Wikipedia
bowiki
https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D
MediaWiki 1.47.0-wmf.24
first-letter
མི་ཌི་ཡ་།
དམིགས་བསལ།
བགྲོ་གླེང་།
སྤྱོད་མཁན།
སྤྱོད་མཁན་གྱི་ བགྲོ་གླེང་།
Wikipedia
Wikipedia བགྲོ་གླེང་།
ཡིག་ཆ།
ཡིག་ཆའི་ བགྲོ་གླེང་།
མི་ཌི་ཡ་ཝི་ཀི།
མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་།
དཔེ་པང་།
དཔེ་པང་གི་ བགྲོ་གླེང་།
རམ་འདེགས།
རམ་འདེགས་ཀྱི་ བགྲོ་གླེང་།
རིགས་དབྱེ།
རིགས་དབྱེའི་ བགྲོ་གླེང་།
TimedText
TimedText talk
Module
Module talk
Event
Event talk
སྟེང་ཆེན་རྫོང་།
0
3411
162846
158326
2026-10-14T13:24:49Z
མཁན་ཨོ་རྒྱན་རིག་འཛིན།
23655
162846
wikitext
text/x-wiki
<code>''<small>རྩོམ་པ་པོ་ཁྱུང་པོ་བ་ཨོ་རྒྱན་རིག (༢༠༢༡། ༠༤། ༢༦།</small>''</code>[[File:Location of Dêngqên within Xizang (China).png|border|thumb|སྟེང་ཆེན་རྫོང་།]]
སྟེང་ཆེན་རྫོང་ནི་ (Tengchen; Wylie: steng chen rdzong, ZYPY: Dêngqên Zong; simplified Chinese: 丁青县; traditional Chinese: 丁青縣; pinyin: Dīngqīng Xiàn) བོད་རང་སྐྱོང་ལྗོངས་ལྷ་སའི་བྱང་ཤར་དང[[ཆབ་མདོ།|་ཆབ་མདོ་]]ས་ཁུལ་གྱི་ནུབ་ཕྱོགས་སུ་ཆགས་པའི་རྫོང་ཞིག་ཡིན། རྫོང་འདིའི་ཤར་ངོས་སུ་[[རི་བོ་ཆེ་རྫོང་།|རི་བོ་ཆེའི་རྫོང་]]དང་། ལྷོ་ངོས་སུ་[[ལྷོ་རོང་རྫོང་།|ལྷོ་རོང་རྫོང་]]དང་[[དཔལ་འབར་རྫོང་།|དཔལ་འབར་རྫོང་]]། ནུབ་ངོས་སུ་[[སྦྲ་ཆེན་རྫོང་།|སྦྲ་ཆེན་རྫོང་]]དང་[[སོག་རྫོང་།]] བྱང་ངོས་སུ་[[རྫ་སྟོད་རྫོང|རྫ་སྟོད་རྫོང་]]དང་[[ནང་ཆེན་རྫོང|ནང་ཆེན་རྫོང་]]<ref><small>མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།</small> </ref>བཅས་ལ་ས་འབྲེལ་དུ་ཆགས་ཡོད།
== རྫོང་འདིའི་མིང་སྐོར། ==
<blockquote>
====== སྟེང་ཆེན། ======
</blockquote>“སྟེང་ཆེན་”ཞེས་པའི་མིང་དོན་ནི་གྲོང་རོང་ལྟ་བུ་མ་ཡིན་པར་ལུང་པའི་སྒང་ཁོད་ཡངས་པ་ཞིག་ལ་གོ་བ་དང་། སྤྱིར་མིང་འདི་ད་ལྟའི་རྫོང་གི་སྲིབ་ངོས་སུ་གནས་པའི་སྟེང་ཆེན་ཡུལ་ཚོ་ཆགས་སའི་ས་གནས་དེའི་མིང་ཡིན་ཞིང་། སྤྱི་ཚོགས་རྙིང་པའི་སྐབས་དཀར་རུ་དཔོན་ཚང་ས་གནས་དེར་ཆགས་ཡོད། ད་ལྟའི་རྫོང་ཆགས་ས་དེ་ལ་“འཇའ་མོ་ཐང་”<ref><small>ཁྱུང་པོ་སྟེང་ཆེན། 2005: p. 1.10–12: “འཇའ་མོ་’ཞེས་པ་ནི་སོག་སྐད་ཡིན་ལ། དེའི་གོ་དོན་ནི་‘རྟ་ཚུགས་སམ་’འགྲིམ་འགྲུལ་སྐྱེལ་འདྲེན་འབབ་ཚུགས་ཀྱི་མིང་ཡིན་པས།”</small></ref>ཟེར་ཞིང་“འཇའ་མོ་”ནི་སོག་པའི་སྐད་དུ་ས་ཚུགས་ལ་གོ་ཞིང་དེ་ནི་སྤྱི་ཚོགས་རྙིང་པར་སོག་པོས་དབང་བསྒྱུར་བྱས་སྐབས་བྱུང་། འོན་ཏེ་མིང་མཐའི་“ཐང་”ནི་བོད་སྐད་རང་ཡིན་པར་ངེས། <blockquote>
====== ཁྱུང་པོ། ======
</blockquote>“ཁྱུང་པོ་”ཞེས་པ་ནི་རྫོང་ཆགས་ཡུལ་ས་གནས་བྱེ་བྲག་པའི་མིང་ཙམ་མ་ཡིན་པར་རྫོང་ཡོངས་ཀྱི་ས་ཁྱོན་ཧྲིལ་པོའི་མིང་ཡིན་ཞིང་མིང་འདི་སྤྱི་ཚོགས་གསར་རྙིང་གཉིས་ཀར་གྲགས། འོན་ཀྱང་ཐ་སྙད་འདི་བོད་ཀྱི་སྔ་རབས་ལོ་རྒྱུས་ཕལ་མོ་ཆེར་མངའ་རིས་ཞང་ཞུང་དང་གཙང་ཁུལ་གྱི་རུས་རྒྱུད་ཅིག་གི་མིང་ཡིན་པ་«ཏུན་ཧོང་ཡིག་རྙིང་»དང་།<ref><small>«ཏུན་ཧོང་ཡིག་རྙིང་» (PT1287.0198–0199) ལས་བྱུང་བ་ལྟར་ན། “ཙང་[=གཙང་]བོད་ཀྱི་རྗེ་བོ་མར་མུན་མགོ་བཆད་[=བཅད་]དེ། ཙང་[=]གཙང་བོད་ཀྱི་ཁྱིམ་ཉི་གྲི།[=ཁྲི།] བཙན་པོའི་ཕྱག་དུ་པུལ་[=ཏུ་ཕུལ་]ཏེ། ཟུང་ཙེ་གློ་བ་ཉེའོ། །
འུང་ནས། བཙན་པོ་སློན་བཙན་གྱྀས། ཙང་[=]གཙང་བོད་ཁྱིམ་ཉི་གྲྀ།[=ཁྲི།] ཟུ་ཙེ་གློ་བ་ཉེ་བའི་བྱ་དགའར་སྩལ་[=དགར་བསྩལ་]ཏོ། །འུང་གྀ་འོག་དུ་ཏུ་བཙན་པོ་མཆེད་གཉིས་ལ། མོང་སྔོན་པོས་གློ་བ་རྀངས་པ། ཟུ་ཙེ་གློ་བ་ཉེ་བས་དཀུའ་བེལ་ནས། བཙན་པོ་མཆེད་གཉྀས་ཀྱི་སྐུ་ལ་མ་དར་པར། མོང་སྔོན་པོ་བཀུམ་བཀུབས་ཏེ། །ཟུ་ཙེ་གློ་བ་ཉེའོ། །” ཞེས་པའི་ཟུ་ཙེ་ནི་ཁྱུང་པོ་སྤུངས་སད་ཟུ་ཙེའོ།་།</small></ref> «ཉང་རལ་ཆོས་འབྱུང་»<ref name=":0"><small>«ཉང་རལ་ཆོས་འབྱུང་» (p. 169.22–170.6) “ཕུང་གཡག་ཐལ་ཁ་རུ་རིངས་སུ་གྲགས་པ་དེ་འདུལ་བ་ལ་རྟ་ཅང་ཤེས་དགོས་པས། ཀོང་པོའི་ཡུལ་བྲེ་སྣ་ནས། རྟ་བྱ་མ་ཞུར་རུ། དམུ་ཏེ་ལོང་བས་རྙེད་དོ། །དེ་ཡང་འབྲས་ལྗང་ཕོར་ཆུས་སོས་ཏེ། བྱང་གངས་ལ་རོང་དུ་བྱོན་ཏེ། རྟ་ཞོན་ནས་གཡག་དེད་ནས། དགོང་མོ་མཚོ་ཁུག་གཅིག་ཏུ་ཚུད་པས། རྟ་ཀ་འཐེན་པའི་དྲུང་དུ་འབྲོང་ཤོར་བ། ཁྱུང་པོ་སྤུ་ཐང་གཟུང་རྩེ་ལངས་ནས། རྟ་ཀ་ལ་འཇུས་ཏེ་རྫ་རར་ཁྲིད་ནས། རྒྱལ་པོ་ལ་རྒོད་ཤ་གྲངས་དྲངས་སོ། །དེ་ལ་ཁྱེད་ཀྱིས་ཕུང་གཡག་འདུལ་རོགས་གྱིས་གསུངས་པས། ངོས་ཀྱི་གྲོགས་པོ་འབོད་ཟེར་ནས་སོང་སྟེ། དམུ་དཔུང་རྒྱང་རིང་པོ་བྱ་བའི་མི་གཟུགས་ཆེན་པོ་ཞིག་ཁྲིད་བྱུང་ངོ༌། །”</small></ref>དང་«མཁས་པའི་དགའ་སྟོན་»<ref><small>«ཆོས་འབྱུང་མཁས་པའི་དགའ་སྟོན་» (p. 187.4–5) ལས། “གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་པོའི་ཡུལ། །”</small></ref> «བློན་པོ་བཀའ་ཡི་ཐང་ཡིག་»<ref><small>«བློན་པོ་བཀའ་ཐང་་» (p. 438.3–17) ལས། “རུ་ལག་སྨད་ཀྱི་སྟོང་སྡེ་བཞི། །ཉང་རོ་འདྲེ་ཡི་སྟོང་སྡེ་ཡིན། །ཁྲི་ཐ'''་<code>ཁྱུང་པོའི་སྟོང་སྡེ་</code>ཡི'''ན། །གད་བཀྲམ་འགོས་ཀྱི་སྟོང་སྡེ་ཡིན། །མཁར་པ་ཤུ་གུའི་སྟོང་སྡེ་ཡིན། །འཚོང་མ་སྟོང་བུ་ཆུང་སྒོའི་སྟོང་སྡེ་ཡིན། །རུ་ལག་སྨད་ཀྱི་དམག་དཔོན་ནི། །འདྲེ་རྒྱལ་ཏོ་རི་ཁྲི་ལོད་ཡིན། །རུ་རྟ་ངང་པ་རྡོག་ནག་ཡིན། །རུ་དར་དར་དཀར་ཐང་འགེབས་ཡིན། །རུ་སྒབ་<code>'''ཁྱུང་པོ་སྤུ་སྣ་ཟུང'''</code>་། ཡིག་ཚངས་གཡུ་ཡི་ཡི་གེ་ཡིན། །དམག་བཞེད་ཐང་ལ་སེར་བ་བབ་པ་འདྲ། །དེ་ཡང་སུམ་འབུམ་དྲུག་ཁྲི་སྟེ། །སྟོད་སྨད་གཉིས་ཀའི་མགོ་གྲངས་ནི། །བདུན་འབུམ་ཉི་ཁྲི་ཡོད་དོ་སྐད། །གཡས་རུའི་སྟོང་སྡེ་བརྒྱད་ལ་ནི། །སྟོད་ཡོངས་ཤངས་སྟེང'''<code>་ཁྱུང་པོའི་སྟོང་</code>'''སྡེ་ཡིན། །ལང་མི་ཕོད་དཀར་པ་ཚབ་སྟོང་སྡེ་ཡིན། །དྲང་མཚམས་གཉན་དཀར་ལངས་པའི་སྟོང་སྡེ་ཡིན། །ཡེལ་རབ་ཟོམ་སྟེང་འགོས་ཀྱི་སྟོང་སྡེ་ཡིན། །ཤངས་ཀྱི་སྟོང་བུ་ཆུང་རིང་སླེ་བྱའི་སྟོང་སྡེ་ཡིན། །གཡས་རུ་སྟོད་ཀྱི་དམག་དཔོན་ནི། །རྒྱལ་བ་ཡེ་ཤེས་དེ་དྲུག་མེས་པོ། '''<code>།ཁྱུང་པོ་སྟག་ཟངས་</code>'''ཉང་སྟོད་བྱས། །རུ་རྟ་ནི་མཚའ་[= མཚལ་]ལུ་མ་སྟག །རུ་དར་ནི་ནག་པོ་མཚོ་འདྲ། །རུ་སྒབ་ནི་པ་ཚབ་མཚོ་བཞེར། །ཡིག་ཚངས་ནི་ཟངས་ཀྱི་ཡི་གེ །དམག་བཞེད་ནི་བྱུ་རུའི་སྡོང་པོ་བཀྲམ་པ་འདྲ། །མགོ་གྲངས་ནི་སུམ་འབུམ་ལྔ་ཁྲི། །”</small></ref> སོགས་སུ་གསལ་བ་ལས་ཁམས་སྟོད་སུམ་པ་རླངས་ཡུལ་གྱིམ་ཤོད་ལ་“ཁྱུང་པོ་”ཞེས་པའི་ཐ་སྙད་བྱུང་བ་མཐོང་དཀའ། འོན་ཀྱང་ཡུལ་འདིར་བོད་གནའ་བོའི་རིག་གནས་གཡུང་དྲུང་བོན་ཤུགས་ཆེར་དར་རྒྱས་ཕྱིན་པ་དང་། བར་སྐབས་ནས་ཡུལ་མིང་ལ་“ཁྱུང་པོ་”ཞེས་ཐ་སྙད་འཇུག་ཚུལ་ལ་དཔགས་ན། སྟོད་ཀྱི་ཁྱུང་པོའི་མི་རྒྱུད་ཁག་གཅིག་ཡུལ་འདིར་འོངས་ནས་གཞིས་ཆགས་པར་བཤད་ཚུལ་དེ་ལ་རྒྱུ་མཚན་ཡོད་པར་སེམས་ཏེ། གཡུང་དྲུང་བོན་གྱི་«མ་ཡིག་གཡུ་མགོ་མ་»<ref>[https://web.archive.org/web/20210803102822/https://ti.tibet3.com/culture/srolgyun/2020-09-07/53915.html <small>གྱིམ་ཤོད་ཡུལ་དུ་ཁྱུང་པོའི་གདུང་རབས་བྱུང་ཚུལ་ལ་དཔྱད་པ།</small>]ལས།
<small>“དེ་ནས་སྤུ་བོ་ལ་ནག་དུ་བྱོན། ལ་ཁའི་གངས་མ་ཤོག་ནས་ལ་ཁ་ལ། འགའ་རེ་ཕར་སོང་དབུས་གཙང་དུ་བཞུགས། མུ་ལངས་ཡབ་སྲས་ཚུར་བྱོན། དེར་ཐམས་ཅད་འཐོར་བའི་ཁྱུང་འཐོར་ལ་ཁ་འདི་དགུང་བའི་མཐོ་བྱ་བ་ལགས་སོ། །”</small></ref>ལས། ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་མི་རྒྱུད་དག་ལ་ཉམས་ཉེས་ཆེན་པོ་བྱུང་སྐབས། བལ་ཡུལ་དུ་བྲོས་པ་ལ་བལ་ཁྱུང་། མོན་ཡུལ་དུ་བྲོས་པ་ལ་མོན་ཁྱུང་། སྟོང་རྒྱུང་རིང་མོའི་སྲས་རྒྱུད་མང་རབས་ཅིག་མངའ་རིས་ནས་གཙང་བརྒྱུད་དེ་ཀོང་པོ་དང་། དེ་ནས་སྤུ་བོ། དེ་ནས་ཁྱུང་འཐོར་ལ་<ref><small>“ཁྱུང་འཐོར་ལ”འམ་“ཁྱུང་ཐོ་ལ་”ནི་སྤོ་སྟོད་དང་ཤོ་རྟ་ལྷོ་གསུམ་བར་དུ་ཡོད་པའི་ལ་མཐོན་པོ་ཞིག་སྟེ། སྤྱི་ཚོགས་རྙིང་པར་གནས་སྐོར་བ་མང་པོ་ཞིག་ལ་དུག་ཕོག་ནས་ཤི་བའི་ལོ་རྒྱུས་ཡོད།</small> </ref>ནས་ཁྱུང་པོའི་མི་རྒྱུད་འཐོར་ཏེ་རྒྱུད་པ་བྱུང་རབས་ཡོད། འོན་ཏེ་ཡིད་མ་ཚིམས་པ་ཞིག་ལ་ཁྱུང་འཐོར་ལ་ནས་ཁྱུང་པོའི་རྒྱུད་པ་འཐོར་སོང་བ་ཙམ་ལས་“གྱིམ་ཤོད་”དུ་དངོས་སུ་གནས་ཆགས་པའི་ལོ་རྒྱུས་ཁ་གསལ་མི་སྣང་། འོན་ཏེ་«ཁྱུང་པོའི་རྒྱལ་རྒྱུད་ཤེལ་དཀར་མེ་ལོང་»ལས་དུས་སྐབས་དེར་ཁྱུང་པོ་མུ་ལངས་ཀྱི་སྐུ་མཆེད་ཁྱུང་འཕགས་ཁྲ་བོ་སྤུ་བོ་ལ་ནག་(ཁྱུང་འཐོར་ལ་)ནས་ཆས་ཏེ་ལྷོ་ཡི་རོང་ལྷ་རྒྱལ་མཚན་ཟུར་ནས་ཚུར་ཡོང་ནས་སུམ་པ་གླང་གི་གྱིམ་ཤོད་དུ་ཕེབས་ཚུལ་འཁོད་ཡོད་པར་བཤད། <blockquote>
