Wikipedia bowiki https://bo.wikipedia.org/wiki/%E0%BD%82%E0%BD%99%E0%BD%BC%E0%BC%8B%E0%BD%84%E0%BD%BC%E0%BD%A6%E0%BC%8D MediaWiki 1.48.0-wmf.4 first-letter མི་ཌི་ཡ་། དམིགས་བསལ། བགྲོ་གླེང་། སྤྱོད་མཁན། སྤྱོད་མཁན་གྱི་ བགྲོ་གླེང་། Wikipedia Wikipedia བགྲོ་གླེང་། ཡིག་ཆ། ཡིག་ཆའི་ བགྲོ་གླེང་། མི་ཌི་ཡ་ཝི་ཀི། མི་ཌི་ཡ་ཝི་ཀིའི་ བགྲོ་གླེང་། དཔེ་པང་། དཔེ་པང་གི་ བགྲོ་གླེང་། རམ་འདེགས། རམ་འདེགས་ཀྱི་ བགྲོ་གླེང་། རིགས་དབྱེ། རིགས་དབྱེའི་ བགྲོ་གླེང་། TimedText TimedText talk Module Module talk Event Event talk དམུ་དགེའི་དགོན་གྱི་ངོ་སྤྲོད། 0 22231 163129 163125 2026-11-17T01:00:36Z Pecha-Dhondup 22403 163129 wikitext text/x-wiki {{Infobox དགོན་པ། | name = དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། | image = Mugey monastery 1987 after cultural revolution.png | caption = དམུ་དགེའི་དགོན། རིག་གནས་གསར་བརྗེའི་རྗེས་སུ་༡༩༨༧ ལོར་དགོན་པའི་རྒྱབ་རིའི་ངོས་ནས་བཏབ་པའི་དམུ་དགེའི་དགོན་པའིའདྲ་པར་ཞིག ཆོས་སྒོ་བྱས་རྗེས་ཀྱི་སྣང་བརྙན་ཞིག | religion = ནང་པ་སངས་རྒྱས་པ། | sect = དགེ་ལུགས། | founder = [[ཚ་ཁོ་དབོན་པོ་ངག་དབང་གྲགས་པ་|ཚ་ཁོ་ངག་དབང་གྲགས་པ།]] | founded_date = ཕྱི་ལོ་ ༡༣༩༩ | location = དམུ་དགེ། ཟུང་ཆུ་རྫོང་གི་ཁོངས་གཏོགས། | head_lama = ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན། }} '''དམུ་དགེའི་དགོན'''་ནམ་'''དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན'''་(dmu dge bkra shis 'khor lo'i dgon)毛儿盖寺 ནི་ [https://wikisource.org/wiki/Page:%E0%BD%91%E0%BD%98%E0%BD%B4%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BC%8B%E0%BD%91%E0%BD%82%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%A6%E0%BC%8D.pdf/14#:~:text=%E0%BD%A2%E0%BE%97%E0%BD%BA%E0%BC%8B%E0%BD%82%E0%BD%A1%E0%BD%BA%E0%BD%A0%E0%BD%B2%E0%BC%8B%E0%BD%8F%E0%BD%BA%E0%BD%A0%E0%BD%B4%E0%BC%8B%20%E0%BD%A2%E0%BD%A2%E0%BC%8B%E0%BD%96%E0%BD%9E%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A2%E0%BE%97%E0%BD%BA%E0%BC%8B%E0%BD%91%E0%BD%82%E0%BD%B4%E0%BD%84%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%9E%E0%BD%BA%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%98%E0%BC%8B%E0%BD%94%E0%BC%8B%E0%BD%A6%E0%BC%8B%E0%BD%A1%E0%BD%BC%E0%BD%A6%E0%BC%8B%E3%80%8A1399)%E0%BD%A3%E0%BD%BC%E0%BC%8B%E0%BC%8B%20%E0%BD%A1%E0%BD%B2%E0%BD%93%E0%BC%8B%E0%BD%94%E0%BD%A2%E0%BC%8B%E0%BD%82%E0%BD%A6%E0%BD%A3%E0%BC%8D