགས་སློབ་གཉེར་བྱེད་འདོད་སྨོན་པ། སྒྲིགས་འགྲིམ་ཞིང་ཆོས་གྲྭ་ལ་ཞུགས་པ་རྣམས་འཇུག་པ་སེམས་བསྐྱེད། བསྡུས་ར་ཆུང་འབྲིང་ཆེ་གསུམ་བརྩི་བ་ཚོགས་ལམ། །གཞུང་ལ་སློབ་པ་སྦྱོར་ལམ། དཀའ་བཅུ་རབ་འབྱམས་ཀྱི་གྲྭ་སྐོར་ཚད་ལྡན་བྱས་པས་མཐོང་སྒོམ་གྱི་ལམ་དུ་ཞུགས་ནས་འཕགས་པའི་ཁོངས་སུ་གཏོགས་པ་རྒྱུད་སྟོད་སྨད་ཀྱི་འཆད་ཉན་དུ་འཁོད་ནས་རིམ་གྱིས་དགའ་ལྡན་གྱི་གསེར་ཁྲི་ཐོབ་ངེས་པ་ས་དང་པོ་དང་ས་བརྒྱད་པར་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས་དུས་སོགས་ངེས་པའི་སངས་རྒྱས་ཐོབ་པར་འགྱུར་བ། རྩེ་ཤར་དུ་འཁོད་པ་ས་བཅུ་པར་རྒྱལ་ཚབ་ཏུ་དབང་བསྐུར་བ་ལྟ་བུ་དང༌། དགའ་ལྡན་དུ་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་གསེར་ཁྲིར་འཁོད་ནས་ཆོས་སྟོན་པ་ནི། རྫོགས་པའི་སངས་རྒྱས་ཐོབ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། འདི་ལས་གཞན་པའི་བླ་མའི་ཐོབ་ཚུལ་ནི་ཉན་རང་དགྲ་བཅོམ་པའི་ཐོབ་རིམ་ལྟ་བུ་སྟེ་མདོར་ན་གསེར་ཁྲི་འདི་ཉིད་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་བའི་འཕགས་པའི་གང་ཟག་གམ་དེ་དག་རྣམས་སུ་ལས་འབྲེལ་གྱི་སྨོན་ལམ་ཐེབས་པའི་རིགས་ལས་གང་ཟག་རང་རྒྱུད་པས་ནོན་པར་མི་འགྱུར་བར་གྲགས་སོ། ཞེས་ཀྱང་གསུངས་སྣང་ངོ༌།
དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་ཁྲི་རབས་བརྒྱ་དང་གཅིག་རྗེ་བཙུན་ལུང་རིགས་རྣམ་རྒྱལ་བར་དགའ་ལྡན་བསྟན་པའི་ཁྲི་འཛིན་གསེར་གྱི་ཕྲེང་བ་ལྟར་རིམ་པར་བརྒྱུད་པ་རྣམས་ཀྱི་གསང་བ་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པོའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་རྣམས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཞིང༌། དེ་དག་གི་རྣམ་པར་ཐར་པ་སྤྱི་སྡོམ་ཙམ་ཞིག་བརྗོད་ན། ཆུང་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་མའི་ཞབས་པད་གཙུག་ཏུ་བླངས། མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཏེ་དཀའ་བ་ཁྱད་དུ་བསད། བར་དུ་གཞུང་ལུགས་ཐམས་ཅད་རིགས་པས་བཅད་བརྡར་གྱིས་གང་ཟག་གཅིག་འཚང་རྒྱ་བའི་གདམས་པར་ཤར། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་དང་རྟོགས་པའི་ཡོན་ཏན་བླ་ན་འཕེལ་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