====== སུམ་པ་རླངས་ཡུལ་གྱིམ་ཤོད། ======
</blockquote>དམིགས་བསལ་ཏུ་སྔར་དུས་ཡུལ་འདིར་“སུམ་པ་རླངས་ཡུལ་གྱིམ་ཤོད”ཅེས་ཡོངས་སུ་གྲགས་པ་སྟེ། བོད་བཙན་པོའི་དུས་དང་སིལ་བུའི་དུས་ནས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་བར་རིམ་པར་བརྩམས་ཏེ་གྲུབ་པའི་«རླངས་ཀྱི་པོ་ཏི་བསེ་རུ་»<ref name=":1"><span lang="bo" dir="ltr"><small>«རླངས་ཀྱི་པོ་ཏི་བསེ་རུ་» (A, fol. 31b3; B, p, 30.18–18) ལས།“རུ་དཔོན་གྱིས་<sup>(1)</sup>སུམ་<sup>(2)</sup>པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང་།” <sup>(1)</sup> གྱི་] A, གྱིས་ B; <sup>(2)</sup>སུམ་] ''em''., སུམ་ཅུ་] B, སུམ་བཅུ་ A.</small></span></ref>ལས། “རུ་དཔོན་གྱིས་སུམ་པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང་།” ཞེས་སོགས་ལས་ཤེས་ནུས། ལར་ནས་«རླངས་ཀྱི་པོ་ཏི་བསེ་རུ་»འདི་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱི་རྩོམ་སྒྲིག་དང་ཁ་སྣོན་བྱས་ཡོད་པ་ལས། དེབ་འདིའི་ནང་གི་ཁམས་ཁུལ་གྱི་ཡུལ་ལུང་དང་། མི་རྒྱུད། གོམས་གཤིས་སོགས་ཞིབ་ཕྲ་འདི་ལྷ་བུ་ཤེས་པར་མི་ནུས་ཏེ། གཅིག་ནས་ཁོང་དང་ཁོང་ཡན་གྱི་བོད་ཀྱི་རྩོམ་རིག་གྲས་སུ་ཁམས་ཁུལ་ཀྱི་ལོ་རྒྱུས་ཡོད་པའི་དཔྱད་གཞིའི་ཡིག་ཆ་ལ་ཁ་གསལ་མེད་པ་དང་། གཉིས་ནས་ཁོང་རང་ཉིད་ཁམས་ཁུལ་དུ་དངོས་སུ་ཕེབས་ཏེ་ཉམས་མྱོང་དང་རྒྱུས་ལོན་བྱས་པའི་ལོ་རྒྱུས་ཀྱང་མེད་པས་སོ། །དེ་ན་ཡིག་ཆ་འདིར་ཁམས་ཁུལ་གྱི་ལོ་རྒྱུས་ཞིབ་མོར་འགོད་མཁན་དེ་གདོན་མི་ཟ་བར་ཨ་མྱེ་བྱང་ཆུབ་འདྲེ་བཀོལ་ཡིན་པར་སེམས།
== ས་བབ་དང་གནམ་གཤིས། ==
རྫོང་གི་ཤར་མཐའ་ནས་ནུབ་མཐའི་བར་སྤྱི་ལེ་ 152 དང་དེ་བཞིན་ལྷོ་བྱང་བར་སྤྱི་ལེ་ 146 ཡོད་ཅིང་ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ་ 11562 ཡོད། ས་བབས་ཆགས་ཚུལ་ཐད་བོད་ཤར་ཕྱོགས་ཀྱི་ས་ཁུལ་ཕལ་མོ་ཆེ་ལྟར་ལུང་པ་འབུར་གཤོང་གི་རྣམ་པར་ཆགས་ཤིང་ས་བབ་ནི་ནུབ་བྱང་མཐོ་ཞིང་ཤར་ལྟོ་དམའ། སྤྱིར་ཡུལ་འདིར་རི་ཆུ་མཚོ་གསུམ་གྱི་མཛེས་ལྗོངས་ལྟ་བས་ཆོག་མི་ཤེས་པ་མང་པོ་ཡོད་པ་སྟེ། སྤུལ་རྒྱལ་གངས་རི་གཙོས་པའི་མཐོ་ཚད་རྨིད་ 5000 ལས་བརྒལ་བའི་རི་བོ་བཅུ་ཕྲག་ཡོད། སྤུ་ཐོག་མཚོ་ཆེ་ཆུང་གི་མཚོན་པའི་མཚོ་དང་མཚེའུ། རྟ་ཆུ་དང་། ཞེ་ཆུ། ག་ཆུ་སོགས་ཀྱིས་མཚོན་པའི་གཙང་ཆུ་དྭངས་མོ་ཇི་སྙེད་ཅིག་ཡོད།
ཡུལ་འདིའི་གནམ་གཤིས་ནི་དགུན་དུས་གྲང་ཞིང་སྐམ་ཤས་ཆེ་བ་དང་། དབྱར་དུས་ཚ་གྲང་སྙོམ་ཞིང་གཤེར་ཚད་མཐོ། ལོ་འཁོར་མའི་ཚ་གྲང་གི་འགྱུར་བ་ཆུང་ཡང་ཉིན་གཅིག་གི་ཚ་གྲང་གི་འགྱུར་བ་ཧ་ཅང་ཆེ། ལོ་འཁོར་མོ་གཅིག་གི་ནང་ཆུ་ཚོད་ 2457 རིང་ཉི་མ་འཆར་བས་འཆར་ཡུན་རིང་བ་དང་། ལོ་འཁོར་ཆར་ཞོད་ཀྱི་ཚད་ནི་ 641 mm ཡིན་ཞིང་སད་འབྱུང་བའི་དུས་ཚོད་མངོན་གསལ་མེད།
ལོ་འཁོར་ཆ་སྙོམ་ཚ་གྲང་གི་ཚད་ནི་ 3.4℃ ཡིན་ཞིང་ཚ་ཤོས་ 27℃ དམའ་ཤོས་ཀླད་ཀོར་འོག་གི -25℃ ཡིན་པ་དང་། ས་འཁྱགས་པའི་གཏིང་ཚད་མཐོ་ཤོས་ལ་སོར་ 111 cm. ཡིན།
== མི་འབོར་དང་མི་རིགས། ==
སྤྱི་ལོ་ 2020.6 པར་མི་འབོར་བསྐྱར་ཞིབ་ལྟར་ན་མི་གྲངས་ 92,900 སྟེ་འབུམ་ལ་ཉེ་བ་ཡོད་ཅིང་། དེ་དག་ལས་བརྒྱ་ཆ་ 95%བོད་རིགས་དང་། གཞན་དག་ནི་ཧན་རིགས་ (Han 汉族) དང་། ཁ་ཛག་རིགས། (Kazak 哈萨克族) ན་ཤིའི་རིགས། (Naxi 纳西族) ཧུའི་རིགས། (Hui 回族) བའི་རིགས། (Bai 白族) མན་ཆུའི་རིགས། (Manchu,满族) ཡིའི་རིགས། (Yi 彝族) ཏུ་ཇི་ཡ་ཡི་རིགས་Tujia 土家族) སོགས་ཡོད།
== གྲགས་ཅན་ས་གནས། ==
<blockquote>
===== [[རི་རྩེ་དྲུག]] =====
</blockquote>
[[File:ཁྱུང་པོ་རི་བོ་རྩེ་དྲུག Ri tse drug six peaks montain.jpg|thumb|ཁྱུང་པོ་རི་བོ་རྩེ་དྲུག Ri-tse-drug (Six Peaks Mountain)]]
ཁྱུང་པོའི་རི་བོ་རྩེ་དྲུག་ (孜珠寺 Zizhu) ནི་སྟེང་ཆེན་རྫོང་ནས་ཤར་ཕྱོགས་སུ་སྤྱི་ལེ་ 17 གྱི་ས་སྟེ་<ref>གཞུང་ལམ་ཨང་ 317</ref>རྟ་ཆུ་དང་ཞེ་ཆུ་འདྲེས་མཚམས་ཆུ་མདོ་འགག་གི་ཤར་ངོས་ཀྱི་རི་རྒྱུད། རྟ་ཤོད་དང་ལྗང་ཤོད་གཉིས་ཀྱི་བར་དུ་ཆགས་པའི་བྲག་སྤང་འདྲེས་མའི་རི་བོ་དེ་ཡིན། འདི་ལ་གནའ་དུས་སུམ་པ་གླང་གི་གྱིམ་ཤོད་<ref name=":1" />ཅེས་པ་དེ་ཡིན་ཞིང་མཐོ་ཚད་རྒྱ་མཚོའི་ངོས་ལས་རྨིས་ 4850 ལྷག་ཙམ་ཡོད། རི་རྒྱུད་འདིའི་ནུབ་མཐའ་རི་རྩེ་དྲུག་རང་ནས་མཚམས་ཆད་ཡོད་ཀྱང་། ཤར་ནས་རིམ་བཞིན། རྟ་རྒྱལ། ཇོ་རྒྱལ། རོམ་རྒྱལ། ཅོ་ཧོ་དགེ་མ། རྟ་ཤོད་ཟལ་མོ་རི་རྒྱུད་ནས་ཚ་བ་སྒང་བར་དུ་ཐུག་ཡོད། རི་རྒྱུད་འདི་དག་རི་རྩེ་མཐོ་ཤོས་ནི་ཅོ་ཧོ་དགེ་མ་སྟེ་བཤད་ཚུལ་ལ་རི་འདིའི་རི་རྩེ་མོ་ནས་བལྟས་ན། རྒྱ་གར་གྱི་རི་རྟ་སྟན་ཙམ་དང་རྒྱ་ནག་གི་རི་བལ་སྟན་མཐོང་ཟེར་སྲོག་ཡོད། དེ་ནས་“རྟ་ཤོད་ཟལ་མོ་རི་”ནི་སྙན་གྲགས་ཅུང་ཆེ་བའི་རྒྱུད་ཅིག་ཡིན་པ་གླིང་སྒྲུང་སོགས་ལས་ཤེས་ཐུབ།
བོན་ལུགས། རི་འདི་གཙོ་བོ་གཡུང་དྲུང་བོན་གྱི་གནས་རི་རྩ་ཆེན་ཞིག་ཏུ་བརྩི་བ་སྟེ། བླ་ཆེན་དྲན་པ་སོགས་རིག་འཛིན་གྲུབ་ཆེན་བརྒྱད་ཅུས་བྱིན་གྱིས་བརླབས་པ་འི་གནས་དང་། ཁྱད་པར་དུ་དབུས་སུ་དབལ་ཆེན་གེ་ཁོད་ཀྱི་གནས་ཤེལ་ལེ་རྒྱ་གར། གཡས་ཕྱོགས་སུ་ཁྲོ་བོ་དབང་ཆེན་གྱི་གནས་རི་རྒོད་ཚང་དང་སུམ་པ་མུ་སྤུངས་གསལ་སྟང་གི་བཞུགས་གནས། གཡོན་ཕྱོགས་སུ་མ་རྒྱུད་གསང་མཆོག་མཐར་ཐུགས་ཀྱི་ངོ་ཐི་སེང་གདོང་ཁྲ་མོ་དང་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱི་བཞུགས་གནས་སོགས་ངོ་མཚར་བའི་བཀོད་པ་ཇི་སྙེད་གཅིག་ཡོད། གནས་གནས་འདིར་བོན་པོའི་དགོན་ཆེན་ཞིག་ཀྱང་ཡོད།
བན་ལུགས། དུས་རབས་བཅུ་བདུན་པར་བྱོན་པའི་རྙིང་མའི་གཏེར་ཆེན་གནས་ལྩགས་རྩ་གསུམ་གླིང་པས་ (1694–1738) གནས་འདི་ནས་«རྟ་ཕག་ཡིད་བཞིན་ནོར་བུའི་»ཆོས་སྐོར་དང་བོན་ཆོས་«དབལ་སྲས་གསང་བ་ཐ་ནག་»གི་སྐོར་གཏེར་ནས་བཞེས་པའི་ལོ་རྒྱུས་ཡོད། གང་ལྟར་བན་དེ་ཚོས་ཀྱང་གནས་འདིར་རྩ་ཆེན་དུ་བརྩི་ཞིང་གནས་མཇལ་དང་རི་སྐོར་དུ་འགྲོ་སྲོལ་ཡོད། མ་ཟད་བོད་ཀྱི་གླིང་སྒྲུང་ཤོད་མཁན་རྣམ་པས་ཀྱང་རི་འདི་ལ་ཆེ་མཐོང་ཧ་ཅང་ཆེ་བ་སྟེ། «མོན་གླིང་གཡུལ་འགྱེད་»ལས་དཔའ་གཡུ་ལྷས་རི་རྩིས་བྱེད་སྐབས། “མ་མཁའ་འགྲོའི་ཚོགས་འཁོར་བཤམས་འདྲ་དེ། །ཁྱུང་པོ་རི་བོ་རྩེ་དྲུག་རེད། །”ཅེས་སོགས་ཀྱིས་མཚོན།<blockquote>
===== [[རོམ་ཐང་གནས་ཁྲ་མོ།|ཪོམ་ཐང་གནས་ཁྲ་མོ།]] =====
</blockquote>
[[File:ཪོང་ཐང་གནས་ཁྲ་མོ།.jpg|thumb|ཪོང་ཐང་གནས་ཁྲ་མོ། Romthang Neytramo]]
གནས་ཁྲ་མོའི་རྡོ་འབུམ་ནི་བོད་ཁམས་ཀྱི་མ་ཎི་རྡོ་འབུམ་ཆེ་གྲས་དཔེར་ན་ནང་ཆེན་[[ནང་ཆེན་མ་ཎི་འཇའ་དམར།|མ་ཎི་འཇའ་དམར]]། སྐྱེ་དགུའི་རྒྱ་ནག་མ་ཎི། རྫ་ཆུ་ཁའི་དཔལ་དགེ་མ་ཎི་སོགས་དང་དོ་མཉམ་པའི་མ་ཎི་རྡོ་འབུམ་ཆེན་མོ་ཞིག་ཡིན། གོང་ཞུས་ལྟར་གནས་འདི་ཉིད་གླིང་གེ་སར་ཕེབས་ཏེ་གནས་སྒོ་ཕྱེ་བ་ནས་བཟུང་སྤྱན་རས་གཟིགས་གྱི་གདན་སར་གྱུར་ཏེ་མ་ཎི་རྡོ་འབུམ་ཆགས་ཚུལ་ལྟར་ན་དུས་རབས་བཅུ་གཅིག་པའི་ནང་རྡོ་འབུམ་འདི་བྱུང་ཟིན་པ་དང་།
ཡང་རྒྱ་མོ་བཟའ་ཀོང་ཇོ་ལ་ཡར་གཏུགས་ན་དེའི་སྔོན་ཏེ་དུས་རབས་བརྒྱད་པར་དེད་སོང་ན་ཆོག འོན་ཏེ་ཁ་རྒྱུན་དུ་སེ་རྒྱལ་དབང་བདེ་ཆེན་རྡོ་རྗེས་ཡུལ་ལུང་གང་སར་མ་ཎི་རྡོ་འབུམ་བཞེངས་བའི་ཁྲོད་ཀྱི་གཅིག་ཡིན་པར་གྲགས་ཀྱང་། «སེ་ཕུ་རིག་འཛིན་བདེ་ཆེན་རྡོ་རྗེ་མ་བྱོན་གོང་དང་བྱོན་ཚུལ་སྐུ་ཕྲེང་རིམ་བྱོན་གྱི་ལོ་རྒྱུས་»ནང་ལྷ་ཁང་དང་དགོན་པ་བཞེངས་ཚུལ་ལས་རྡོ་འབུམ་གསར་དུ་བཞེངས་པའི་ལོ་རྒྱུས་མ་འཁོད་པས། གཏམ་རྒྱུད་དེ་དག་ལྷ་ཁང་དང་རྡོ་འབུམ་ནོར་ཏེ་བཤད་ཡོད་པར་སེམས།
རྡོ་འབུམ་ཆགས་ཡུལ་ནི་རྨེ་རུ་རོམ་ཐང་གྲོང་གི་ཆུ་འགྲམ་དང་། མ་ཎི་བརྐོ་སའི་རྡོ་ཕལ་མོ་ཆེ་ནི་ཆུ་རྡོ་གྲོ་དཀར་གྱི་རིགས་“བྱ་རྡོ་”ཞེས་པ་ཞིག་ཡིན་ཞིང་རྡོ་དེ་དག་ཉེ་འཁོར་གྱི་བྱ་ཆུ་དང་རྟ་ཆུའི་རྒྱུད་དུ་ཡོད། བརྐོ་བྱའི་གསུང་རབ་ནི་གཙོ་བོ་མ་ཎི་དང་། བཛྲ་གུ་རུ། ཚེ་མདོ། རྡོ་གཅོད། ལྟུང་བཤགས། ཐར་མདོ། གསེར་འོད། གདུགས་དཀར། བརྒྱད་སྟོང་པ། རྡོ་བརྐོས་ལྟ་སྐུ། ཆེ་ས་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཡང་ཚར་གྲངས་མི་ཉུང་བ་ཡོད་པར་ངེས།
རྡོ་འབུམ་འདིའི་རིང་ཚད་ལ་སྐུམ་ཁྲུའམ་མེ་ཊར་ 80 ཞིང་ཚད་ལ་ 65 ཙམ་ཡོད། ས་ངོས་ནས་ཡར་འཕགས་པའི་མཐོ་ཚད་ལ་ཆ་སྙོམ་ཐོག་བརྩེགས་གཉིས་ཙམ་དང་། ས་འོག་ཏུ་ནུབ་ཟིན་པའི་ཚད་ལ་ཐོང་གཤོལ་གྱི་གཤོལ་མདའ་ཞིག་གི་ཚད་ལས་རིང་བར་གྲགས་པས་ཐོག་བརྩེགས་གཅིག་ལས་མཐོ་བར་སེམས། མདོར་ན་གནས་ཁྲ་མོའི་མ་ཎི་རྡོ་འབུམ་ཆེན་མོ་འདི་ནི་ཁྱུང་པོའི་ཡུལ་གྱི་བཀའ་བན་བོན་གཉིས་ལས་བནྡེའི་གནས་རྩ་ཆེ་ཤོས་དང་སྙན་གྲགས་ཆེ་ཤོས་ཤིག་ཡིན།<blockquote>
===== [[རྟ་ཤོད་ཟལ་མོ་རི།]] =====
</blockquote>
[[File:རྟ་ཤོད་ཟལ་མོ་རི་རྒྱུད།.png|thumb|རྟ་ཤོད་ཟལ་མོ་རི་རྒྱུད། Tashod Zalmori ]]
རྟ་ཤོད་ཟལ་མོ་རི་ནི་སྟེང་ཆེན་དང་རི་བོ་ཆེ་རྫོང་གཉིས་ཀྱི་མཚམས་སུ་ཁེལ་ཡོད་ཅིང་སྟེང་ཆེན་ནས་སྤྱི་ལེ་ 80 ཙམ་གྱི་སར་ཡོད་ཅིང་། ཁྱུང་པོ་རྨེ་རུ་གློག་ཐང་ (麦日村 Mairicun) གི་མདུན་ཐད་ཏག་ཏག་ལ་ཁེལ་གྱི་ཡོད། གནས་འདི་རྙིང་མའི་ལུགས་ཀྱི་གནས་རི་རྩ་ཞིག་ཏུ་བརྩི་བ་སྟེ། གཏེར་ཆེན་སྟག་ཤམ་ནུས་ལྡན་རྡོ་རྗེས་ (1655–1708) རྟ་ཤོད་ཟལ་མོའི་རི་སྒྲོལ་མ་ལ་ཁའི་བྲག་ནས་«གུ་རུ་སྣང་སྲིད་ཟིལ་གནོན་གྱི་བསྐང་བཟློག་»སྐོར་ཁྲོམ་གཏེར་དུ་བཞེས་པར་གྲགས། ཡུལ་མི་ཚོས་དབྱར་དུས་སུ་ནོར་ལུག་དེད་དེ་གནས་སྐོར་དུ་འགྲོ་སྲོལ་ཡོད། ཡང་གེ་སར་གྱི་སྒྲུང་ཡིག་དུ་མའི་ནང་། “རྟ་ཤོད་ཟལ་མོའི་རི་རྒྱུད་ལ། །རྟ་སྒབ་མའི་སྒབ་མ་ཁྲིད་འདྲ་ཡོད། །”ཅེས་པ་གྲགས་ཆེན་རི་བོ་ཞིག་ཏུ་བརྩི་བ།
<blockquote>
===== [[སྤུ་རྒྱལ་གངས་རི།]] =====
</blockquote>
[[File:སྤུ་རྒྱལ་གངས་རི།.jpg|thumb|སྤུ་རྒྱལ་གངས་རི། Purgyal Snow Mountain]]
ཁྱུང་པོའི་ཡུལ་གྱི་གངས་རི་མཐོ་ཤོས་ནི་སྤུ་རྒྱལ་གངས་རི་ཡིན་ཞིང་སྟེང་ཆེན་རྫོང་ག་ཐ་ (嘎他乡) ཡུལ་ཚོའི་ཁོངས་སུ་གཏོགས། འདི་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་རྨིས་དྲུག་སྟོང་སུམ་བརྒྱ་ཉེར་བརྒྱད་ཡོད་ཅིང་། རི་འདི་སྟེང་ཆེན་རྫོང་དང་། སྦྲ་ཆེན་རྫོང་། སོག་རྫོང་བཅས་འབྲེལ་མཚམས་སུ་ཆགས་ཡོད། འདི་ཡོད་སར་འགྲོ་དགོས་ན། སྟེང་ཆེན་རྫོང་ཐོག་ནས་སྤྱི་ལེ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད། གཞུང་ལམ་ཨང་སུམ་བརྒྱ་དང་བཅུ་བདུན་པའི་རྒྱུད་ན་ཡོད་པའི་མ་རུ་གྲོང་ཚོའི་ལམ་རྟགས་ཡོད་ས་ནས་བལྟས་ན། སྤུ་རྒྱལ་གངས་རིའི་ཟུར་ཆ་ཅུང་མཐོང་ཐུབ། དེ་ནས་རླངས་འཁོར་ཆུ་ཚོད་གཅིག་ཙམ་གྱིས་བགྲོད་ཐུབ་ཀྱང་འགྲོ་ལམ་སྣུམ་ལམ་མེད་པས་དཀའ་ངལ་ཡོད། རི་འདིར་དུས་བཞིར་འགྱུར་བ་མེད་པར་རང་བྱུང་དུང་གི་མཆོད་རྟེན་ཞིག་ཏུ་ལྷུན་གྱིས་གྲུབ། མ་ཟད་རི་འདི། གཡུང་དྲུང་བོན་གྱི་གནས་རི་རྩ་ཆེན་ཞིག་ཏུ་ཡང་བརྩི་སྲོལ་ཡོད། ཞིབ་ཕྲ་ཤེས་འདོད་ན་སྤུ་རྒྱལ་གངས་རིའི་གནས་ཡིག་སོགས་ལ་བལྟ་བར་འོས།
<blockquote>
===== [[སྤུ་ཐོག་མཚོ།|སྤུ་ཐོགས་མཚོ།]] =====
</blockquote>
[[File:སྤུ་ཐོག་མཚོ།.jpg|thumb|སྤུ་ཐོག་མཚོ། Puthog lakes]]
[http://www.shangri-latibet.cn/2020-09/30/content_368671.html སྤུ་ཐོག་མཚོ་]ནི་སྟེང་ཆེན་རྫོང་སྟེང་ཆེན་ཡུལ་ཚོའི་ཁོངས་སུ་ཡོད་ཅིང་བྱང་ངོས་ནས་ལ་ཞིག་བརྒལ་ན་སླེབས་ཐུབ་ལ་རྫོང་ཐོག་ནས་སྤྱི་ལེ་ 25 ཙམ་གྱི་ལམ་ཐག་ཡོད། སྤྲུ་ཐོག་མཚོ་ཞེས་པ་དེ་མཚོ་གཅིག་རང་མ་ཡིན་པར་རྒྱ་ཁྱོན་མི་འདྲ་བའི་ས་བབ་མཐོ་བའི་མཚེའུ་གཉིས་ལས་གྲུབ་ཡོད། དེ་ཡང་ཤར་ངོས་སུ་ཡོད་པ་དེར་སྤུ་ཐོག་མཚོ་ཆུང་ཟེར་ཞིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་གཉིས་ (2 square kilometers) ཡོད་པ་དང་། ནུབ་ངོས་སུ་ཡོད་པ་དེར་སྟོད་མཚོ་ཆེན་ཟེར་ཞིང་སྤྱི་ལེ་གྲུ་བཞི་མ་གསུམ་ (3 square kilometers) གྱི་རྒྱ་ཁྱོན་ཡོད་པ་དང་། མཚོ་གཉིས་ཀྱི་བར་དུ་སྤྱི་ལེ་ 5 ཙམ་གྱི་བར་ཐག་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་གཞུ་འདོམ་(རྨིས་) 4000-4600 བར་ཙམ་ཡིན།་མཚོ་ཆུའི་འབྱུང་ཁུངས་ནི་ཉེ་འཁོར་དུ་ཡོད་པའི་གངས་རི་དག་ཡིན། ས་གནས་དེ་ནི་རི་བོ་ཆེའི་ཁོངས་གཏོགས་རྡོ་ཤུལ་བ་དང་ནང་ཆེན་འབྲོག་པ་སོགས་དང་ས་འབྲེལ་དུ་ཆགས་ཡོད། <blockquote>
===== རང་བྱུང་ཆུ་ཚན། =====
</blockquote>གཞུང་ལམ་ཨང་ 317 པའི་ཕྱོགས་གཡས་གཡོན་གཉིས་ཀར་རང་བྱུང་ཆུ་ཚན་ཆེ་ཆུང་བཅུ་གྲངས་ཡོད་ཅིང་ཆུའི་དྲོད་ཚད་ 38 ནས་ 50 ℃ བར་ཡིན། ཚུ་ཚན་དེ་དག་ཏུ་ཉལ་ན་ལྤགས་ནད་དང་གྲང་བ་སོགས་ལ་ཧ་ཅང་ཕན།
== གྲགས་ཅན་མི་སྣ། ==
སྤྱིར་ན་བོད་འདིར་གྲགས་ཆེ་བའི་ཁྱུང་པོའི་མི་རྒྱུད་བརྗོད་ཀྱིས་མི་ལང་ཡོད་པ་སྟེ། དུས་རབས་བདུན་པར་བྱུང་བའི་བོད་བཙན་པོའི་བཀའ་བློན་“[[ཁྱུང་པོ་སྤུངས་སད་ཟུ་ཙེ་|ཁྱུང་པོ་སྤུངས་སད་ཟུ་ཙེ]]”དང་། མེ་ཨག་ཚོམ་སྐབས་སྨན་གཞུང་བོད་ལ་སྒྱུར་མཁན་“[[ཁྱུང་པོ་ཙེ་ཙེ་|ཁྱུང་པོ་ཙེ་ཙེ]]།” དུས་རབས་དགུ་པ་ཙམ་ལ་བྱུང་བའི་ཡིག་མཁན་གྲགས་ཅན་“[[ཁྱུང་པོ་གཡུ་ཁྲི་|ཁྱུང་པོ་གཡུ་ཁྲི]]།” བསྟན་པ་ཕྱི་དར་སྐབས་ཀྱི་ཤངས་པ་བཀའ་བརྒྱུད་སྲོལ་འབྱེད་པ་པོ་“[[མཁས་གྲུབ་ཁྱུང་པོ་རྣལ་འབྱོར།|མཁས་གྲུབ་ཁྱུང་པོ་རྣལ་འབྱོར]]།” ལོ་ཙཱ་བ་“[[ཁྱུང་པོ་ཆོས་བརྩོན་|ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས་]]”དང་“[[ཁྱུང་པོ་གྲགས་སེ་|ཁྱུང་པོ་གྲགས་སེ]]།” དེ་ཙམ་མ་ཟད་དག་པོ་བཀའ་བརྒྱུད་པའི་བསྟན་པའི་སྲོང་ཞིང་“[[མི་ལ་རས་པ་|རྗེ་མི་ལ་རས་པ]]འི”རུས་རྒྱུད་ཁྱུང་པོ་ཡིན་པོ་ཡིན་ལ། ཕྱིས་བྱོན་རིས་མེད་ཀྱི་སྐྱེས་[[ཀོང་སྤྲུལ་བློ་གྲོས་མཐའ་ཡས་|ཀོང་སྤྲུལ་བློ་གྲོས་]]མཐས་ཀྱི་གདུང་རིགས་ནི་ཁམས་ཁྱུང་པོའི་མི་རྒྱུད་ཁྱུང་པོ་བླ་མ་གཡུང་དྲུང་ཡིན་ཚུལ་གསལ་བས་སོ། །
འོན་ཀྱང་འདི་བརྗོད་པར་འོས་པ་ནི་ཁམས་ཁྱུང་པོའི་མི་རྒྱུད་དུ་སྐྱེས་ཤིང་རང་ཡུལ་ཁྱུང་པོའི་ཡུལ་དུ་གྲགས་པ་ཐོབ་པའི་མི་སྣ་སུ་བྱུང་ཡོད་མེད་ཅུང་ཙམ་བཤད་ན། <blockquote>
===== [[རྟ་ཤོད་བུ་མོ་པདྨ་མཚོ།]] =====
</blockquote>
[[File:Standing Tara in the Indian Museum, Kolkata.jpg|thumb|Tara in the Indian Museum]]
དམངས་ཁྲོད་དུ་སྙན་གྲགས་ཆེ་བའི་ལྟོ་རྟ་ཤོད་བུ་མོ་པདྨ་མཚོ་ནི་སྤྱི་ལོའི་དུས་རབས་ 13 པའི་ནང་ཁྱུང་པོ་རྟ་ཤོད་རྨེ་རུ་ཐལ་རྫོང་ཚང་དུ་སྐུ་འཁྲུངས།
དེང་སང་ལྟར་ན། སྟེང་ཆེན་རྫོང་གྱང་སྔོན་ཤང་རོམ་ཐང་གྲོང་སྡེ་ (Tibet, Dengqen, Rongtongcun 西藏丁青县觉恩乡绒通村) ཁོངས་སུ་གཏོགས། ཁོང་སྐུ་འཁྲུངས་སའི་ཕ་ཁྱིམ་ད་དུང་ཡང་ཡོད་ཅིང་ཡུལ་མི་ཚོས་བརྩི་མཐོང་བྱེད། འོན་ཀྱང་ཁོང་སྐུ་འཁྲུངས་ཡུལ་ངོས་འཛིན་ཐད་ལ་བཤད་ཚུལ་སྣ་ཚོགས་ཤིག་ཡོད་པ་སྟེ། ཀོང་པོ་ཚོས་ཁོང་ཚོའི་ཡུལ་དུ་འཁྲུངས་པར་འདོད་དེ། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོ་ (1880–1925) ཀོང་པོ་བྲག་དཀར་ལྷ་ཆུའི་ཕྱོགས་སུ་གནས་གཟིགས་ལ་ཕེབས་སྐབས་<ref><small>«ཀཿཐོག་སི་ཏུའི་གནས་ཡིག་» (p. 488.14–15).</small></ref>“རྟ་ཤོད་བུ་མོ་པདྨ་མ་མཚོའི་འཁྲུངས་ཁྱིམ་མཁར་སུ་ལུ་མ་ཧྲལ་”མཇལ་བའི་སྐོར་འཁོད་ཡོད་ཅིང་། ས་གནས་དེ་ནི་དེང་སང་ལྟར་ན་ཀོང་པོ་རྒྱ་མདའ་རྫོང་། ཉང་པོ་ཤང་། མི་རུ་གྲོང་ཚོའི་ཁོངས་སུ་གཏོགས། དེ་བཞིན་དུ་ཁྱུང་པོ་གྱང་སྔོན་ཟླ་བཟའ་ཐང་ (Dasha 达沙) གི་དཀར་འཇའ་ཚང་དུ་འཁྲུངས་རབས་ཀྱང་བཤད་སྲོལ་ཡོད་མོད། འཁྲུངས་ས་ངོ་མ་དེ་རྨེ་རུ་ཐལ་རྫོང་ཚང་རང་ཡིན་པར་སེམས་ཏེ་ཡུལ་མི་ཚོས་ད་རུང་ཁྱིམ་ཚང་དེར་ཆེ་མཐོང་བྱེད་ཅིང་འདི་ཚང་གི་བུ་མོ་རྣམས་མཁའ་འགྲོ་མའི་རིགས་རྒྱུད་དུ་བརྩི་བ་དང་། དེང་སང་ཡང་ཁོང་བག་མར་ཕེགས་སའི་ཡུལ་སྡེ་དེ་དག་གིས་ཀྱང་དུས་བརྩི་མཐོང་དང་དད་གུས་ཡོད་ཚུལ་འདུག་པ་དང་། ལྷག་དོན་དུ་ཡུལ་འདིར་བྱུང་བའི་ཁོང་གི་རྣམ་ཐར་ནི་གཞན་རྣམས་ལས་ལོ་རྒྱུས་གོ་རིམ་འགྲིག་ཤོས་དང་རྒྱས་ཤོས་ཡིན་པས་སོ། །
== དམངས་ཁྲོད་རིག་གནས་གྲགས་ཅན། ==
<blockquote>
==== [[རལ་པ།]] ====
</blockquote>རལ་པ་ཞེས་པ་ནི་འཁྲབ་སྟོན་ཚོགས་པ་གང་ཞིག་གིས་འཁྲབ་ཐུན་གཅིག་ལ་གཏམ་རྒྱུད་དང་། གླུ་གཞས། ཞབས་བྲོ། བཞད་གད། ལུས་རྩལ་བཅས་སྣེ་འཛོམས་ཀྱི་འཁྲབ་སྟོན་བྱེད་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན། འཁྲབ་ཆས་ལ་ཕོ་རྣམས་ཀྱི་ལག་གཡས་གཡོན་ན་སིལ་སྙན་དང་རྔ་མ་དམར་པོ། སྐེད་པར་ཐིག་གུ་ཁྲ་བོའི་འཛར་ལོ་དཔྱངས། མོ་རྣམས་ཀྱི་ལག་གཡས་གཡོན་ན་རྔ་དབྱུག་དང་རྔ་ཆུང་བཟུང་སྟེ་འཁྲབ་སྲོལ་ཡོད།
རལ་པ་འཁྲབ་སྟོན་ནི་སྤྱིར་བོད་ཁམས་ཡོངས་དང་ལྷག་པར་ཁམས་ལ་དར་ཁྱབ་ཆེ། ཁྱད་པར་དུ་ཆབ་མདོ་ས་ཁུལ་སྟེང་ཆེན་རྫོང་ལ་རལ་པའི་ཕ་ཡུལ་ཞེས་མིང་གྲགས་ལྡན་ཡོད་པ་དང་། སྲོལ་རྒྱུན་ཉམས་འགྱུར་གྱིས་ཕྱུག་པའི་སྟེང་ཆེན་རལ་པར་ལོ་རྒྱུས་ཡུན་རིང་ལྡན་ཡོད་པ་མ་ཟད་ད་ལྟ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད་པ་དང་། སྤྱི་ལོ་2002 ལོར་བོད་རང་སྐྱོང་ལྗོངས་དབུས་གཞུང་ནས་སྟེང་ཆེན་རྫོང་ལ་“རལ་པའི་ཕ་ས་”ཞེས་པའི་གཟེངས་རྟགས་ཀྱང་གནང་ཡོད།སད།<blockquote>