ཕྱི་ལོ་ ༡༣༩༩ ལོ་སྟེ།] <ref></ref[[རྗེ་ཙོང་ཁ་པའི་རྣམ་ཐར།|རྗེ་རིན་པོ་ཆེ་བློ་བཟང་གྲགས་པ]]<ref>རྗེ་ཙོང་ཁ་པའི་རྣམ་ཐར།</ref> རྗེ་རིན་པོ་ཆེ་བློ་བཟང་གྲགས་པའི་དཔལ་དགུང་ལོ་ཞེ་གསུམ་ཡས་མས་ཤིག་གི་སྐབས་སུ། རྗེ་ཉིད་ཀྱི་ཐུགས་སྲས་སྔ་ཚལ་བཞིའི་ཡ་གྱལ་[[ཚ་ཁོ་དབོན་པོ་ངག་དབང་གྲགས་པ་|རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ]]ས་མདོ་སྨད་ཕྱོགས་སུ་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ཁྲོད་ཀྱི་གཅིག་དང། རྗེ་རང་ཉིད་ཀྱི་ལུང་གིས་ཟིན་པ་དང་རབ་གནས་མཛད་པའི་དགེ་ལུགས་ཀྱི་དགོན་རྙིང་ཞིག་ཡིན། སྤྱིར་བོད་ཀྱི་དགོན་པ་ཆེ་གྲས་གང་མང་ཞིག་ལ་མདོ་ཕྱོགས་སློབ་གཉེར་གྱི་ལྟེ་བར་འཛིན་པའི་མཚན་ཉིད་གྲྭ་ཚང་དང་། སྔགས་ཕྱོགས་རྒྱུད་སྡེ་བཞི་སོགས་སློབ་གཉེར་གྱི་ལྟེ་བར་འཛིན་པའི་རྒྱུད་གྲྭ་བཅས་དགོན་པ་གཅིག་ལ་རྩ་བའི་གྲྭ་ཚང་གཉིས་རེ་ཡོད་མོད། དམུ་དགེ་དགོན་པར་མཚོན་ན་དམིགས་བསལ་གྱིས་མཚན་ཉིད་གྲྭ་ཚང་དང་རྒྱུད་གྲྭ་ལོགས་སུ་མེད་པར་གཉིས་ཆ་ཟུང་འབྲེལ་གྱིས་སློབ་གཉེར་བྱེད་བཞིན་ཡོདཔས་ཚོགས་དང་ཆོས་གྲྭ་ཧ་ཅང་ལྕི། [[File:Mugeygonpa01.png|thumb|ཕྱི་ལོ་༢༠༡༧ ལོར་དགོན་པའི་མདུན་རིའི་ངོས་ནས་བཏབ་པའི་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་འདྲ་པར། ]] == དགོན་པའི་གྲྭ་གྲངས། == དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་ལ་རིག་གནས་གསར་བརྗེའི་སྔོན་གྲྭ་གྲངས་༦༧༠ <ref>ཀུན་མཁྱེན་སྐུ་འཕྲེང་ལྔའི་རྣམ་པར་ཐར་བ། རབ་རྒྱལ་ས་བྱི་(1948)ལོར་ནན་ཅིན་ནས་དཔར་དུ་བཀོད་པ།</ref>ཙམ་ཡོད་ཅིང་། ཕྱི་ལོ་༢༠༢༠ ལོར་ཁྱོན་བསྡོམས་པའི་གྲྭ་གྲངས་བཞི་བརྒྱ་མ་ཟིན་ཙམ་ཡོད། == ས་གནས། == བོད་རང་གི་ལོ་རྒྱུས་ཁྲོད་ཀྱི་ས་ཁུལ་བགོ་སྟངས་ལྟར་བྱས་ན་“སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་སྒང་དྲུག བར་དབུས་གཙང་རུ་བཞི་” ཟེར་བའི་སྨད་མདོ་ཁམས་སྒང་དྲུག་གི་མདོ་སྨད་ཀྱི་ཤར་ཕྱོགས་སུ་གཏོགས་པ་དང་། ད་ལྟ་རྒྱ་ནག་གི་ས་ཁུལ་བགོ་སྟངས་ལྟར་བྱས་ན་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ<ref>དེའི་རྗེ་ སུ་ཅོག་རྒྱལ་བསོད་ནམས་ཚེ་རིང་གིས་ཞིག་གསོས་བྱས་ཏེ་ས་རྡོའི་་་ མཆོད་རྟེན་ལེགས་པ་ཞིག་བཞེངས་ནས་གདུང་རུས་རྣམས་ཤུག་པའི་</ref>། ཟུང་ཆུ་རྫོང[[དམུ་དགེ།|་དམུ་དགེ་ཡུལ་ཚོ]]་ཞེས་པའི་ཡུལ་དུ་ཆགས་ཡོད། ས་བབ་མཐོ་ཚད།  རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་ 3200m དང་བྱང་N32° ཤར་E103°མཚམས་སུ་ཆགས་ཡོད། == འཆད་ཉན། == སློབ་གཉེར་གྱི་ཡིག་ཆ་གཙོ་བོ་རྒྱལ་བ་ཤཀྱ་ཐུབ་པའི་གསུང་སྤྱི་དང་དེའི་དགོངས་འགྲེལ་རྒྱ་གར་གྱི་པཎ་གྲུབ་མཁས་པས་མཛད་པ་རྣམས་དང་། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་གསུང་། [[རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་|རྗེ་བློ་བཟང་གྲགས་པ]]་ཡབ་སྲས་ཀྱི་ཡིག་ཆ་དང། ཀུན་མཁྱེན་ཡབ་སྲས་ཀྱི་ཡིག་ཆ་རྣམས་སློབ་གཉེར་གྱི་མཐིལ་ཏུ་འཛིན། ༡༽ [https://wikisource.org/wiki/Page:%E0%BD%91%E0%BD%98%E0%BD%B4%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BC%8B%E0%BD%91%E0%BD%82%E0%BD%BC%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A3%E0%BD%BC%E0%BC%8B%E0%BD%A2%E0%BE%92%E0%BE%B1%E0%BD%B4%E0%BD%A6%E0%BC%8D.pdf/18#:~:text=%E0%BD%96%E0%BE%B3%E0%BC%8B%E0%BD%98%E0%BC%8B%E0%BD%91%E0%BD%94%E0%BD%A3%E0%BC%8B%E0%BD%A3%E0%BE%A1%E0%BD%93%E0%BC%8B%E0%BD%9A%E0%BD%BA%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%82%E0%BE%B2%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%82%E0%BD%A6%E0%BD%B4%E0%BD%84%E0%BC%8B%E0%BD%82%E0%BD%B2%E0%BD%A6%E0%BC%8B%E0%BD%96%E0%BD%A6%E0%BE%90%E0%BD%B4%E0%BD%A3%E0%BC%8B%E0%BD%93%E0%BD%A6%E0%BC%8D%20%E0%BD%98%E0%BD%84%E0%BC%8B%20%E0%BD%91%E0%BD%B4%E0%BC%8B%E0%BD%90%E0%BD%BC%E0%BD%A6%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%96%E0%BD%99%E0%BD%B4%E0%BD%93%E0%BC%8B%E0%BD%94%E0%BC%8B%E0%BD%91%E0%BD%82%E0%BD%BA%E0%BC%8B%E0%BD%A3%E0%BD%BA%E0%BD%82%E0%BD%A6%E0%BC%8B%E0%BD%91%E0%BD%94%E0%BD%A3%E0%BC%8B%E0%BD%96%E0%BD%9F%E0%BD%84%E0%BC%8B%E0%BD%96%E0%BD%BC%E0%BD%A6%E0%BC%8B%E0%BD%A6%E0%BE%A6%E0%BE%B1%E0%BD%A2%E0%BC%8B%E0%BD%96%E0%BD%A0%E0%BD%BC%E0%BC%8D%E0%BC%8D%20%E0%BC%8D%E0%BC%8D%20%E0%BD%9E%E0%BD%BA%E0%BD%A6%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BC%8D%20%E0%BD%A1%E0%BD%84%E0%BC%8B%E0%BD%82%E0%BD%B4%E0%BD%84%E0%BC%8B%E0%BD%90%E0%BD%84%