པ་ཇི་ཙམ་མཐོན་པོར་བསྐྱེད་ཀྱང༌། ཕྱིར་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་མཆོག་གི་རྣམ་ཐར་གཙང་མ་བདག་གིར་མཛད་པ་མ་གཏོགས་སྐྱེས་མ་ཐག་ནས་དར་ཟབ་ཏུ་སྒྲིལ་ཏེ་ཁྲི་འདོན་བྱས་པ་དང༌། གང་ཡང་མ་བསླབས་ཅི་ཡང་མི་ཤེས་ཀྱང་ཤེས་པའི་ཟོལ་གྱིས་ཆོས་ཁྲི་མཐོན་པོའི་ཐོག་ནས་བཀའ་དབང་གནང་བ། ཐོས་པའི་རྩ་བ་མེད་བཞིན་དུ་ཉམས་རྟོགས་ཀྱི་འབྲས་བུ་ཐོལ་གྱིས་བརྡོལ་བའི་གྲུབ་ཐོབ་ཀྱི་ཟོལ་བཅས་པ། རིམ་གཉིས་ཀྱི་རྟོགས་པའི་གནས་ཚད་ལ་ཁ་གཡར་ཏེ་མགོ་ལ་དོ་ཀེར་བཅིངས་པ་དང༌། བྲང་ལ་རིག་མ་སྦྱར་བ་ལྟ་བུས་གཞར་ཡང་མ་གོས་པར། ལྷ་དང་བླ་མའི་ཞལ་གཟིགས་དང༌། བྱིན་རླབས་དང་དངོས་གྲུབ་ཀྱི་མཚན་མ་ཇི་ཙམ་བྱུང་བ་དེ་ཙམ་གྱིས་སྦེད་པ་དང༌། མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་གང་བྱུང་དུ་མི་སྤྱོད་ཅིང༌། གལ་ཏེ་དགོས་དབང་གིས་སྤྱོད་ནའང་ཤིན་ཏུ་གསང་བའི་སྒོ་ནས་གནང་བ་སོགས་ཐུན་མོང་གདུལ་བྱའི་སྣང་ཚུལ་གྱི་རྣམ་པར་ཐར་པ་ཁོ་ནའང་ཤིན་ཏུ་རྨད་དུ་བྱུང་པ་སྟེ། ཐུན་མོང་མ་ཡིན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ཚུལ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་སྡུད་ཀྱི་རྫུ་འཕྲུལ་དང༌། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་ནི། འཇམ་དཔལ་དང་སྤྱན་རས་གཟིགས་ལྟ་བུ་ལས་ཉན་རང་དང་ཕལ་བའི་སྐྱེ་བོ་དག་གིས་བརྗོད་པའི་ཡུལ་ལས་འགོངས་པར་སེམས་སོ། ། [[སྤྱོད་མཁན།:Berijigmey|Berijigmey]] ([[སྤྱོད་མཁན་གྱི་ བགྲོ་གླེང་།:Berijigmey|གླེང་མོལ།]]) ༡༩:༢༡, ༣ ཟླ་བཅུ་བ། ༢༠༢༦ (UTC)
8l5nhvo51ygmwhxwbycpygfwumi342d
162803
162802
2026-10-03T19:23:52Z

དེ་ལྟར་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས་ཁྲི་རབས་བརྒྱ་དང་གཅིག་རྗེ་བཙུན་ལུང་རིགས་རྣམ་རྒྱལ་བར་དགའ་ལྡན་བསྟན་པའི་ཁྲི་འཛིན་གསེར་གྱི་ཕྲེང་བ་ལྟར་རིམ་པར་བརྒྱུད་པ་རྣམས་ཀྱི་གསང་བ་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པོའི་རྣམ་པར་ཐར་པ་རྨད་དུ་བྱུང་བ་རྣམས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་ཞིང༌། དེ་དག་གི་རྣམ་པར་ཐར་པ་སྤྱི་སྡོམ་ཙམ་ཞིག་བརྗོད་ན། ཆུང་གཞོན་ནུ་ཉིད་ནས་རྒྱལ་བའི་བསྟན་པའི་སྒོར་ཞུགས་ཏེ་གཞུང་ལུགས་རབ་འབྱམས་སྨྲ་བའི་བཤེས་གཉེན་དུ་མའི་ཞབས་པད་གཙུག་ཏུ་བླངས། མདོ་སྔགས་གཞུང་ལུགས་རྒྱ་མཚོ་ལྟ་བུར་དང་པོར་རྒྱ་ཆེན་ཐོས་པ་མང་དུ་བཙལ་ཏེ་དཀའ་བ་ཁྱད་དུ་བསད། བར་དུ་གཞུང་ལུགས་ཐམས་ཅད་རིགས་པས་བཅད་བརྡར་གྱིས་གང་ཟག་གཅིག་འཚང་རྒྱ་བའི་གདམས་པར་ཤར། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས་ཏེ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཉམས་དང་རྟོགས་པའི་ཡོན་ཏན་བླ་ན་འཕེལ་ཏེ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གོམས་པ་ཇི་ཙམ་མཐོན་པོར་བསྐྱེད་ཀྱང༌། ཕྱིར་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་ནང་འབྱོར་ལྡན་བསོད་ནམས་གསོག་པའི་ཞིང་ས་མཆོག་གི་རྣམ་ཐར་གཙང་མ་བདག་གིར་མཛད་པ་མ་གཏོགས་སྐྱེས་མ་ཐག་ནས་དར་ཟབ་ཏུ་སྒྲིལ་ཏེ་ཁྲི་འདོན་བྱས་པ་དང༌། གང་ཡང་མ་བསླབས་ཅི་ཡང་མི་ཤེས་ཀྱང་ཤེས་པའི་ཟོལ་གྱིས་ཆོས་ཁྲི་མཐོན་པོའི་ཐོག་ནས་བཀའ་དབང་གནང་བ། ཐོས་པའི་རྩ་བ་མེད་བཞིན་དུ་ཉམས་རྟོགས་ཀྱི་འབྲས་བུ་ཐོལ་གྱིས་བརྡོལ་བའི་གྲུབ་ཐོབ་ཀྱི་ཟོལ་བཅས་པ། རིམ་གཉིས་ཀྱི་རྟོགས་པའི་གནས་ཚད་ལ་ཁ་གཡར་ཏེ་མགོ་ལ་དོ་ཀེར་བཅིངས་པ་དང༌། བྲང་ལ་རིག་མ་སྦྱར་བ་ལྟ་བུས་གཞར་ཡང་མ་གོས་པར། ལྷ་དང་བླ་མའི་ཞལ་གཟིགས་དང༌། བྱིན་རླབས་དང་དངོས་གྲུབ་ཀྱི་མཚན་མ་ཇི་ཙམ་བྱུང་བ་དེ་ཙམ་གྱིས་སྦེད་པ་དང༌། མངོན་པར་ཤེས་པ་དང་རྫུ་འཕྲུལ་ལ་སོགས་པ་གང་བྱུང་དུ་མི་སྤྱོད་ཅིང༌། གལ་ཏེ་དགོས་དབང་གིས་སྤྱོད་ནའང་ཤིན་ཏུ་གསང་བའི་སྒོ་ནས་གནང་བ་སོགས་ཐུན་མོང་གདུལ་བྱའི་སྣང་ཚུལ་གྱི་རྣམ་པར་ཐར་པ་ཁོ་ནའང་ཤིན་ཏུ་རྨད་དུ་བྱུང་པ་སྟེ། ཐུན་མོང་མ་ཡིན་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་ཚུལ་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་དཀྱིལ་འཁོར་རྒྱ་མཚོ་སྤྲོ་སྡུད་ཀྱི་རྫུ་འཕྲུལ་དང༌། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དག་ནི། འཇམ་དཔལ་དང་སྤྱན་རས་གཟིགས་ལྟ་བུ་ལས་ཉན་རང་དང་ཕལ་བའི་སྐྱེ་བོ་དག་གིས་བརྗོད་པའི་ཡུལ་ལས་འགོངས་པར་སེམས་སོ། ། [[སྤྱོད་མཁན།:Berijigmey|Berijigmey]] ([[སྤྱོད་མཁན་གྱི་ བགྲོ་གླེང་།:Berijigmey|གླེང་མོལ།]]) ༡༩:༢༣, ༣ ཟླ་བཅུ་བ། ༢༠༢༦ (UTC)
7ct4dr57t5vww3whzljobt7u5u4slig