===== རལ་པའི་ཐ་སྙད། =====
</blockquote>རལ་པའི་ཐ་སྙད་ལ་མི་འདྲ་དུ་མ་ཡོད་པ་སྟེ། “རལ་པ་”དང་། “རད་པ།” “རས་པ་”སོགས་འབྲི་མི་འདྲ་བ་དུ་མ་ཡོད་ཀྱང་། “རལ་པ་”ཞེས་འཐད་པར་སེམས་ཏེ། དེ་ཡང་སྤྱིར་གནའ་བོའི་བོད་ཀྱི་སྐྱེས་ཕོ་མོ་ཚང་མ་སྐྲ་རིང་པོ་འཇོག་མཁན་ཤ་སྟག་ཡིན་ཡང་རལ་པ་འཁྲབ་སྐབས་སྐྲ་ཆིངས་ཀྱིས་མ་བཅིངས་བར་ཀློད་དེ་རལ་པ་ཟིང་ཟིང་གིས་ལྟད་མོ་འཁྲབ་པས་དེ་ལྟར་ཐོགས་པར་སེམས། གཞན་“རས་པ་”ནི་རལ་པའི་རྗེས་འཇུག་ལ་སྒྲ་གསལ་པོ་མ་ཐོན་པའི་དབང་གིས་བྱུང་བར་སེམས་ཏེ། “ཤེལ་”ལ་“ཤེས་”དང་། “བལ་”ལ་“བས་“སོགས་ཀློག་སྟངས་དེའི་དབང་གིས་བྱུང་བར་སེམས་ལ། ཡང་“རད་པ་”ནི་རལ་པའི་“རལད་”ལ་ཡངས་འཇུག་ད་དྲག་ཡོད་པའི་དབང་གིས་བྱུང་བར་བཤད་ཚུལ་འདུག་པ་དེ་ཡིད་སྲིད་ལ། སྒྲ་ཟུར་ཆག་པའི་དབང་གིས་ཀྱང་ཡིན་སྲིད། <blockquote>
===== རལ་པའི་ལོ་རྒྱུས། =====
</blockquote>ཁྱུང་པོའི་རལ་པ་བྱུང་རབས་ཅུང་བཤད་ན། ད་ལྟ་འཁྲབ་ཀྱིན་པའི་རལ་པའི་སྐྱུ་རྩལ་ཇི་བཞིན་པ་དེ་གནའ་རབས་ནས་ཡོད་ཅེས་བཤད་མི་སྤོབས་ཀྱང་། འཁྲབ་ཆས་དང་། རོལ་མོ། འཁྲབ་སྟངས་ཕྱོགས་འདྲ་བ་ཙམ་ནི་བོད་བཙན་པོའི་དུས་ཙམ་ནས་ཡོད་པར་མངོན་དེ། དུས་རབས་ 14 པར་ཕེབས་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་«མདོ་དྲི་མེད་གཟི་བརྗིད་»ལས། རོལ་མོ་དང་འཁྲབ་སྟངས་སྣ་ཚོགས་ཞིག་བསྟན་པ་དང་། ཁྱད་པར་དུ་ཉེ་ལམ་རྒྱ་གར་མངའ་ཁོངས་མོན་རྟ་དབང་ནས་རྙེད་པའི་དཔེ་རྙིང་«ལྷ་གཞུང་གཏེར་མ་ཡིད་བཞིན་ནོར་བུ་»<ref>{{Cite web |title=ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ། - ཧི་མ་ལ་ཡའི་བོན། |url=https://www.himalayabon.com/review/comment/2020-02-12/1641.html |access-date=2026-01-16 |website=www.himalayabon.com}}</ref>ལས། “ཕ་ཇོ་སྟོན་པ་གཤེན་རབ་ཁོང་། སྐུ་ནི་ལྷ་དང་གསས་ཀྱི་བརྒྱན། གསུང་ནི་སྨྲང་དང་བོན་གྱི་བརྒྱན། ཐུགས་ནི་ལྟོ་དང་སྤྱད་ཀྱི་བརྒྱན། སྐུ་ལ་ཞེ་ཐུལ་སྲམ་ཐུལ་གསོལ། དབུ་ལ་སྟག་ཞྭ་ཁྲ་མོ་གསོལ། ཞབས་ལ་གཟིག་ལྷམ་ཡུ་ཐུང་གསོལ།” ཞེས་དང་། “ཇོ་[=ཇུ་]ཐིག་ཐག་པ་སློ་[=གློ་]ལ་རྟགས་[=བཏགས།] རྔ་གྲམ་པོ་གཞུང་རྒྱལ་རྒྱབ་ལ་ཁུར། །གཤང་མཁར་མོ་འཁྲོལ་ཆེན་ཕྱག་ན་བསྣམས།” ཞེས་སོགས་ཀྱིས་རལ་པའི་རྒྱན་གོས་སྤྱི་དང་ལྷག་པར་ཉྭ་རྒྱ་དེ་དོན་དུ་གང་གི་མཚོན་དོན་ཡིན་པ་བཅས་གསལ་བར་འཁོད་ཡོད།
དེ་བཞིན་བན་དེའི་ཕྱོགས་ཀྱི་ལོ་རྒྱུས་ཁག་ལས་ཀྱང་འབྱུང་བ་སྟེ། ས་སྐྱ་བ་བསོད་ནམས་རྒྱལ་མཚན་ (1312–1375) གྱིས་མཛད་པའི་«རྒྱལ་རབས་གསལ་བའི་མེ་ལོང་»<ref><small>«རྒྱལ་རབས་གསལ་བའི་མེ་ལོང་»ལས། (p. 215.5–11) “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབྲུག་དང་སེང་ཕྲུག་གར་མཁན་དང་། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”</small></ref> དང་། དཔའ་བོ་གཙུག་ལག་ཕྲེང་བའི་(1504-1564/1566) «ཆོས་འབྱུང་མཁས་པའི་དགའ་སྟོན་»<ref><small>«ཆོས་འབྱུང་མཁས་པའི་དགའ་སྟོན་» (vol. Ka, pp. 355.21–336.1) “ཁྱེ་འུ་བུ་མོ་ཐམས་ཅད་ཀྱང་། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་སྒྱུ། །གཡག་གསེང་དར་གསེང་སྟག་གསེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །སྤ་[=དཔའ]མཛེས་རྔ་ཐོགས་འཕྱམ་[=འཆམ་]པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པར་འབུལ། །”</small> </ref> ཏཱ་ལའི་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་«རང་རྣམ་དུ་ཀཱུ་ལའི་གོས་བཟང་»<ref><small>«རང་རྣམ་དུ་ཀཱུ་ལའི་གོས་བཟང་» (vol. 3, p. 95.13–15) “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །དཔའ་མཛེས་རྔ་ཐོགས་འཆམས་པ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”</small></ref>དང་། དེ་བཞིན་ཉེ་ཆར་བརྩམས་པའི་«བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་»<ref><small>«རྒྱལ་རོང་ལོ་རྒྱུས་» (p. 39.8–9).</small></ref>བཅས་པ་ལས། “ཁྱེའུ་བུ་མོ་ཐམས་ཅད་ཀྱིས། །ཆས་བརྒྱན་ལག་ན་རྔ་མ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབྲུག་དང་སེང་ཕྲུག་གར་མཁན་དང་། །དཔལ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །”ཞེས་སོགས་ཀྱིས་རལ་པའི་རྣམ་པ་ཕྱོགས་ཙམ་བསྟན་ཡོད། གོང་གསལ་ལོ་རྒྱུས་རྩོམ་པ་པོ་རྣམ་པས་ལུང་ཚིག་འདི་དག་རིམ་པས་དྲངས་ཡོད་ཀྱང་ཕུགས་ཀྱི་ལུང་ཁུངས་ནི་«རྒྱལ་རབས་གསལ་བའི་མེ་ལོང་»ཡིན་པར་ངེས་ཤིང་། དེ་ལས་དཔའ་བོ་གཙུག་ལས་ཕྲེང་བ་དང་རྒྱལ་དབང་ལྔ་པས་དྲངས་ནས་རིམ་བཞིན་ཚིག་དོན་ལའང་འགྱུར་བ་ཕྱིན་པར་མངོན། དེ་ལས་ཅུང་མི་འདྲ་ཞིང་གར་འཆམ་གྱི་རྣམ་པ་ཞིབ་ཕྲ་འཁོད་ཡོད་ས་ནི་ཨོ་རྒྱན་གླིང་པའི་ (b.1323) «རྒྱལ་པོ་བཀའ་ཐང་»<ref>«<small>རྒྱལ་པོ་བཀའ་ཐང་» (p. 139.23–140.9).</small></ref> འདི་ཉིད་ཡིན་ཏེ་དེ་ལས། “མཛེས་པའི་ཁྱེའུས་ལག་ན་རྔ་མ་ཐོགས། །གར་སྟབས་བྲོ་བརྡུང་ཤོན་རྩེད་བྱེད་པ་དང་། །རྒྱལ་པོའི་སྐྱོ་སངས་འབག་དང་སེང་གེ་དང་། །སྔགས་བོན་རྔ་ཐོགས་འཆམས་པོ་བྱེད་པ་དང་། །རྒྱལ་པོ་མཉེས་པ་བཙུན་མོ་མཛེས་མ་ཀུན། །རྒྱལ་པོའི་སྤྱན་སྔར་སྤྲིན་ལྟར་གཏིབས་ནས་བཞུགས། །བུ་མོ་མཛེས་མས་གཡུང་དྲུང་ཤོན་གྲ་བཅས། །གསུང་སྙན་ཟོར་ཁུགས་འཐེན་ཅིང་རྐང་བྲོ་བརྡུང་། །རྫུ་འཕྲུལ་རྟ་ཞོན་བརྒྱ་དང་འཆམས་པོ་དང་། །དོམ་འདྲ་སྤྲེལ་འདྲ་སྐྱུས་མོ་ལང་མ་ལིང་། །ཟངས་དུང་ཆ་ལང་འཁར་རྔ་གླིང་བུ་དང་། །རྫ་རྔ་པི་ཝང་ཕེག་རྡོབ་རོལ་མོའི་ཚོགས། །རྒྱལ་མཚན་བ་དན་ཕུར་མ་ཟུར་འཕན་དང་། །དར་ཁྲ་བསིལ་གཡབ་རླུང་བསྐྱོད་པུ་རུ་རུ། །”ཞེས་སོགས་འཁོད་ཡོད། དེས་ན་གོང་འཁོད་«རྒྱལ་རབས་གསལ་བའི་མེ་ལོང་»དང་«རྒྱལ་པོ་བཀའ་ཐང་»གཉིས་སུ་སྔ་མིན་དང་གཅིག་གིས་གཅིག་ལས་དྲངས་ཡོད་མེད་བཤད་མི་ཐུབ།
གང་ལྟར་གོང་གསལ་ལོ་རྒྱུས་ཁག་ལ་དཔགས་ཏེ་མིང་ལ་“རལ་པ་”ཞེས་འབོད་སྲོལ་ཡོད་མེད་ཇི་ལྟར་ཡང་། རལ་པ་དང་རྣམ་པ་ཕྱོགས་འདྲ་བའི་ལྟད་མོ་འཁྲབ་སྟོན་ཞིག་གནའ་ནས་ཡོད་པར་དཔོག་ནུས་ལ། «ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་»ལས་ཀྱང་། “ལོ་རབས་ལྔ་བཅུ་པའི་ནང་ལྷ་མོ་དང་རལ་བྲོ་ཆེད་དུ་ཞིབ་འཇུག་གནང་མཁན་བོད་ཀྱི་སྒྱུ་རྩལ་ཉམས་ཞིབ་ཆེན་མོ་ཞོལ་ཁང་བསོད་ནམས་དར་རྒྱས་ལགས་ཀྱིས་བོན་གྱི་དཔེ་རྙིང་<མཆོད་ཆས་>ཟེར་བ་ཞིག་ལག་སོན་བྱུང་བའི་ནང་རྩལ་རྩེད་དང་། རྔ་འཆམ། རླུང་སྒོ། གྲི་རྩེད་སོགས་རལ་པའི་སྒྱུ་རྩལ་རང་དུ་འདུག རལ་པའི་སྒྱུ་རྩལ་འདི་ནི་བོན་གྱི་འཆམ་ལས་བྱུང་བ་བསྙོན་མེད་རེད། ཅེས་གསུངས་པ་དེ་ཡང་མཁས་པ་ཆེན་པོའི་བདེན་དོན་གཡོ་མེད་རི་འདྲ་བ་ཞིག་ཡིན་པར་འཁུམས།” ཞེས་གསུངས་པ་འདིར་བདེན་ཆ་ཅུང་ཡོད་པར་སེམས། <blockquote>
===== མི་རས་ལ་དང་རལ་པ་སྒྱུ་རྩལ། =====
</blockquote>
ཡང་རལ་པ་འཁྲབ་སྟོན་འདི་རྗེ་མི་ལས་གསར་གཏོད་བྱས་ཚུལ་ནི་ཆོས་ལུགས་དད་མོས་ཅན་རྣམས་ཀྱིས་སྒྲ་འདྲ་བའི་གཞི་ཙམ་ལ་བརྟེན་ནས་རྟོག་བཟོ་བྱས་པ་ལས་དངོས་ཡོད་ལོ་རྒྱུས་རིག་པའི་ཁུངས་སྐྱེལ་གང་ཡང་མེད་ཚུལ་བཤད་པ་ཧ་ལམ་བདེན་མོད། བོད་འདིར་བར་སྐབས་ཤིག་ནས་རྗེ་མི་ལའི་སྙན་གྲགས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་རྐྱེན་གྱིས། རལ་པ་སྒྱུ་རྩལ་ཚོགས་པ་དེ་དག་གིས་ཀྱང་གཟིགས་མོ་བའི་དགོས་མཁོ་སྐོང་ཆེད། འཁྲབ་གཞུང་རྗེ་མི་ལའི་རྣམ་ཐར་བྱས་པའི་རལ་པའི་འཁྲབ་སྟོན་གཙོ་ཆེར་བྱས་པའི་ཤུགས་རྐྱེན་ལས། བདེན་མིན་ལ་མ་ལྟོས་པར་མི་རས་ལ་དང་རལ་པ་སྒྱུ་རྩལ་བར་གྱི་གཏམ་རྒྱུད་འདི་དག་བྱུང་བར་སེམས། <blockquote>
===== འཁྲབ་སྟོན་འདིར་“རལ་པའི་”མིང་དངོས་བྱུང་ཚུལ། =====
</blockquote>ཆེས་མ་མཐའ་ཡང་སྤྱི་ལོ་ 1277 ཙམ་ནས་བྱུང་ཡོད་པར་མངོན་ཏེ་སྔོན་དུས་རི་བོ་ཆེའི་ལྷ་ཁང་ཁྲ་འཁྱིལ་མ་གསར་དུ་བཞེངས་སྐབས་ཁྱུང་པོ་ཨོ་ཐོ་རལ་པའི་ཞབས་བྲོ་ཚོགས་པ་བོས་ཏེ་རལ་པ་གཟིགས་འབུལ་ཞུས་པའི་བཤད་རྒྱུན་ལྟར་ན། ད་བར་དུ་ལོ་ངོ་ 744 ཕྱིན་ཡོད། དེ་མིན་ཡིག་ཐོག་ལ་འཁོད་པའི་ལོ་རྒྱུས་ཁ་གསལ་མ་རྙེད། <blockquote>
===== ཁྱུང་ཡུལ་རལ་པའི་རྒྱུད་འཛིན། =====
</blockquote>ཡང་«ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་»ལས། “'''གཅིག''' ཐག་རྒྱུག་རལ་པ། ཆེས་དར་སྔ་བའི་རལ་བྲོ་ཞིག་ཡིན་པར་གྲགས། དེང་སང་རྒྱུན་ཆད་ནས་མེད་པར་སྣང་། '''གཉིས།''' ཨོ་ཐོ་རལ་པའམ་དབུ་མདོ་རལ་པ། ཁྱུང་ཡུལ་དཀར་སྨད་གྱང་སྔོན་ཁུལ་དུ་དར་སྲོལ་ཆེ་བ་འདུག བརྒྱུད་འཛིན་པ་ཨོ་ཐོ་ཚང་། སྔོན་དུས་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ་གསར་བཞེངས་སྐབས་ཆེད་དུ་རལ་བྲོ་འཁྲབ་མཁན་དེ་ཨོ་ཐོ་རལ་པ་ཡིན་པ་དང་དེང་སང་ཡང་དེའི་ལུགས་སྲོལ་མ་ཉམས་པར་དམིགས་བསལ་དུས་སྟོན་སྐབས་ཁྱུང་པོ་སྟེང་ཆེན་ནས་རལ་པའི་སྒྱུ་རྩལ་བ་ཆེད་ཕེབས་ཀྱིས་འཁྲབ་སྟོན་དགོས་པ་ཡིན་འདུག '''གསུམ།''' ལྡོང་ལུགས་རལ་པ། ཁྱུང་ཡུལ་ནག་རུའི་སྡེ་ཁོངས་ས་མདོ་ཤང་དུ་དར་ཁྱབ་ཆེ་བའི་རལ་པ་ཞིག བརྒྱུད་འཛིན་པ་ས་མདོ་ལྡོང་ལུགས་ཚང་ངམ་རལ་པ་ཚང་བཀྲ་ཤིས་ཆོས་སྒྲོན་འཁོར་དང་བཅས། '''བཞི།''' ཁྲ་ག་གཟི་རལ་པའམ་རྡོ་བཅངས་རལ་པ། ཁྲ་ག་གཟི་ནས་རལ་རྒན་བསོད་ནམས་མགོན་པོ། དེས་རལ་པ་སྐྱ་བདག་རྡོ་རྗེ། དེས་རལ་རྒན་ཚུལ་ཁྲིམས་རྡོ་རྗེ། དེས་རལ་རྒན་ག་ཁྲོ། དེས་བསྟན་འཛིན་ནོར་བུ་བར་བརྒྱུད་ཅིང་སྤྱི་ཚོགས་ཁྲོད་བསྟན་འཛིན་ནོར་བུའི་རལ་བྲོའི་སྒྱུ་རྩལ་ཁྱད་ཆོས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་མང་ལ་རལ་བྲོ་དེ་ནི་ཁྱུང་ཡུལ་སེར་ཚའི་ཡུལ་དུ་དར་སྲོལ་ཆེ་བ་ཞིག་ཡིན་འདུག '''ལྔ།''' མཛོ་པ་རལ་པ། ཁྱུང་སེར་གསེར་གཡུ་མདོ་སྐོར་དུ་དར་མྱོང་ཡོད་པའི་རལ་བྲོ་ཞིག་ཡིན་སྐད་ཐོས། དེ་ལ་སོགས་པ་ཁྱུང་ཡུལ་ས་གནས་མང་པོར་རལ་བྲོའི་སྒྱུ་རྩལ་འདི་དག་གནའ་ནས་ད་བར་ཤོག་བུ་ལ་སྣུམ་གྱིས་འཚོས་པ་བཞིན་དང་ཆུ་བོ་ལམ་དུ་ཞུགས་པ་ལྟར་རྒྱུན་མ་ཆད་པར་དར་སྲོལ་བྱུང་བ་ཡིན་འདུག མིང་མི་འདྲ་བར་ཐོགས་པའང་རལ་པའི་སྒྱུ་རྩལ་གྱི་སྲོལ་འབྱེད་མཁན་ངོས་ནས་མ་ཡིན་པར་བརྒྱུད་འཛིན་པའི་དུད་མིང་དང་རུས་མིང་བྲོ་ལ་སྦྱར་ནས་དེ་ལྟར་ཐོགས་པ་དཔྱད་པའི་ལམ་ནས་ཡོངས་སུ་བརྟགས་ཐུབ་པ་འདུག་གོ །”ཞེས་པར་བཤད་ལ་ལྟར་རོ། ། ད་དུང་རལ་པའི་སྐོར་ཤེས་འདོད་ན་[https://www.himalayabon.com/review/comment/2020-02-12/1641.html ཁྱུང་ཡུལ་རལ་བྲོའི་བྱུང་ཚུལ་དང་དེའི་སྒྱུ་རྩལ་སྐོར་ཅུང་ཙམ་གླེང་བ་]ཞེས་པ་འདིར་གཟིགས།
མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐད་ནས་ཐགས་འཐག་པ། རྫ་མ་བཟོ་བ། རུམ་གདན་འཐག་པ། གྱོན་པ་འཚེམ་པ། ལྷམ་གྲུབ་པ། རྟ་སྒ་ཆས་བཟོ་བ། གསེར་མགར་དངུལ་མགར། ཤིང་བཟོ་སོགས་ཡོད།
[https://www.istb.univie.ac.at/kanjur/rktsneu/sub/index.php དྲ་ཐག་འདི་ལ་བསྒྱུར་བ་ཡིན།]
== དགོན་སྡེ་ཁག ==
ཆོས་ལུགས་ཁག་གི་དགོན་པའི་ཐོ་གཞུང་རེའུ་འདི་«ཁྱུང་པོ་སྟེང་ཆེན་»དེབ་ཕྲེང་དང་པོ། ༢༠༠༥ ནང་བཀོད་པ་བཞིན་བྲིས་པ་ལས། རེ་རེ་བཞིན་ཞིབ་འཇུག་སོན་མེད། དོན་དངོས་ཐོག་དེབ་འདིར་དགོན་པའི་ལོ་རྒྱུས་ཕར་ཞོག་མིང་གི་བརྡ་དག་ཙམ་ལའང་ནོར་བ་ཚབས་ཆེན་བྱུང་ཡོད་པ་ཞུ་མ་དགོས་པ་ཞིག་རེད། ལར་དགོན་པ་རེ་རེའི་ལོ་རྒྱུས་ནི་ལོ་རྒྱུས་རིག་པའི་ཆེད་མཁས་པ་ཚོས་ཀྱང་གཏན་ལ་འབེབས་པར་དཀའ་བ་ཞིག་ན། དགོན་གནས་སླར་གསོའི་སྐབས་དགོན་པའི་འཛིན་སྐྱོང་འགོ་པ་ཚོས་འོས་མེད་ཀྱི་རེའུ་མིག་བཀང་བ་ཙམ་དེར་ཡིད་གཏན་འཕེར་བ་ཞིག་ཇི་ལྟར་ཡོང་སྟེ་ཡོང་ཐབས་མེད་པ་ཤེས་དགོས། ཐོ་གཞུང་སྔ་ཕྱི་ལོ་རབས་དང་མཐུན་པར་བཀོད་ཡོད།<blockquote>
=== བོན་པོ། ===
</blockquote>
{| class="wikitable"
!
!མིང་།
!ས་གནས།
!ཕྱག་འདེབས་མཁན།
!ཕྱག་བཏབ་ལོ།
!ཟུར་བརྗོད།
|-
|1
|དམུ་ཡད(ཡག)ལྷ་ཁང་།
|དམུ་ཐ་ཚོན།
|ཤེལ་སྐུ་ཀུན་དགའ་རྒྱལ་མཚན།
|794 (ནོར)
|ཁོང་གི་འཁྲུངས་འདས་ལོ་ཚིགས་ (1299–1327) ལ་དཔགས་ན་དུས་རབས་བཅུ་གསུམ་བཅུ་བཞི་པར་བྱོན་པའི་བླ་མ་ཞིག་ཡིན་པས་794 ལོར་དགོན་པ་འདེབས་ཐབས་གཏན་ནས་མེད་པས་ལོ་རྒྱུས་ནོར་བར་ངེས།
|-
|2
|སྟེང་ཆེན་དགོན།
|སྟེང་ཆེན་ཤང་།
|ཁྱུང་པོ་ཤེས་རབ་རྒྱལ་མཚན།
|ལྕགས་གླང་། 1061
|
|-
|3
|ནག་རུ་བསམ་གཏན་གླིང་དགོན་པ།
|སྟེང་ཆེན་ཤང་།
|ཁྱུང་པོ་གྲགས་པ་རྒྱལ་མཚན།
|དུས་རབས། 11
|
|-
|4
|གནམ་སྟེང་དགོན་པ།
|
|སྨོན་ལམ་འོད་ཟེར།
|ས་སྟག 1278
|
|-
|5
|བྱ་ཟེ་ཡང་རྫོང་དགོན།
|སེར་ཚ་ཤང་།
|སྤྲུལ་སྐུ་བློ་ལྡན་སྙིང་པོ།
|ཆུ་སྦྲུལ། 1354
|
|-
|6
|ཝ་དགེ་དགོན་པ།
|ས་སྒང་།
|སྤྲུལ་སྐུ་བློ་ལྡན་སྙིང་པོ།
|ལྕགས་སྤྲེལ། 1380
|
|-
|7
|དཀར་ལེགས་དགོན།
|སྟེང་ཆེན་ཤང་།
|ཡག་སྙ་བསོད་ནམས་རྒྱལ་མཚན།
|ལྕགས་བྱ། 1381
|
|-
|8
|རྩེ་དྲུག་དགོན་པ།
|ས་མདོ།
|སྤྲུལ་སྐུ་བློ་ལྡན་སྙིང་པོ།
|ཆུ་ཁྱི། 1382
|
|-
|9
|ལྗོངས་(ལྗང་)ཤོད་བོན་དགོན།
|ས་མདོ།
|སྤྲུལ་སྐུ་བློ་ལྡན་སྙིང་པོ།
|ཆུ་ཁྱི། 1382
|
|-
|10
|སྤྲ་ཁོ་དགོན་པ།
|གྱང་སྔོན་ཤང་།
|སྤྲུལ་སྐུ་བློ་ལྡན་སྙིང་པོ།
|ཤིང་བྱི། 1384
|
|-
|11
|བདའ་གཤིས་དགོན་པ།
|ས་མོད་ཤང་།
|སྤྲུལ་སྐུ་བློ་ལྡན་སྙིང་པོ།
|ཤིང་བྱི། 1384
|
|-
|12
|ཀོ་རྒྱལ་དགོན་པ།
|སྟེང་ཆེན་ཤང་
|ཀོ་རྒྱལ་ཡེ་ཤེས་རྒྱལ་མཚན།
|ས་བྱི་། 1408
|
|-
|13
|ཕུག་ལེབ་དགོན་པ།
|
|དབང་ཆེན་གྲགས་པ།
|དུས་རབས། 15
|
|-
|14
|གཡུ་མཚོ་ལྷ་ཁང་།
|ག་ཐ་ཤང་།
|སངས་རྒྱས་གླིང་པ་བྱང་ཆུབ་རྡོ་རྗེ།
|ལྕགས་བྱ། 1441
|
|-
|15
|གཡུང་དྲུང་དཔལ་རི་དགོན།
|ཞེ་གཞུང་ཤང་།
|འགྲུ་བླ་མ་གཡུང་དྲུང་དབང་གྲགས།
|ཤིང་སྟག 1434
|
|-
|16
|ག་ཤེལ་དགོན་པ།
|ག་ཐ་ཤང་།
|ཤེལ་ཞིག་སྐལ་བཟང་གྲགས་པ།
|ལྕགས་སྟག། 1530
|
|-
|17
|རི་དམར་དགོན་པ།
|
|ཤེལ་ཞིག་དབུ་དཀར།
|ལྕགས་རྟ། 1570
|
|-
|18
|ཞུ་ཚང་དགོན།
|
|ཞུ་བསྟན་འཛིན་གྲགས།
|ཆུ་འབྲུག 1652
|
|-
|19
|རྒྱལ་སྒོ་དགོན།
|
|བཀྲ་ཤིས་རྒྱལ་མཚན།
|ས་རྟ། 1678
|
|-
|20
|བེ་སྒོ་དགོན།
|
|སངས་རྒྱས་གླིང་པ།
|མེ་རྟ། 1726
|
|-
|21
|རེ་ནེ་ལྷ་ཁང་།
|
|ཟླ་བ་རྒྱལ་མཚན།
|མེ་འབྲུག 1796
|
|-
|22
|དར་རྒྱས་དགོན།
|ཁྲི་རྫོ་ཤང་།
|དགེ་རིན་ཆེན་ཚུལ་ཁྲིམས།
|ཤིང་རྟ། 1834
|
|-
|23
|མཁར་སྤུངས་ལྷ་ཁང་།
|
|ཚུལ་ཁྲིམས་མཚོ་མོ།
|ཤིང་གླང་། 1745
|
|-
|24
|ལྡོང་རྫོང་དགོན་པ།
|སྟེང་ཆེན་ཤང་།
|ཁྲི་འོད་རྒྱལ་མཚན།
|ས་སྤྲེལ། 1788
|
|-
|25
|མང་རྫོང་དགོན།
|
|ཁྱུང་པོ་རྨ་སྐུ་ཞབས།
|ས་རྟ། 1794
|
|-
|26
|ཚ་ནེ་རི་ཁྲོད།
|
|ཨ་ལུང་མཚམས་པ།
|དུས་རབས། 19
|
|-
|27
|མར་ཁུ་ལྷ་ཁང་།
|
|ཕུན་ཚོགས་བློ་གྲོས།
|ཤིང་རྟ། 1834
|
|-
|28
|རི་ཁྲོད་དགོན།
|
|མེ་སྟོན་ཉི་མ་རྒྱལ་མཚན།
|ཤིང་འབྲུག 1844
|
|-
|29
|སྨོན་རྒྱལ་དགོན།
|སྟེང་ཆེན་ཤང་།
|ནམ་མཁའ་དབང་རྒྱལ།
|ས་རྟ། 1876
|
|-
|30
|ངང་རྫོང་དགོན།
|
|གོ་སྤྲུལ་རིན་ཆེན་རྒྱལ་མཚན།
|ས་རྟ། 1918
|
|-
|31
|བྱ་ཆེན་ལྷ་ཁང་།
|
|ཤེལ་ཞིག་ཚུལ་སྐལ་བཟང་གྲགས་པ།?
|ལྕགས་འབྲུག 1940
|
|-
|32
|སྔོ་ཕུག་རི་ཁྲོད།
|
|སེམས་ཉིད་རྒྱལ་མཚན།
|ཤིང་བྱ། 1945
|
|-
|33
|ལྷ་ལུང་དགོན།
|
|ཤེལ་ཞིག་ཚུལ་ཁྲིམས་རྒྱལ་མཚན།
|ས་འབྲུག 1948
|
|-
|34
|གཡུ་བཀྲ་ལྷ་སྟེང་དགོན།
|
|xxx
|xxx
|
|}
<blockquote>
=== རྙིང་མ། ===
</blockquote>
{| class="wikitable"
|+
!
!མིང་།
!ས་གནས།
!ཕྱག་འདེབས་མཁན།
!ཕྱག་བཏབ་ལོ།
!ཟུར་བརྗོད།
|-
|1
|སེངྒེ་ལྷ་ཁང་།
|གྱང་སྔོན་ཤང་།
|སེངྒེ་ལྕགས་མདུད་བླ་མ།
|དུས་རབས། 11
|སེངྒེ་ལྷ་ཁང་འདི་སྟག་ཤམས་པའི་ཆོས་བརྒྱུད་ཡིན་ཞིང་ཆོས་བརྒྱུད་འདི་དུས་རབས་བཅུ་བདུན་པར་བྱུང་བའི་གཏེར་ཆོས་ཤིག་ཡིན་པས། དུས་རབས་ 11 པར་བྱུང་བ་བཤད་དཀའ་བ་ཞིག་རེད། ཡང་ན་དེའི་སྔོན་དུ་ལྷ་ཁང་འདི་ཆོས་རྒྱུད་གཞན་གྱི་ཡིན་པའི་ཁུངས་ཡོད་ན་མ་གཏོགས།
|-
|2
|[[རོམ་ཐང་གནས་ཁྲ་མོ།|རོང་མཐོང་(རོམ་ཐང་)དགོན།]]
|གྱང་སྔོན་ཤང།
|བདེ་ཆེན་རྡོ་རྗེ། (1416–1470s)
|མེ་ཡོས། 1027
|སྤྱི་ལོ་1027 ལོ་ནི་བོད་རབ་བྱུང་འགོ་བཙུགས་པའི་ལོ་ཡིན་པས། སྐབས་དེའི་གཡས་གཡོན་དུ་གླིང་གེ་སར་བྱོན་པར་ཆ་འཇོག་བྱས་པ་ཡིན་ངེས། འོན་ཏེ་«བདུད་འཇོམས་རྒྱལ་རབས་»སུ་གླིང་གེ་སར་ 1038 ལ་གཞི་ནས་འཁྲུངས་པར་བཤད་པའང་ཡོད། ལར་ནས་གླིང་གེ་སར་འཁྲུངས་མ་ཐག་དགོན་པ་ཇི་ལྟར་འདེབས་ནུས། གང་ལྟར་དགོན་པ་དགོན་པ་དངོས་སུ་ཕྱག་འདེབས་པ་པོ་བདེ་ཆེན་རྡོ་རྗེ་ནི་དུས་རབས་བཅོ་ལྔ་པར་བྱོན་པ་ཤེས་པར་བྱའོ། །
|-
|3
|གླེགས་བམ་དགོན།
|
|རྒྱ་སྟོན་བླ་མ་ནམ་མཁའ་རྡོ་རྗེ།
|ཆུ་ཡོས། 1423
|
|-
|4
|གནམ་ལྕགས་རི་ཁྲོད།
|གྱང་སྔོན་ཤང་།
|གར་དབང་གནམ་ལྕགས་རྡོ་རྗེ། (1694–1738)
|ཆུ་སྟག 1542
|དགོན་པ་ཕྱག་བཏབ་ལོ་དེ་ཕྱག་འདེབས་པ་པོ་མ་འཁྲུངས་སྔོན་གྱི་ལོ་ 152 བཀོད་འདུག་པས་ངེས་པར་དུ་ནོར་ཡོད།
|-
|5
|པ་ཊཾ་དགོན།
|
|ཀུན་དགའ་རབ་འཕེལ།
|ས་སྟག། 1698
|
|-
|6
|རི་བུ་(གུ)ལྷ་ཁང་།
|གྱང་སྔོན་ཤང།
|རི་བུ་(གུ)བླ་མ།
|མེ་སྤྲེལ། 1956
|<small>དགོན་འདི་ཀཿཐོག་སི་ཏུའི་གནས་ཡིག་ཏུ་འཁོད་ཡོད་པས་ཕྱག་བཏབ་ལོ་ནོར་བར་སེམས</small>།
|-
|7
|པད་གདན་དགོན།
|ཁྲི་རྡོ་ཤང་།
|ནག་པོ་རྒོད་འཕུར།
|xxx
|
|}
<blockquote>
=== བཀའ་བརྒྱུད། ===
</blockquote>
{| class="wikitable"
|+
!