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%93%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%92%E0%BE%B2%E0%BD%BC%E0%BD%93%E0%BC%8B%E0%BD%98%E0%BD%BA%E0%BD%A6%E0%BC%8B%E0%BD%98%E0%BD%9B%E0%BD%91%E0%BC%8B%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%BC%E0%BD%91%E0%BC%8B%20%E0%BD%94%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%87%E0%BD%B4%E0%BD%82%E0%BC%8B%E0%BD%96%E0%BE%B1%E0%BD%84%E0%BC%8B%E0%BD%A3%E0%BD%A6%E0%BC%8D%20%E0%BD%85%E0%BD%BA%E0%BD%A6%E0%BC%8B%E0%BD%98%E0%BD%90%E0%BD%A0%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%96%E0%BC%8B%E0%BD%A0%E0%BD%91%E0%BD%A3%E0%BC%8B%E0%BD%96%E0%BD%A0%E0%BD%B2%E0%BC%8B%E0%BD%98%E0%BD%86%E0%BD%BC%E0%BD%82%E0%BC%8B%20%E0%BD%A0%E0%BD%95%E0%BD%82%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%80%E0%BC%8B%E0%BD%8F%E0%BC%8B%E0%BD%A1%E0%BC%8B%E0%BD%93%E0%BC%8B%E0%BD%91%E0%BD%84%E0%BC%8B%E0%BD%86%E0%BD%BC%E0%BD%A6%E0%BC%8B%E0%BD%98%E0%BD%9A%E0%BD%B4%E0%BD%84%E0%BD%A6%E0%BC%8B%E0%BD%94%E0%BC%8B%E0%BD%A2%E0%BE%97%E0%BD%BA%E0%BC%8B%E0%BD%96%E0%BE%B3%E0%BC%8B%E0%BD%98%E0%BD%A0%E0%BD%B2%E0%BC%8B%E0%BD%93%E0%BD%84%E0%BC%8B%E0%BD%90%E0%BD%B4%E0%BD%82%E0%BD%A6%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B རྒྱུད་གྲྭ་འཐུས་སྒོ་ཇེ་ཚང་དུ་བཏང་བའི་སྐོར།] རབ་བྱུང་བཅུ་གསུམ་པའི་ས་ཁྱི་(1778)ལོའི་ཟླ་དྲུག་པའི་ནང་ཀུན་མཁྱེན་སྐུ་ཕྲེང་གཉིས་པ་[[ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་ཕྲེང་གཉིས་པ་ཡིན།:|དཀོན་མཆོག་འཇིགས་མེད་དབང་བོ་]]མཆོག་དམུ་དགེ་དགོན་པས་ཐེངས་གཉིས་པ་གདན་འདྲེན་ཞུས་ཏེ་རིམ་པས་ཟླ་བཅུ་བའི་ཟླ་མཇུག་ལ་དགོན་སྡེ་འདིར་ཕེབས་ཐུབ་པ་བྱུང་། འདི་ཕྱོགས་ཀྱི་སྐྱེ་བོ་ཀུན་གྱི་ཞིང་སར་རྒྱུད་གྲྭ་ཧ་ཅང་མི་མང་ཡང་དངོས་གཙང་བ་ཞིག་བྱུང་ན་ལེགས་ཚུལ་འདི་ཀའི་བླ་སྡེ་དང་རྒན་པོ་རྣམས་འདུས་ཐོག་ཏུ་བཀའ་ཕེབས་པར་ཐམས་ཅད་གྲོས་མཐུན་གྱིས་རྒྱུད་གྲྭ་འཛུགས་རྒྱུར་ཐག་བཅད། གསར་ཚུགས་ཀྱི་ཚེ་གྲྭ་བ་སུམ་ཅུ་སོ་གཉིས་བྱུང་བ་སྙན་སྒྲོན་ཕུལ་བས་རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་ལྷ་གྲངས་དང་མཉམ་པར་འདུག་པས་རྟེན་འབྲེལ་བཟང་ཞེས་ཤིན་ཏུ་མཉེས། བླ་མ་ལས་སྣེ་སོགས་བསྐོ་བཞག་མཛད་ཅིང་ཚོགས་པར་མང་འགྱེད་བསྩལ། ༢༽དགོན་འདིར་བཤད་གྲྭ་ཐོག་མར་བཙུགས་ཚུལ། ས་ཁྱི་(1778)ལོར་རྒྱུད་གྲྭ་བཙུགས་ནས་བགྲང་བྱ་བཅུ་དྲུག་པ་ཆུ་མོ་གླང་གི་(1793)ལོར་ཁྲིམས་དཔོན་པོ་ཚང་ལ་འཁྲུངས་པ་ཀློང་རྡོལ་རིན་པོ་ཆེའི་དངོས་སློབ་ཁྲིམས་ཆོས་མཛད་བསོད་ནམས་བཀྲ་ཤིས་དང་། དམུ་དགེ་རྒྱམ་ཁོ་ཚང་ལ་འཁྲུངས་པ་ལྷ་རམས་པ་ཟུང་ཆུ་བློ་བཟང་དགེ་ལེགས་གཉིས་ཀྱིས་སྒོ་མང་ཡིག་ཆའི་སྟེང་ནས་མཚན་ཉིད་ཀྱི་བཤད་གྲྭ་བཙུགས་ཏེ་རྒྱུད་སྨད་དང་ཟུང་འབྲེལ་བྱས། མདོ་སྔགས་ཟུང་དུ་འབྲེལ་བ་ལ་བསླབ། དང་བོར་ཁྲིམས་ཆོས་མཛད་ཀྱིས་འཆད་ཉན་གནང་། དེ་ནས་ཟུང་ཆུ་དགེ་ལེགས་ཏེ་རྒྱམ་ཁོ་ལྷ་རམས་པ་བློ་བཟང་དགེ་ལེགས་ཁྲིར་བཞུགས། [[File:Monks of Mugey Gonpa in the hall 2017.png|thumb|2017 ལོར་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་གྲྭ་མང་གིས་སྨོན་ལམ་གསུང་བཞིན་པའི་སྐབས་ཀྱི་འདྲ་པར་ཞིག]] == དགོན་སྡེ་འདི་ཉིད་བསྐྱངས་མཁན་གྱི་བླ་མ་རིམ་བྱུང་། (རགས་བཤད།) == དགོན་པ་འདི་ཉིད་ཐོག་མར་རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས་ཕྱག་བཏབས་པ་དང་ཁོང་གིས་ཐོག་མར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་འཕྲུལ་འཁོར་བསྐོར་ནས་གནས་བྱིན་རླབས་དང་ཆོས་ཕྱོགས་ཀྱི་བྱེད་སྒོའི་དབུ་ཚུགས། '''དང་བོ།''' རྗེ་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ། '''གཉིས་པ།''' དགོན་སྡེ་འདི་ཉིད་སྟོང་སྐོར་རིམ་བྱུང་གིས་བསྐྱོང་ཚུལ། * སྟོང་སྐོར་སྐུ་འཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ། (1557-1587) * སྟོང་སྐོར་སྐུ་འཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོ། (1588-1639- * སྟོང་སྐོར་སྐུ་འཕྲེང་བཞི་བ་རྗེ་མདོ་རྒྱུད་རྒྱ་མཚོ། (-1683) * སྟོང་སྐོར་སྐུ་འཕྲེང་ལྔ་བ་རྗེ་ངག་དབང་བསོད་ནམས་རྒྱ་མཚོ། (1684-1752) '''གསུམ་པ།''' ཧ་མཐའ་བླ་མ་སོགས། '''བཞི་བ།''' ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན། == སྟོང་སྐོར་སྐུ་འཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ། == '''༡༽''' སྟོང་སྐོར་སྐུ་འཕྲེང་གཉིས་པ་ཡོན་ཏན་རྒྱ་མཚོ་ནི། རབ་བྱུང་དགུ་བའི་མེ་སྦྲུལ་(1557) ལོར་འཁྲུངས། རྗེ་འདི་བ་དམུ་དགེ་དགོན་པར་ཕེབས་ཏེ་དགོན་སྡེ་བསྐྱངས། རབ་བྱུང་བཅུ་བའི་མེ་ཕག(1587) ལོར་འདས། '''༢༽''' དེ་ནས་སྐུ་འཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོ་རབ་ཕྱོགས་ས་བྱི་(1588) ལོར་འཁྲུངས། རྗེ་འདི་ཡང་དགོན་སྡེ་འདིར་ཕེབས་ཏེ་གཟིགས་སྐྱོང་གནང་། ང་གཉིས་པ་རབ་དྲག་ས་ཡོས (1639)ལོར་གཤེགས་ཀྱང་མངལ་དུ་སྲིད་པ་འཛིན་མ་དགོས་པར་སུག་ཆུའི་འགྲམ་དུ་རྒྱ་ཕྲུག་ལོ་བཅུ་དགུ་ཅན་ཞིག་གི་ཕུང་བོ་དུར་ཁྲོད་དུ་བསྐྱལ་བར་བྱ་འཕུར་བ་བཞིན་སྐད་ཅིག་ལ་འཕོས་ནས་ང་སྟོང་སྐོར་བ་ཡིན་ཞེས་ངོས་བཟུང་བར་བརྟེན། གོང་མའི་སྐུ་གདུང་དང་མཉམ་དུ་སྟོང་སྐོར་དུ་ཕེབས། ལམ་ནས་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་བའི་དྲུང་ནས་རབ་བྱུང་གསར་སྒྲུབ་ཀྱིས་མཚན་ལ་འཇམ་དབྱངས་རྒྱ་མཚོར་བཏགས། དབང་ལུང་མན་ངག་མཐའ་ཡས་པ་གསན། [[File:Preservationstone.png|thumb|སི་ཁྲོན་ཞིང་ཆེན་གྱིས་དམུ་དགེའི་དགོན་པ་ཞིང་ཆེན་རིམ་པས་རིག་དངོས་སྲུང་སྐྱོབས་ཀྱི་ཁོངས་སུ་འཇོག་རྒྱུའི་རྡོ་རིང་གནང་བ།]] འདི་ནི་རྗེ་སྐལ་ལྡན་གྱིས། “སྔགས་བསྟན་པའི་ཆོས་ཀྱི་བཅུད་བཟང་བོས། ། ཐུགས་བརྩེ་བས་གྲོང་འཇུག་བདེ་ལམ་ནས། ། དཔལ་མདོ་རྒྱུད་རྒྱ་མཚོའི་སྐྱེ་བ་བཞེས། །”” ཞེས་ཚད་ལྡན་དུ་བཞེད། '''༣༽''' སྟོང་སྐོར་སྐུ་འཕྲེང་སྔོན་མགཉིས་ཕེབས་པའི་འབྲེལ་གྱིས་དམུ་དགེ་དགེ་བཤེས་དཀའ་བཅུ་ཤཱཀྱ་རྒྱ་མཚོ་སོགས་ཀྱིས་རྗེ་མདོ་རྒྱུད་རྒྱ་མཚོ་དགོན་སྡེ་འདིར་གདན་དྲངས། དགོན་པ་ཕུལ། རྗེ་ཉིད་ནས་བྱམས་ཁང་། མགོན་ཁང་། འདུ་ཁང་། གཟིམ་ཁང་རྣམས་བསྐྲུན། བཀའ་འགྱུར། བསྟན་འགྱུར་གྱི་གཙོས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། མ་ཅིག་དཔལ་ལྡན་ལྷ་མོ་རེ་མ་ཏི་དང་། ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་དགོན་སྡེ་འདི་གཉེར་དུ་གཏད། རྗེ་འདིས་དམུ་དགེ་སྡེ་བཅོ་བརྒྱད། ཤར་ལེ་ཚོ་བཅོ་བརྒྱད། ནགས་རི་ཁག་གསུམ། ཟངས་དཀར་ཨ་མཆོག བྱམས་ཐང་ཁྲོ་ཁོ། ཁ་ནག་དབལ་ཤུལ། རྔ་བ་སོགས་ལ་དབང་བསྒྱུར། ཕྱོགས་འདིའི་རྒྱལ་བོ་ལྟ་བུ་བྱས། དགོན་འདིར་བཞི་སྐོར་དང་། ལ་བོང་སང་གི་ཁང་བ་དང་། གྲགས་པ་ཨ་རིགས་ཀྱི་ཁང་བ་སོགས་སྔོན་སྟོང་སྐོར་གྱི་ཡིན་ཞེས་གྱང་རྙིང་རྡོ་ཧྲུག་ཧ་ཅང་མང་བ་གྱང་ངོས་ལ་གྱང་རིས་ཡོད་པ་རིག་གནས་གསར་བརྗེའི་བར་དུ་གནས། དམུ་དགེའི་ཁོག་ཏུ་ཡང་རྡོ་ཏེའུ་འགབ་མའི་ཁང་བ་དང་། སྔོ་ཐེར་རྒྱ་སྒོའི་མན་གྱི་གདོང་སྣེའི་སྟེང་དུ་ལྷ་ཁང་ཆེན་པོ་དང་། སྨད་དུའང་དེ་ལྟ་བུའི་གདོང་སྣེར་ལྷ་ཁང་དང་། སྔོན་བོད་ཀྱིས་གདོང་སྣེའི་སྟེང་དུ་མཁར་རྩིག་པའི་སྲོལ་ལྟར་དམུ་དགེའི་ཁོག་སྟོད་སྨད་བར་གསུམ་དུའང་སྟོང་སྐོར་གྱི་ཁང་ཤུལ་མང་། རྗེ་འདི་ཞེ་ལྔ་བ་ཆུ་ཕག་(1683)ལ་གཤེགས། '''༤༽''' དེའི་སྤྲུལ་སྐུ་མཉྫུ་ཤྲཱི་རྗེ་ངག་དབང་བསོད་ནམས་རྒྱ་མཚོ་སྣང་རར་ཤིང་བྱི་(1684)ལོར་འཁྲུངས། རྗེ་འདི་ཉིད་ཀྱིས་ཀྱང་གཟིགས་སྐྱོང་བླ་ན་མེད་པ་གནང་། རྗེ་འདིས་མཛད་པའི་དམུར་བསང་བཞི