!མིང།
!ས་གནས།
!ཕྱག་འདེབས་པ་པོ།
!ཕྱག་བཏབ་ལོ།
!ཟུར་བརྗོད།
|-
|1
|ངང་བཟོ་དགོན།
|གྱང་སྔོན་ཤང་།
|སྟག་ལུང་བཀྲ་ཤིས་དཔལ།
|ཆུ་ཕག 1203
|
|-
|2
|ནེ་ཁྲབ་དགོན་པ།
|གྱང་སྔོན་ཤང་།
|སྟག་ལུང་བཀྲ་ཤིས་དཔལ།
|ཆུ་ཕག 1203
|
|-
|3
|ལ་ཐོག་དགོན།
|ས་སྒང་ཤང་།
|ཞག་གཅོད་བཀྲ་དཔལ་བཟང་།
|ལྕགས་སྟག 1530
|༡༥༣༣ ཞེས་ལོ་རྒྱུས་གཞན་དུ་གསལ།
|-
|4
|གསལ་སྟོང་དགོན།
|
|གསལ་སྟོང་སྒོམ་ཤྭོ།
|ས་སྤྲེལ། 1908
|
|}
<blockquote>
=== དགེ་ལུགས། ===
</blockquote>
{| class="wikitable"
|+
!
!མིང་།
!ས་གནས།
!ཕྱག་འདེབས་པ་པོ།
!ཕྱག་བཏབ་ལོ།
|-
|1
|ཚ་འབྲོང་དགོན། (ཀར་ལུགས)
|ཁྲི་རྡོ་ཤང་།
|གྲུང་དང་པོ་དཔལ་ལྡན་བཟང་པོ། (དགེ་འདུན་གྲུབ་པའི་ཞབས་སློབ། བཻ་སེར་ཁ་པ། ཤོག ༢༦༣)
|ས་བྱི། 1048?<ref><small>སྐབས་དེར་དགེ་ལུགས་པའི་བསྟན་པ་བྱུང་མེད་པས་ཆོས་རྒྱུད་གཞན་ཞིག་ཡིན་དགོས།</small></ref>
|-
|2
|སྒང་ནེ་དགོན།
|ཞེ་གསུང་།?
|<s>བྱང་སེམས་ཤེས་རབ་བཟང་པོ།</s> (འབའ་རུ་བ་དགེ་འདུན་བཟང་པོ། བཻ་སེར་ཁ་པ། ཤོག ༢༦༣)
|ལྕགས་བྱ། 1441
|-
|3
|མོང་རོང་དགོན།
|ཞེ་གཞུང་།
|<s>བྱང་སེམས་ཤེས་རབ་བཟང་པོ།</s> (མཁན་ཆེན་བསོད་ནམས་པ།) (བཻ་སེར་ཁ་པ། ཤོག ༢༥༧)
|ལྕགས་བྱ། 1441
|-
|4
|རག་རིག་དགོན།
|ས་སྒང་།
|མཁན་ཆེན་བསོད་ནམས་དཔལ་ལྡན།
|ལྕགས་བྱ། 1441
|-
|5
|དགོན་གསར་དགོན།
|ས་སྒང་།
|མཁན་ཆེན་བསོད་ནམས་དཔལ་ལྡན།
|ལྕགས་བྱ། 1441
|-
|6
|ཇོ་དགོན།
|གྱང་སྔོན།
|<s>ཇོ་པ་ཤེས་རབ་ཕུན་ཚོགས།</s> (ཇོ་གྲོང་པ་བྱམས་མགོན།) (བཻ་སེར་ཁ་པ། ཤོག ༢༥༧)
|ཤིང་བྱ། 1445
|-
|7
|དིལ་མགོ་དགོན།
|ས་མདོ།
|<s>བྱང་སེམས་ཤེས་རབ་བཟང་པོ།</s> (མཁན་ཆེན་ཆོས་ལེགས་པ།) (བཻ་སེར་ཁ་པ། ཤོག ༢༥༧)
|ཤིང་སྦྲུལ། 1485
|-
|8
|འཆམ་རྫོང་དགོན།(rdzong hung)
|ལྗང་ཤོད།
|<s>མཁན་ཆེན་བསོད་ནམས་དཔལ་ལྡན།</s> (མཁན་ཆེན་ཆོས་ལེགས་པ།) (བཻ་སེར་ཁ་པ། ཤོག ༢༥༧)
|མེ་ལུག 1487
|-
|9
|བུམ་དགོན། (བོང་དགོན།)
|གྱང་སྔོན།
|<s>བྱང་སེམས་ཤེས་རབ་བཟང་པོ།</s> (ཇོ་གྲོང་པ་བྱམས་མགོན།) (བཻ་སེར་ཁ་པ། ཤོག ༢༥༧)
|ཤིང་ལུག 1535
|-
|10
|དཀྱིལ་(སྐྱིད)མཁར་དགོན་པ།
|གྱང་སྔོན།
|<s>བྱང་སེམས་ཤེས་རབ་བཟང་པོ</s>། (བཀའ་བཅུ་པ་བསམ་གཏན་སེངྒེ།) (བཻ་སེར་ཁ་པ། ཤོག ༢༥༧)
|ས་ཕག 1539<ref><small>བྱང་སེམས་ཤེས་རབ་བཟང་པོས་དགོན་འདི་ཕྱག་བཏབ་ན། ཁོང་སྤྱི་ལོ་ ༡༤༥༧ ལོར་ཁོང་གཤེགས་ཟིན་པས་དེའི་རྗེས་ཀྱི་ལོ་བརྒྱད་ཅུའི་མཚམས་ནས་(༡༥༣༩)གཞི་ནས་དགོན་པ་འདེབས་མི་སྲིད་པས་སོ།</small> </ref>
|-
|11
|བསམ་འགྲུབ་དགོན།
|གྱང་སྔོན།
|<s>བསམ་གཏན་སེངྒེ།</s>
|ས་སྤྲེལ། 1548
|-
|12
|གྲྭ་འཕེལ་དགོན།
|ག
|རྗེ་དྲུང་ཤེས་རབ་དབང་པོ།
|མེ་ཡོས། 1567
|-
|13
|བཀྲ་ཤིས་གླིང་དགོན་པ།
|སེར་ཚ་ཤང་།
|རྡོ་རྗེ་དྲིལ་ཆུང་།
|ཤིང་སྟག 1674
|-
|14
|གླིང་རྫོང་དགོན།
|གསེར་ཚ།
|ཀརྨ་པ་རང་བྱུང་རྡོ་རྗེ། (1284-1339)
|དུས་རབས། 16<ref><small>དགོན་འདི་ཕྱག་འདེབས་པ་པོ་ཀརྨ་པ་རང་བྱུང་རྡོ་རྗེ་ཡིན་ན་དུས་རབས་བཅུ་གསུམ་པའི་སྨད་དང་བཅུ་བཞི་པའི་སྟོད་ཀྱི་བར་ཡིན་དགོས་ཀྱང་། འདིར་དུས་རབས་བཅུ་དྲུག་བཀོད་འདུག་པས་ནོར་བར་སེམས།</small></ref>?
|}
== མཆན། ==
<references />
== ཁུངས་འདྲེན་ཡིག་ཆ། ==
{| class="wikitable sortable mw-collapsible mw-collapsed"
|<small>«ཀཿཐོག་སི་ཏུའི་དབུས་གཙང་གནས་ཡིག་»</small>
|<small>ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ། «སི་ཏུ་པ་ཆོས་ཀྱི་རྒྱ་མཚོའི་གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་གྱི་སེ་མོ་དོ་». ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001. [BDRC: W27524].</small>
|-
|<small>«ཁྱུང་པོ་སྟེང་ཆེན་»</small>
|<small>གཡང་དགེ་སོགས་སྟེང་ཆེན་རྫོང་སྲིད་གྲོས། «ཁྱུང་པོ་སྟེང་ཆེན་». སི་ཁྲོན་མི་རིགས་དཔེ་སྐུན་ཁང་། 2005 [BDRC: W29563].</small>
|-
|<small>«རྒྱལ་པོ་བཀའ་ཐང་»</small>
|<small>པདྨ་གླིང་པ། «རྒྱལ་པོ་བཀའ་ཡི་ཐང་ཡིག་». In «བཀའ་ཐང་སྡེ་ལྔ་» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986, 1997, vol. 1, pp. 87–227 [BDRC: W17319].</small>
|-
|<small>«རྒྱལ་རབས་གསལ་བའི་མེ་ལོང་»</small>
|<small>ས་སྐྱ་བ་བསོད་ནམས་རྒྱལ་མཚན། «རྒྱལ་རབས་གསལ་བའི་མེ་ལོང་». པེ་ཅིང་། མི་རིགས་དཔེ་སྐྲུན་ཁང་། 2002 [BDRC:</small>
<small>W00KG09730].</small>
|-
|<small>«རྒྱལ་རོང་ལོ་རྒྱུས་»</small>
|<small>བྲག་བར་དཔལ་ལྡན། «བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་». ཀྲུང་པོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་འབར་ཁམས་རྫོང་ཨུ་ཡོན་ལྷན་ཁང་། 2002 [BDRC: W1GS66375].</small>
|-
|<small>«ཆོས་འབྱུང་མཁས་པའི་དགའ་སྟོན་»</small>
|<small>དཔའ་བོ་གཙུག་ལག་ཕྲེང་བ། «ཆོས་འབྱུང་མཁས་པའི་དགའ་སྟོན་». པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986 [BDRC: W7499].</small>
|-
|<small>«ཉང་རལ་ཆོས་འབྱུང་»</small>
|<small>ཉང་རལ་ཉི་མ་འོད་ཟེར། «ཆོས་འབྱུང་མེ་ཏོག་སྦྲང་རྩིའི་སྙིང་པོའི་བཅུད་» ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1988</small> <small>[BDRC: W7972].</small>
|-
|<small>«ཏུན་ཧོང་ཡིག་རྙིང་»</small> PT1287
|<small>«ཏུན་ཧོང་ཡིག་རྙིང་» (Pelliot Tibetain T1287, International Dunhaung Project Silk Road Online</small>
|-
|<small>«དུ་ཀཱུ་ལའི་གོས་བཟང་»</small>
|<small>ངག་དབང་བློ་བཟང་རྒྱ་མཚོ། «རང་རྣམ་དུ་ཀཱུ་ལའི་གོས་བཟང་» In «ལྔ་པའི་གསུམ་འབུམ་» vol. Ja (dukūla’I gos bzang vol. 3) པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009 [BDRC: W1PD107937].</small>
|-
|<small>«བློན་པོ་བཀའ་ཐང་»</small>
|<small>པདྨ་གླིང་པ། «བློན་པོ་བཀའ་ཡི་ཐང་ཡིག་». In «བཀའ་ཐང་སྡེ་ལྔ་» པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1986, 1997, vol. 1, pp. 427–539 [BDRC: W17319].</small>
|-
|<small>«རླངས་ཀྱི་པོ་ཏི་བསེ་རུ་»</small>
|<small>བྱང་ཆུབ་རྒྱལ་མཚན། «རླངས་ཀྱི་པོ་ཏི་བསེ་རུ་». A = New Delhi: T. Tsepal Taikhang, 1974 [BDRC: 30165]; B = {གངས་ཅན་རིག་མཛོད། 3} བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1986 [BDRC: W18579].</small>
|}
*[[ཆབ་མདོ་རྫོང་]]
* [[འཇོ་མདའ་རྫོང་]]
* [[གོ་འཇོ་རྫོང་སྐྱ་འབལ་ཤང་།
* [[རི་བོ་ཆེ་རྫོང་]]
* [[སྟེང་ཆེན་རྫོང་]]
* [[བྲག་གཡབ་རྫོང་]]
* [[དཔའ་ཤོད་རྫོང་]]
* [[མཛོ་སྒང་རྫོང་]]
* [[སྨར་ཁམས་རྫོང་]]
* [[ལྷོ་རོང་རྫོང་]]
* [[དཔལ་འབར་རྫོང་]]
{{བོད་རང་སྐྱོང་ལྗོངས་}}
{{རིགས་དགར་མེད་པ}}
{{ཆ་མི་ཚང་བ}}
ti48m2vnx4mxp6wgc2y9jtibnekx3lw
བྱང་ཕྱོགས་སོ་བདུན།
0
28253
162847
2026-10-15T11:04:06Z
Yongzom123
34660
《མངོན་པར་རྟོགས་པའི་རྒྱན་》 གྱི་སྐབས་བཞི་པ་དང་ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་《ཕར་ཕྱིན་སྤྱི་དོན་སྐལ་བཟང་ཀླུ་དབང་གི་རོལ་མཚོ་》 གཞིར་བཟུང་སྟེ། བྱང་ཕྱོགས་སོ་བདུན་སྤྱིར་བསྟན་པའི་ རྩོམ་ཡིག་གཤམ་གསལ་ལྟར་བཀོད་ཡོད།
162847
wikitext
text/x-wiki
'''བྱང་ཕྱོགས་སོ་བདུན་སྤྱིར་བསྟན་པ།'''
བྱང་ཕྱོགས་སོ་བདུན་ (ལེགས་སྦྱར་སྐད་དུ།: *bodhipakṣadharma*; དབྱིན་སྐད།: Thirty-seven Factors of Enlightenment) ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱེད་པའི་མཐུན་རྐྱེན་དུ་གྱུར་པའི་ལམ་གྱི་ཆོས་སུམ་ཅུ་སོ་བདུན་པོ་རྣམས་ཡིན། ཐེག་པ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་《མངོན་པར་རྟོགས་པའི་རྒྱན་》གྱི་སྐབས་བཞི་པ་རྣམ་རྫོགས་སྦྱོར་བའི་ནང་དུ། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུའི་ (༡༡༠) ཁོངས་སུ་གཏོགས་པའི་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དོན་གཅིག་ (༧༡) གི་ཐོག་མར་བྱང་ཕྱོགས་སོ་བདུན་སྤྱིར་བསྟན་ནས་རྒྱས་པར་འཆད་དོ།
'''༡. མཚན་ཉིད་དང་སྒྲ་བཤད།'''
མཚན་ཉིད: བྱང་ཆུབ་ཀྱི་ཆ་དང་མཐུན་པའི་ཆོས་གང་ཞིག རང་གི་ངོ་བོ་ཐེག་པ་གསུམ་གྱི་འཕགས་ལམ་དང་རྗེས་སུ་མཐུན་པར་སྐྱེ་བའི་དགེ་བའི་ཆོས་རྣམས་སོ།
སྒྲ་བཤད: «བྱང་ཆུབ་» ནི་སྤངས་རྟོགས་མཐར་ཕྱིན་པའི་གོ་འཕང་ལ་བྱ་ཞིང་། «ཕྱོགས་» ནི་དེའི་མཐུན་རྐྱེན་ནམ་དེར་ཕྱོགས་པའི་ཕྱིར་ན་ «བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་» སམ་ «བྱང་ཕྱོགས་སོ་བདུན་» ཞེས་བརྗོད།
'''༢. སྡེ་ཚན་བདུན་གྱི་དབྱེ་བ།'''
བྱང་ཕྱོགས་སོ་བདུན་པོ་རྣམས་སྡེ་ཚན་བདུན་དུ་བསྡུས་ནས་འདྲེན་པ་ཡིན།
| ཨང་། | སྡེ་ཚན་གྱི་མིང་། | གྲངས། | ནང་གསེས་ཀྱི་དབྱེ་བ། |
'''༡ དྲན་པ་ཉེར་བཞག་བཞི།<br>''' ༤ ༡. ལུས་དྲན་པ་ཉེར་བཞག ༢. ཚོར་བ་དྲན་པ་ཉེར་བཞག ༣. སེམས་དྲན་པ་ཉེར་བཞག ༤. ཆོས་དྲན་པ་ཉེར་བཞག
'''༢ ཡང་དག་སྤོང་བ་བཞི།<br>''' ༥. མི་དགེ་བ་སྐྱེས་པ་སྤོང་བ། ༦. མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ། ༧. དགེ་བ་མ་སྐྱེས་པ་བསྐྱེད་པ། ༨. དགེ་བ་སྐྱེས་པ་སྤེལ་བ།
'''༣ རྫུ་འཕྲུལ་གྱི་རྐང་པ་བཞི།<br>''' ༩. འདུན་པའི་རྫུ་འཕྲུལ་གྱི་རྐང་པ། ༡༠. བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། ༡༡. སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ། ༡༢. དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ།