་སྐོར་ཆེན་མོའི་ཡང་རྩེར་སྦྱར་ཞེས་པའང་ཡོད། དེའི་དུས་དགོན་པ་ཧ་མཐའ་བླ་མ་ལ་གཏད། སྙེ་ཐང་གི་གཞིས་ཀ་ས་ཞིང་བཅས་བདེ་ཚང་ཁྲི་རྒན་ལ་གཏད་དེ་ཁོང་ཉིད་རང་དགོན་དུ་ཕེབས། དེ་དུས་བྱམས་ཁང་གི་ཚངས་པའི་སྐུ་བརྙན་འབྱོན་གྲབས་བྱས་ཤིང་སྤྱན་ཆབ་བྱུང་། ད་ལྟའང་ཞལ་གྱི་ཁ་དོག་ལ་མཐོང་སྣང་མི་འདྲ་བ་བྱུང་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས་པ་ལྟར་ཡིན་ལ། རང་དགོན་དུ་ཕེབས་ཞེས་པ་སྟོང་སྐོར་མདོ་རྒྱུད་རྒྱ་མཚོས། རབ་དྲག་མེ་ཁྱི(1646)ལོར་ཟི་ལིང་སྟོང་སྐོར་བཏབ་པ་དེར་ཕེབས། ཆུ་ཡོས་(1723)དུས་འཁྲུགས་སྐབས་གཡེར་ཤོང་དུ་བཞུགས། ཆུ་སྤྲེལ(1752)ནག་ཟླར་རྒྱ་ནག་ཏུ་ཆིབས་བསྒྱུར་བ་ལོ་དེའི་བདུན་པའི་བཅུ་གསུམ་ལ་དེར་གཤེགས་ཀྱང་ཟེར། སྟོང་སྐོར་ལྷ་གཉེར་དུ་གྲགས་པ་རིམ་བསྐོས་ལ་སྡེ་བཅོ་བརྒྱད་ཀྱིས་འབྲུ་བསོད་འབུལ་སྲོལ་སྣང་ཞེས་པའང་རྗེས་སུ་བྱམས་ཁང་དེ་ལྷ་ཁང་གོང་མར་བསྒྱུར། དེའི་ལྷ་གཉེར་ལ་སྨད་ཚོ་བརྒྱད་ཀྱིས་སྟོང་སྐོར་བྲེ་ཁྲལ་དང་། མགོན་ཁང་ལྷ་གཉེར་ལ་སྟོད་ཚོ་བརྒྱད་ཀྱིས་མགོན་པོའི་བྲེ་ཁྲལ་ཞེས་པ་བཅོས་བསྒྱུར་བར་ཕྲན་ཚེགས་རེ་འབུལ་སྲོལ་སྣང་། == ཧ་མཐའ་བླ་མ་ལ་གཏད་པ། == སྔར་སྟོང་སྐོར་ལྔ་བ་བསོད་ནམས་རྒྱ་མཚོས་དགོན་པ་ཧ་མཐའ་བླ་མ་ལ་གཏད་པ་ནས། ཀུན་མཁྱེན་སྐུ་ཕྲེང་ལྔ་བ་རྗེ་བཙུན་བློ་བཟང་འཇམ་དབྱངས་བསྟན་པའི་རྒྱལ་མཚན་འདིར་ཕེབས་དུས་ཁོང་ལ་ཕུལ་བ་ཡིན། འཁྲུངས་དུས།1916འདས་དུས།1947 དེའི་བར་དམུ་དགེ་དགོན་གྱི་སྨོན་ལམ་དང་ལྔ་མཆོད་ཀྱི་ཁྲི་བ་ཧ་མཐའ་རིམ་བྱོན་གྱིས་གནང་། དེའི་རྗེས་མཁན་པོ་རིམ་བྱོན་གྱིས་གནང། དགོན་སྡེ་འདི་ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་ཕེབས་ཚུལ། (མུ་མཐུད་ནས་སྒྲིག་མུས་ཡིན།) == རྩོམ་དང་ལུང་ཁུངས། == “དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་བྱུང་བ་བཤེས་གཉེན་དམ་པའི་ཞལ་ལུང་།” རྩོམ་པ་བོ། དམུ་དགེ་ཤེས་རབ་རྒྱ་མཚོའམ་མིང་གཞན་དབྱངས་ལྡན་གྲུབ་པའི་གོ་ཆ། ནས་ཁོལ་འདོན་དང་གཞིར་བཞག་བྱས་ཡོད། འགའ་རེ་བསྒྱུར་བཅོས་ཕྲན་བུ་རེ་བྱས་ཡོད་མོད་ནང་དོན་ལ་འགྱུར་གང་ཡང་བཏང་མེད།<references /> [[Category:དགོན་པ།]] <nowiki>{{Wikisource | title = དམུ་དགེ་དགོན་པའི་ལོ་རྒྱུས། | last = ཤེས་རབ་རྒྱ་མཚོ། | first = Author དམུ་དགེ་རས་ཆང་ | year = ༡༩༩༠ }}</nowiki> ssss3zj9q98rr0bam8fee1d1tav0rzt དམུ་དགེ། 0 28263 163130 163121 2026-11-17T01:19:22Z Pecha-Dhondup 22403 163130 wikitext text/x-wiki {{Infobox town <!