'''༤ དབང་པོ་ལྔ།<br>''' ༡༣. དད་པའི་དབང་པོ། ༡༤. བརྩོན་འགྲུས་ཀྱི་དབང་པོ། ༡༥. དྲན་པའི་དབང་པོ། ༡༦. ཏིང་ངེ་འཛིན་གྱི་དབང་པོ། ༡༧. ཤེས་རབ་ཀྱི་དབང་པོ།
༥ སྟོབས་ལྔ།<br> ༡༨. དད་པའི་སྟོབས། ༡༩. བརྩོན་འགྲུས་ཀྱི་སྟོབས། ༢༠. དྲན་པའི་སྟོབས། ༢༡. ཏིང་ངེ་འཛིན་གྱི་སྟོབས། ༢༢. ཤེས་རབ་ཀྱི་སྟོབས།
'''༦ བྱང་ཆུབ་ཀྱི་ཡན་ལག་བདུན།<br>''' ༢༣. དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ༢༤. ཆོས་རབ་ཏུ་རྣམ་འབྱེད། ༢༥. བརྩོན་འགྲུས། ༢༦. དགའ་བ། ༢༧. ཤིན་ཏུ་སྦྱངས་པ། ༢༨. ཏིང་ངེ་འཛིན། ༢༩. བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག
'''༧ འཕགས་ལམ་ཡན་ལག་བརྒྱད།<br>''' ༣༠. ཡང་དག་པའི་ལྟ་བ། ༣༡. ཡང་དག་པའི་རྟོག་པ། ༣༢. ཡང་དག་པའི་ངག ༣༣. ཡང་དག་པའི་ལས་ཀྱི་མཐའ། ༣༤. ཡང་དག་པའི་འཚོ་བ། ༣༥. ཡང་དག་པའི་རྩོལ་བ། ༣༦. ཡང་དག་པའི་དྲན་པ། ༣༧. ཡང་དག་པའི་ཏིང་ངེ་འཛིན།
(བསྡོམས་པས་ ༤ + ༤ + ༤ + ༥ + ༥ + ༧ + ༨ = ༣༧ ཏུ་གྲུབ་བོ།)
'''༣. ལམ་ལྔ་དང་ས་མཚམས་སྦྱོར་ཚུལ།'''
གཞུང་ལུགས་ཆེན་མོ་རྣམས་སུ་བྱང་ཕྱོགས་སོ་བདུན་པོ་རྣམས་ལམ་ལྔའི་གོ་རིམ་དང་སྦྱར་ནས་གཏན་ལ་འབེབས་ཏེ།
༡. ཚོགས་ལམ: ཚོགས་ལམ་ཆུང་ངུའི་དུས་སུ་ དྲན་པ་ཉེར་བཞག་བཞི་དང་། ཚོགས་ལམ་འབྲིང་གི་དུས་སུ་ཡང་དག་སྤོང་བ་བཞི་དང་། ཚོགས་ལམ་ཆེན་པོའི་དུས་སུ་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་གཙོ་བོར་ཉམས་སུ་ལེན་པར་བྱེད།
༢. སྦྱོར་ལམ: སྦྱོར་ལམ་དྲོད་དང་རྩེ་མོའི་སྐབས་སུ་ཉོན་མོངས་ཟིལ་གྱིས་གནོན་པའི་ཆ་ནས་དབང་པོ་ལྔ་དང་། བཟོད་པ་དང་ཆོས་མཆོག་གི་སྐབས་སུ་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་སྟོབས་ལྔ་ཉམས་སུ་ལེན་པར་བྱེད།
༣. མཐོང་ལམ: བདེན་པ་མངོན་སུམ་དུ་མཐོང་བའི་སྐབས་སུ་རྟོགས་པའི་ཡན་ལག་ཏུ་གྱུར་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཉམས་སུ་ལེན་པར་བྱེད།
༤. སྒོམ་ལམ: མཐོང་ཟིན་གྱི་གནས་ལུགས་གོམས་པར་བྱེད་པའི་སྐབས་སུ་དངོས་སུ་བགྲོད་པའི་ལམ་དུ་གྱུར་པའི་འཕགས་ལམ་ཡན་ལག་བརྒྱད་ཉམས་སུ་ལེན་པར་བྱེད།
༥. མི་སློབ་ལམ: བྱང་ཕྱོགས་སོ་བདུན་གྱི་ཉམས་ལེན་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པའི་གནས་སྐབས་ཏེ་སངས་རྒྱས་ཀྱི་སའོ།
'''༤. ངོ་བོའི་སྒོ་ནས་བསྡུ་བ།'''
བྱང་ཕྱོགས་སོ་བདུན་པོ་རྣམས་མིང་གི་སྒོ་ནས་སོ་བདུན་དུ་དབྱེ་ཡང་། རྫས་སམ་ངོ་བོའི་སྒོ་ནས་བསྡུ་ན་ཆོས་བཅུ་ (༡༠)རུ་འདུས་ཏེ།
དད་པ: (དབང་པོ་དང་སྟོབས་ཀྱི་དད་པ)
བརྩོན་འགྲུས: (ཡང་དག་སྤོང་བ། རྫུ་འཕྲུལ་རྐང་པ། དབང་པོ། སྟོབས། བྱང་ཆུབ་ཡན་ལག འཕགས་ལམ་ཡན་ལག་གི་བརྩོན་འགྲུས)
དྲན་པ: (དྲན་པ་ཉེར་བཞག དབང་པོ། སྟོབས། བྱང་ཆུབ་ཡན་ལག འཕགས་ལམ་ཡན་ལག་གི་དྲན་པ)
ཏིང་ངེ་འཛིན: (རྫུ་འཕྲུལ་རྐང་པ། དབང་པོ། སྟོབས། བྱང་ཆུབ་ཡན་ལག འཕགས་ལམ་ཡན་ལག་གི་ཏིང་ངེ་འཛིན)
ཤེས་རབ: (དྲན་པ་ཉེར་བཞག དབང་པོ། སྟོབས། ཆོས་རབ་རྣམ་འབྱེད། ཡང་དག་པའི་ལྟ་བ)
ཤིན་ཏུ་སྦྱངས་པ: (བྱང་ཆུབ་ཡན་ལག་གི་ཤིན་སྦྱངས)
དགའ་བ: (བྱང་ཆུབ་ཡན་ལག་གི་དགའ་བ)
བཏང་སྙོམས: (བྱང་ཆུབ་ཡན་ལག་གི་བཏང་སྙོམས)
རྟོག་པ: (ཡང་དག་པའི་རྟོག་པ)
ཚུལ་ཁྲིམས: (ཡང་དག་པའི་ངག ལས་མཐའ། འཚོ་བ་གསུམ)
'''༥. ཐེག་ཆེན་གྱི་ཁྱད་ཆོས།'''
ཐེག་དམན་ཉན་རང་རྣམས་ཀྱིས་བྱང་ཕྱོགས་སོ་བདུན་རང་ཉིད་ཞི་བདེ་འཐོབ་པའི་ཕྱིར་དུ་ཉམས་སུ་ལེན་པ་ཡིན། འོན་ཀྱང་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔས་ནི།
༡. སྙིང་རྗེ་ཆེན་པོས་ཟིན་པས་འཁོར་བར་གནས་ནས་གཞན་དོན་སྒྲུབ་པ།
༢. སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་འཁོར་བའི་སྐྱོན་གྱིས་མི་གོས་པ།
༣. དམིགས་པ་མེད་པའི་ཚུལ་གྱིས་བྱང་ཕྱོགས་སོ་བདུན་རྣམས་རྣམ་མཁྱེན་གྱི་རྒྱུར་སྒོམ་པར་བྱེད་པ་ནི་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ཡིན་ནོ།
'''༦. དཔྱད་གཞིའི་ཡིག་ཆ།'''
《མངོན་པར་རྟོགས་པའི་རྒྱན》 རྗེ་བཙུན་བྱམས་པ་མགོན་པོ།
《ཆོས་མངོན་པ་མཛོད》 སློབ་དཔོན་དབྱིག་གཉེན།
《ཕར་ཕྱིན་སྤྱི་དོན་སྐལ་བཟང་ཀླུ་དབང་གི་རོལ་མཚོ》 རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
2avibmo0r40k7w1to3s8mpyif0gqokf
162848
162847
2026-10-15T11:05:39Z
Yongzom123
34660
162848
wikitext
text/x-wiki
'''བྱང་ཕྱོགས་སོ་བདུན་སྤྱིར་བསྟན་པ།'''
བྱང་ཕྱོགས་སོ་བདུན་ (ལེགས་སྦྱར་སྐད་དུ།: bodhipakṣadharma; དབྱིན་སྐད།: Thirty-seven Factors of Enlightenment) ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱེད་པའི་མཐུན་རྐྱེན་དུ་གྱུར་པའི་ལམ་གྱི་ཆོས་སུམ་ཅུ་སོ་བདུན་པོ་རྣམས་ཡིན། ཐེག་པ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་《མངོན་པར་རྟོགས་པའི་རྒྱན་》གྱི་སྐབས་བཞི་པ་རྣམ་རྫོགས་སྦྱོར་བའི་ནང་དུ། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུའི་ (༡༡༠) ཁོངས་སུ་གཏོགས་པའི་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དོན་གཅིག་ (༧༡) གི་ཐོག་མར་བྱང་ཕྱོགས་སོ་བདུན་སྤྱིར་བསྟན་ནས་རྒྱས་པར་འཆད་དོ།
'''༡. མཚན་ཉིད་དང་སྒྲ་བཤད།'''
མཚན་ཉིད: བྱང་ཆུབ་ཀྱི་ཆ་དང་མཐུན་པའི་ཆོས་གང་ཞིག རང་གི་ངོ་བོ་ཐེག་པ་གསུམ་གྱི་འཕགས་ལམ་དང་རྗེས་སུ་མཐུན་པར་སྐྱེ་བའི་དགེ་བའི་ཆོས་རྣམས་སོ།
སྒྲ་བཤད: «བྱང་ཆུབ་» ནི་སྤངས་རྟོགས་མཐར་ཕྱིན་པའི་གོ་འཕང་ལ་བྱ་ཞིང་། «ཕྱོགས་» ནི་དེའི་མཐུན་རྐྱེན་ནམ་དེར་ཕྱོགས་པའི་ཕྱིར་ན་ «བྱང་ཆུབ་ཀྱི་ཕྱོགས་སུ་གཏོགས་པའི་ཆོས་» སམ་ «བྱང་ཕྱོགས་སོ་བདུན་» ཞེས་བརྗོད།
'''༢. སྡེ་ཚན་བདུན་གྱི་དབྱེ་བ།'''
བྱང་ཕྱོགས་སོ་བདུན་པོ་རྣམས་སྡེ་ཚན་བདུན་དུ་བསྡུས་ནས་འདྲེན་པ་ཡིན།
| ཨང་། | སྡེ་ཚན་གྱི་མིང་། | གྲངས། | ནང་གསེས་ཀྱི་དབྱེ་བ། |
'''༡ དྲན་པ་ཉེར་བཞག་བཞི།<br>''' ༡. ལུས་དྲན་པ་ཉེར་བཞག ༢. ཚོར་བ་དྲན་པ་ཉེར་བཞག ༣. སེམས་དྲན་པ་ཉེར་བཞག ༤. ཆོས་དྲན་པ་ཉེར་བཞག
'''༢ ཡང་དག་སྤོང་བ་བཞི།<br>''' ༥. མི་དགེ་བ་སྐྱེས་པ་སྤོང་བ། ༦. མི་དགེ་བ་མ་སྐྱེས་པ་མི་བསྐྱེད་པ། ༧. དགེ་བ་མ་སྐྱེས་པ་བསྐྱེད་པ། ༨. དགེ་བ་སྐྱེས་པ་སྤེལ་བ།
'''༣ རྫུ་འཕྲུལ་གྱི་རྐང་པ་བཞི།<br>''' ༩. འདུན་པའི་རྫུ་འཕྲུལ་གྱི་རྐང་པ། ༡༠. བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། ༡༡. སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ། ༡༢. དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ།
'''༤ དབང་པོ་ལྔ།<br>''' ༡༣. དད་པའི་དབང་པོ། ༡༤. བརྩོན་འགྲུས་ཀྱི་དབང་པོ། ༡༥. དྲན་པའི་དབང་པོ། ༡༦. ཏིང་ངེ་འཛིན་གྱི་དབང་པོ། ༡༧. ཤེས་རབ་ཀྱི་དབང་པོ།
༥ སྟོབས་ལྔ།<br> ༡༨. དད་པའི་སྟོབས། ༡༩. བརྩོན་འགྲུས་ཀྱི་སྟོབས། ༢༠. དྲན་པའི་སྟོབས། ༢༡. ཏིང་ངེ་འཛིན་གྱི་སྟོབས། ༢༢. ཤེས་རབ་ཀྱི་སྟོབས།
'''༦ བྱང་ཆུབ་ཀྱི་ཡན་ལག་བདུན།<br>''' ༢༣. དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ༢༤. ཆོས་རབ་ཏུ་རྣམ་འབྱེད། ༢༥. བརྩོན་འགྲུས། ༢༦. དགའ་བ། ༢༧. ཤིན་ཏུ་སྦྱངས་པ། ༢༨. ཏིང་ངེ་འཛིན། ༢༩. བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག
'''༧ འཕགས་ལམ་ཡན་ལག་བརྒྱད།<br>''' ༣༠. ཡང་དག་པའི་ལྟ་བ། ༣༡. ཡང་དག་པའི་རྟོག་པ། ༣༢. ཡང་དག་པའི་ངག ༣༣. ཡང་དག་པའི་ལས་ཀྱི་མཐའ། ༣༤. ཡང་དག་པའི་འཚོ་བ། ༣༥. ཡང་དག་པའི་རྩོལ་བ། ༣༦. ཡང་དག་པའི་དྲན་པ། ༣༧. ཡང་དག་པའི་ཏིང་ངེ་འཛིན།
(བསྡོམས་པས་ ༤ + ༤ + ༤ + ༥ + ༥ + ༧ + ༨ = ༣༧ ཏུ་གྲུབ་བོ།)
'''༣. ལམ་ལྔ་དང་ས་མཚམས་སྦྱོར་ཚུལ།'''
གཞུང་ལུགས་ཆེན་མོ་རྣམས་སུ་བྱང་ཕྱོགས་སོ་བདུན་པོ་རྣམས་ལམ་ལྔའི་གོ་རིམ་དང་སྦྱར་ནས་གཏན་ལ་འབེབས་ཏེ།
༡. ཚོགས་ལམ: ཚོགས་ལམ་ཆུང་ངུའི་དུས་སུ་ དྲན་པ་ཉེར་བཞག་བཞི་དང་། ཚོགས་ལམ་འབྲིང་གི་དུས་སུ་ཡང་དག་སྤོང་བ་བཞི་དང་། ཚོགས་ལམ་ཆེན་པོའི་དུས་སུ་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་གཙོ་བོར་ཉམས་སུ་ལེན་པར་བྱེད།
༢. སྦྱོར་ལམ: སྦྱོར་ལམ་དྲོད་དང་རྩེ་མོའི་སྐབས་སུ་ཉོན་མོངས་ཟིལ་གྱིས་གནོན་པའི་ཆ་ནས་དབང་པོ་ལྔ་དང་། བཟོད་པ་དང་ཆོས་མཆོག་གི་སྐབས་སུ་མི་མཐུན་ཕྱོགས་ཀྱིས་མི་བརྫི་བའི་ཕྱིར་སྟོབས་ལྔ་ཉམས་སུ་ལེན་པར་བྱེད།
༣. མཐོང་ལམ: བདེན་པ་མངོན་སུམ་དུ་མཐོང་བའི་སྐབས་སུ་རྟོགས་པའི་ཡན་ལག་ཏུ་གྱུར་པའི་བྱང་ཆུབ་ཀྱི་ཡན་ལག་བདུན་ཉམས་སུ་ལེན་པར་བྱེད།
༤. སྒོམ་ལམ: མཐོང་ཟིན་གྱི་གནས་ལུགས་གོམས་པར་བྱེད་པའི་སྐབས་སུ་དངོས་སུ་བགྲོད་པའི་ལམ་དུ་གྱུར་པའི་འཕགས་ལམ་ཡན་ལག་བརྒྱད་ཉམས་སུ་ལེན་པར་བྱེད།
༥. མི་སློབ་ལམ: བྱང་ཕྱོགས་སོ་བདུན་གྱི་ཉམས་ལེན་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པའི་གནས་སྐབས་ཏེ་སངས་རྒྱས་ཀྱི་སའོ།
'''༤. ངོ་བོའི་སྒོ་ནས་བསྡུ་བ།'''
བྱང་ཕྱོགས་སོ་བདུན་པོ་རྣམས་མིང་གི་སྒོ་ནས་སོ་བདུན་དུ་དབྱེ་ཡང་། རྫས་སམ་ངོ་བོའི་སྒོ་ནས་བསྡུ་ན་ཆོས་བཅུ་ (༡༠)རུ་འདུས་ཏེ།
དད་པ: (དབང་པོ་དང་སྟོབས་ཀྱི་དད་པ)
བརྩོན་འགྲུས: (ཡང་དག་སྤོང་བ། རྫུ་འཕྲུལ་རྐང་པ། དབང་པོ། སྟོབས། བྱང་ཆུབ་ཡན་ལག འཕགས་ལམ་ཡན་ལག་གི་བརྩོན་འགྲུས)
དྲན་པ: (དྲན་པ་ཉེར་བཞག དབང་པོ། སྟོབས། བྱང་ཆུབ་ཡན་ལག འཕགས་ལམ་ཡན་ལག་གི་དྲན་པ)
ཏིང་ངེ་འཛིན: (རྫུ་འཕྲུལ་རྐང་པ། དབང་པོ། སྟོབས། བྱང་ཆུབ་ཡན་ལག འཕགས་ལམ་ཡན་ལག་གི་ཏིང་ངེ་འཛིན)
ཤེས་རབ: (དྲན་པ་ཉེར་བཞག དབང་པོ། སྟོབས། ཆོས་རབ་རྣམ་འབྱེད། ཡང་དག་པའི་ལྟ་བ)
ཤིན་ཏུ་སྦྱངས་པ: (བྱང་ཆུབ་ཡན་ལག་གི་ཤིན་སྦྱངས)
དགའ་བ: (བྱང་ཆུབ་ཡན་ལག་གི་དགའ་བ)
བཏང་སྙོམས: (བྱང་ཆུབ་ཡན་ལག་གི་བཏང་སྙོམས)
རྟོག་པ: (ཡང་དག་པའི་རྟོག་པ)
ཚུལ་ཁྲིམས: (ཡང་དག་པའི་ངག ལས་མཐའ། འཚོ་བ་གསུམ)
'''༥. ཐེག་ཆེན་གྱི་ཁྱད་ཆོས།'''
ཐེག་དམན་ཉན་རང་རྣམས་ཀྱིས་བྱང་ཕྱོགས་སོ་བདུན་རང་ཉིད་ཞི་བདེ་འཐོབ་པའི་ཕྱིར་དུ་ཉམས་སུ་ལེན་པ་ཡིན། འོན་ཀྱང་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔས་ནི།
༡. སྙིང་རྗེ་ཆེན་པོས་ཟིན་པས་འཁོར་བར་གནས་ནས་གཞན་དོན་སྒྲུབ་པ།
༢. སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པས་འཁོར་བའི་སྐྱོན་གྱིས་མི་གོས་པ།
༣. དམིགས་པ་མེད་པའི་ཚུལ་གྱིས་བྱང་ཕྱོགས་སོ་བདུན་རྣམས་རྣམ་མཁྱེན་གྱི་རྒྱུར་སྒོམ་པར་བྱེད་པ་ནི་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ཁྱད་པར་ཡིན་ནོ།
'''༦. དཔྱད་གཞིའི་ཡིག་ཆ།'''
《མངོན་པར་རྟོགས་པའི་རྒྱན》 རྗེ་བཙུན་བྱམས་པ་མགོན་པོ།
《ཆོས་མངོན་པ་མཛོད》 སློབ་དཔོན་དབྱིག་གཉེན།
《ཕར་ཕྱིན་སྤྱི་དོན་སྐལ་བཟང་ཀླུ་དབང་གི་རོལ་མཚོ》 རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
tqxzlpi0rda980865xoounr20w0v181
ཡང་དག་སྤོང་བ།
0
28254
162849
2026-10-15T11:23:02Z
Yongzom123
34660
《མངོན་པར་རྟོགས་པའི་རྒྱན་》 གྱི་སྐབས་བཞི་པ་དང་ རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་《ཕར་ཕྱིན་སྤྱི་དོན་སྐལ་བཟང་ཀླུ་དབང་གི་རོལ་མཚོ་》གཞིར་བཟུང་སྟེ། ཡང་དག་པར་སྤོང་བ་བཞིའི་ངོ་བོ་བཤད་ཡོད།།
162849
wikitext
text/x-wiki
'''༄༅། ཡང་དག་སྤོང་བ་།'''
ཡང་དག་པར་སྤོང་བ་བཞི་ (ལེགས་སྦྱར་སྐད་དུ་།: catvāri samyakprahāṇāni; དབྱིན་སྐད།: Four Right Exertions / Four Correct Abandonments) ནི་ཐར་པ་དང་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་གོ་འཕང་སྒྲུབ་པར་བྱེད་པའི་བྱང་ཕྱོགས་སོ་བདུན་གྱི་སྡེ་ཚན་གཉིས་པ་ཡིན། ཕར་ཕྱིན་གྱི་གཞུང་《མངོན་པར་རྟོགས་པའི་རྒྱན་》གྱི་སྐབས་བཞི་པ་རྣམ་རྫོགས་སྦྱོར་བའི་ནང་དུ། རྣམ་མཁྱེན་གྱི་རྣམ་པ་བརྒྱ་དང་བཅུའི་ (༡༡༠) ཁོངས་སུ་གཏོགས་པའི་ཐུན་མོང་བའི་རྣམ་མཁྱེན་གྱི་རྣམ་པ་དོན་གཅིག་ (༧༡) གི་སྐབས་སུ། དྲན་པ་ཉེར་བཞག་བཞི་བཤད་པའི་མཇུག་ཐོགས་སུ་ཡང་དག་པར་སྤོང་བ་བཞི་རྒྱས་པར་བསྟན་ཡོད།
'''༡. མཚན་ཉིད་དང་ངོ་བོ།'''
མཚན་ཉིད: མི་མཐུན་ཕྱོགས་ཀྱི་ཉེས་ལྟུང་དང་སྡིག་པ་རྣམས་སྤོང་ཞིང་། གཉེན་པོ་དགེ་བའི་ཕྱོགས་རྣམས་སྤེལ་བར་བྱེད་པའི་བྱང་ཆུབ་ཀྱི་ཆ་དང་མཐུན་པའི་བརྩོན་འགྲུས་ཀྱི་རྟོགས་པའོ།
'''ངོ་བོ།:''' ཡང་དག་པར་སྤོང་བའི་རང་གི་ངོ་བོ་ནི་དགེ་བའི་བྱ་བ་ལ་སྤྲོ་ཞིང་འཇུག་པའི་བརྩོན་འགྲུས་། (Vīrya) ཡིན།
'''སྒྲ་བཤད།:''' མི་མཐུན་པའི་སྡིག་ལྟུང་མ་ལུས་པ་ «ཡང་དག་པར་སྤོང་བར་བྱེད་པ་» དང་། དགེ་བའི་ཕྱོགས་ལ་ «ཡང་དག་པར་འཇུག་ཅིང་འབད་པར་བྱེད་པའི་» ཕྱིར་ན་ «ཡང་དག་པར་སྤོང་བ་» ཞེས་བྱའོ།
'''༢. ཡང་དག་པར་སྤོང་བ་བཞིའི་སོ་སོའི་དབྱེ་བ།'''
མདོ་དང་བསྟན་བཅོས་རྣམས་སུ་མི་དགེ་བ་དང་དགེ་བའི་ཆོས་གཉིས་ལ་སྐྱེས་པ་དང་མ་སྐྱེས་པའི་སྒོ་ནས་བཞིར་དབྱེ་བ་ཕྱེས་ཡོད།
'''༡) སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ།'''
དོན་ནི།: རང་གི་རྒྱུད་ལ་སྔར་སྐྱེས་ཟིན་པའི་ཉོན་མོངས་པ་དང་། ཉེས་པ། མི་དགེ་བའི་ལས་རྣམས་སླར་ཡང་མི་འབྱུང་ཞིང་རྒྱུན་གཅོད་པའི་ཕྱིར། འདུན་པ་སྐྱེད་པ། རྩོལ་བ། བརྩོན་འགྲུས་རྩོམ་པ། སེམས་རབ་ཏུ་འཛིན་ཅིང་འཇོག་པའོ།
'''༢) སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ།'''
དོན་ནི།: རང་གི་རྒྱུད་ལ་ད་དུང་མ་སྐྱེས་པའི་མི་དགེ་བའི་ཆོས་དང་ཉོན་མོངས་པའི་ས་བོན་རྣམས་ཕྱིས་སུ་གཏན་ནས་མི་སྐྱེ་བར་བྱ་བའི་ཕྱིར། དྲན་ཤེས་བསྟེན་ནས་སྒོ་གསུམ་གྱི་ཉེས་སྤྱོད་ལ་འགོག་ཅིང་འདུན་པ་སྐྱེད་པ་སོགས་སོ།
'''༣) དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ།'''
དོན་ནི་།: རང་གི་རྒྱུད་ལ་སྔར་མ་སྐྱེས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཞི་གནས་དང་ལྷག་མཐོང་སོགས་ལམ་གྱི་ཡོན་ཏན་དགེ་བའི་ཆོས་རྣམས་གསར་དུ་སྐྱེ་བར་བྱ་བའི་ཕྱིར། ཐབས་མཁས་ཀྱིས་འདུན་པ་སྐྱེད་ཅིང་བརྩོན་འགྲུས་རྩོམ་པའོ།
'''༤) དགེ་བའི་ཆོས་སྐྱེས་པ་རྣམས་གནས་ཤིང་སྤེལ་བར་བྱེད་པ།'''
དོན་ནི་།: རང་གི་རྒྱུད་ལ་སྐྱེས་ཟིན་པའི་དགེ་བའི་རྩ་བ་དང་ལམ་གྱི་རྟོགས་པ་རྣམས་ཉམས་པ་མེད་པར་གནས་པ་དང་། གོང་ནས་གོང་དུ་ཡོངས་སུ་རྫོགས་ཤིང་འཕེལ་བར་བྱ་བའི་ཕྱིར་བརྩོན་འགྲུས་ལྷོད་མེད་དུ་རྩོམ་པའོ།
'''༣. གྲངས་ངེས་དང་ས་མཚམས།'''
༡. གྲངས་ངེས: ལམ་གྱི་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ་ནི་ «སྤང་བྱ་སྤོང་བ་» དང་ «གཉེན་པོ་བསྟེན་པ་» གཉིས་སུ་འདུས་ལ། སྤང་བྱ་ལ་སྐྱེས་པ་སྤོང་བ་དང་མ་སྐྱེས་པ་མི་བསྐྱེད་པ་གཉིས། གཉེན་པོ་ལ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་སྤེལ་བ་གཉིས་ཏེ་བཞིར་གྲངས་ངེས་སོ།
༢. ས་མཚམས།: ཐེག་པ་ཆེན་པོའི་ལམ་གྱི་རིམ་པ་དང་སྦྱར་ན། ཐེག་ཆེན་གྱི་ཚོགས་ལམ་འབྲིང་གི་གནས་སྐབས་སུ་ཡང་དག་པར་སྤོང་བ་བཞི་རྣམས་གཙོ་བོར་ཉམས་སུ་ལེན་པར་འདོད། (དྲན་པ་ཉེར་བཞག་ཚོགས་ལམ་ཆུང་ངུར་གཙོ་བོ་ཡིན།)
'''༤. ཐེག་ཆེན་གྱི་ཁྱད་པར་དང་ཉམས་ལེན་གྱི་གནད།'''
རྗེ་བཙུན་པའི་《ཕར་ཕྱིན་སྤྱི་དོན་》གྱི་དགོངས་པ་ལྟར། ཐེག་པ་ཆེན་པོའི་བྱང་ཆུབ་སེམས་དཔས་ཡང་དག་པར་སྤོང་བ་སྒོམ་པའི་ཚེ་ཐེག་དམན་ལས་ཁྱད་པར་དུ་འཕགས་པ་གསུམ་ཡོད་དེ།
༡. དམིགས་པའི་ཁྱད་པར།: སྤང་བྱ་མི་དགེ་བ་དང་བླང་བྱ་དགེ་བའི་ཆོས་ཐམས་ཅད་དམིགས་གཏད་དང་བདེན་པར་མ་གྲུབ་པར་རྟོགས་པའི་སྒོ་ནས་སྤོང་ལེན་བྱེད་པ།
༢. ཐབས་ཀྱི་ཁྱད་པར།: སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་ཕྱིར་དུ་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་བརྩོན་འགྲུས་རྩོམ་པ།
༣. འབྲས་བུའི་ཁྱད་པར་།: རང་ཉིད་གཅིག་པུ་ཞི་བདེ་ཐོབ་པའི་ཕྱིར་མ་ཡིན་པར། སངས་རྒྱས་ཀྱི་ས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་དུ་བྱེད་པའི་ཆེད་དུ་ཡང་དག་པར་སྤོང་བའི་རྣམ་པ་རྣམས་ཉམས་སུ་ལེན་པའོ།
'''༥. དཔྱད་གཞིའི་ཡིག་ཆ།'''
《མངོན་པར་རྟོགས་པའི་རྒྱན》 རྗེ་བཙུན་བྱམས་པ་མགོན་པོ།
《ཆོས་མངོན་པ་མཛོད》 སློབ་དཔོན་དབྱིག་གཉེན།
《ཕར་ཕྱིན་སྤྱི་དོན་སྐལ་བཟང་ཀླུ་དབང་གི་རོལ་མཚོ》 རྗེ་བཙུན་ཆོས་ཀྱི་རྒྱལ་མཚན།
8ooox3mkvk02sqdflpnfmg7aac7ao4m
རྫུ་འཕྲུལ་གྱི་རྐང་པ་བཞི།
0
28255
162850
2026-10-15T11:36:13Z
Yongzom123
34660
རྩ་བ་། མངོན་རྟོགས་རྒྱན་སྐབས་བཞི་པ་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཕར་ཕྱིན་སྤྱི་དོན་སྐལ་བཟང་ཀླུ་དབང་གི་རོལ་མཚོ་ཡི་དགོངས་པ་ལྟར་བྲིས་ཡོད།
162850
wikitext
text/x-wiki
'''༄༅། རྫུ་འཕྲུལ་གྱི་རྐང་པ་བཞི།'''
རྫུ་འཕྲུལ་གྱི་རྐང་པ་བཞི་། (ལེགས་སྦྱར་སྐད། catvāra ṛddhipādāḥ; དབྱིན་སྐད།: Four Bases of Miraculous Power) ནི་ཐར་པ་དང་རྣམ་མཁྱེན་སྒྲུབ་པའི་བྱང་ཕྱོགས་སོ་བདུན་གྱི་སྡེ་ཚན་གསུམ་པ་ཡིན། འདི་ནི་ཐེག་ཆེན་གྱི་ཚོགས་ལམ་ཆེན་པོའི་གནས་སྐབས་སུ་གཙོ་བོར་ཉམས་སུ་ལེན་པའི་ཏིང་ངེ་འཛིན་གྱི་རྟོགས་པ་ཡིན།
༡. མཚན་ཉིད་དང་ངོ་བོ།
མཚན་ཉིད།: མངོན་ཤེས་དང་རྫུ་འཕྲུལ་སོགས་ཟག་མེད་ཀྱི་ཡོན་ཏན་ཁྱད་པར་ཅན་རྣམས་འགྲུབ་པར་བྱེད་པའི་རྟེན་དུ་གྱུར་པའི་ཏིང་ངེ་འཛིན་གྱི་རྟོགས་པའོ།
ངོ་བོ།: རྫུ་འཕྲུལ་གྱི་རྐང་པའི་རང་གི་ངོ་བོ་ནི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ཏིང་ངེ་འཛིན་ཡིན།
སྒྲ་བཤད།: ལུས་ཀྱི་བྱ་བ་ཐམས་ཅད་རྐང་པ་ལ་བརྟེན་ནས་འགྲོ་བ་བཞིན། མངོན་ཤེས་དང་རྫུ་འཕྲུལ་གྱི་ཡོན་ཏན་ཐམས་ཅད་ཏིང་ངེ་འཛིན་འདི་ལ་བརྟེན་ནས་འབྱུང་བས་ན་ «རྫུ་འཕྲུལ་གྱི་རྐང་པ་» ཞེས་བྱའོ།
༢. རྫུ་འཕྲུལ་གྱི་རྐང་པ་བཞིའི་དབྱེ་བ།
ཏིང་ངེ་འཛིན་སྐྱེད་པར་བྱེད་པའི་རྒྱུའི་ལྷག་པའི་ཆོས་ཀྱི་སྒོ་ནས་བཞིར་དབྱེ་སྟེ།
༡.འདུན་པའི་རྫུ་འཕྲུལ་གྱི་རྐང་པ། (Chanda-ṛddhipāda):
ཏིང་ངེ་འཛིན་ཐོབ་པར་འདོད་པའི་འདུན་པ་ལྷག་པོ་ཤས་ཆེ་བས་རྩེ་གཅིག་པའི་ཏིང་ངེ་འཛིན་འགྲུབ་པར་བྱེད་པའོ།
༢. བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ། (Vīrya-ṛddhipāda):
ཉམས་ལེན་ལ་སྤྲོ་བའི་བརྩོན་འགྲུས་ཀྱི་སྟོབས་ཤས་ཆེ་བས་རྩེ་གཅིག་པའི་ཏིང་ངེ་འཛིན་འགྲུབ་པར་བྱེད་པའོ།
༣. སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ། (Citta-ṛddhipāda):
སྔོན་གྱི་གོམས་པའི་སྟོབས་ཀྱིས་སེམས་དམིགས་པ་ལ་རང་བཞིན་གྱིས་འཇོག་པའི་སེམས་ཤས་ཆེ་བས་ཏིང་ངེ་འཛིན་འགྲུབ་པར་བྱེད་པའོ།
༤. དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ། (Mīmāṁsā-ṛddhipāda):
དམིགས་པའི་གནས་ལུགས་ལ་ཤེས་རབ་ཀྱིས་སོ་སོར་རྟོག་ཅིང་དཔྱོད་པའི་སྟོབས་ཤས་ཆེ་བས་ཏིང་ངེ་འཛིན་འགྲུབ་པར་བྱེད་པའོ།
༣. ས་མཚམས་དང་ཉམས་ལེན་གྱི་གནད།
ས་མཚམས།: ཐེག་པ་ཆེན་པོའི་ཚོགས་ལམ་ཆེན་པོའི་གནས་སྐབས་སུ་གཙོ་བོར་ཉམས་སུ་ལེན་ཅིང་། དེའི་སྟོབས་ཀྱིས་སྦྱོར་ལམ་གྱི་རྟོགས་པ་སྐྱེད་པའི་མཐུན་རྐྱེན་བྱེད་དོ།
ཐེག་ཆེན་གྱི་ཁྱད་པར།: བྱང་ཆུབ་སེམས་དཔས་རྫུ་འཕྲུལ་གྱི་རྐང་པ་སྒོམ་པའི་ཚེ། དམིགས་པ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་ཤེས་རབ་དང་། སེམས་ཅན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པའི་སྙིང་རྗེ་ཆེན་པོས་ཟིན་པའི་སྒོ་ནས་རྣམ་མཁྱེན་གྱི་རྒྱུར་སྒོམ་པར་བྱེད་དོ།
ma9zxujydmnu3m8l7ntlhy2tz1xij2x