-- སྤྱིའི་ཆ། / General --> | name = དམུ་དགེ་ཡུལ་ཚོ། | settlement_type = གྲོང་རྡལ། | image = Mugaitown.jpg | image_size = | alt = | caption = | image_map = | map_size = | map_alt = | map_caption = <!-- མིང་གི་གནས་ཚུལ། / Names --> | native_name = | wylie = dmu dge yul tso | english_name = Mugai town | chinese_name = 毛儿盖 | other_name = | former_name = | etymology = དམོདཀྱང་ཁ་ལས་ཇེ་དགེར་སོང་བས་དམོད་དགེ། རིམ་གྱིས་སྒྲ་འགྱུར་ནས་དམུ་དགེ་རུ་གྱུར། <!-- ས་གནས་དང་འཛིན་སྐྱོང་། / Location & administration --> | country = | traditional_region = མདོ་སྨད། | province = སི་ཁྲིན་ཞིང་ཆེན། | prefecture = རྔ་བ་བོད་རིགས་རང་སྐྱོང་ཁུལ། | county = ཟུང་ཆུ་རྫོང་། | township = དམུ་དགེ་ཡུལ་ཚོ། | villages = | established_date = | founder = | government_type = | leader_title = | leader_name = ང་རོ་འབྲུག་རྒྱལ། <!-- ས་ཁམས་དང་ས་བབ། / Geography --> | coordinates = | altitude = རྒྱ་མཚོའི་ངོས་ནས་མཐོད་ཚད་ ༣༢༥༠ | altitude_max = | altitude_min = | area = | mountains = | rivers = དམུ་དགེའི་ཆུ་ཆེན། | lakes = | climate = <!-- མི་འབོར་དང་མི་རིགས། / Population & people --> | population = | population_as_of = | population_density = | households = | origins_of_people = མངའ་རིས་ཟངས་དཀར། སོག་པོ། ཞང་ཞུང་། མཛོད་དགེ། | ethnic_groups = | demonym = | languages = བོད་ཡིག | dialect = རོང་སྐད་དང་འབྲོག་སྐད་གཉིས་ཡོད། | religion = མི་འབོར་མང་ཆེ་ཤོས་ནང་ཆོས།<br/> ཉུང་ཤོས་ཤིག་བོན་ཆོས་ལ་དད། <!-- ཆོས་དང་རིག་གཞུང་། / Religion & culture --> | monastery = དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན། | monastery_tradition = རི་བོ་དགེ་ལུགས་པ། | sacred_sites = | special_celebrations = | customs = | economy = | local_products = | landmarks = <!-- མི་སྣ་ཁྱད་འཕགས། / Notable people --> | notable_people = <!-- གཞན་དག / Other --> | timezone = | postal_code = | area_code = | website = | remarks = | footnotes = }} '''དམུ་དགེ''' (འམ་ '''དམོད་དགེ''') ནི་མདོ་སྨད་རྟའི་ཆོལ་ཁའི་ལྷོ་རྒྱུད་དེང་སྐབས་ཀྱི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟུང་ཆུ་རྫོང་གི་ཁོངས་སུ་ཡོད་པའི་ཡུལ་ལུང་ཞིག་ཡིན།ཆགས་ཚུལ་དང་བྱུང་རབས།དུས་རབས་བདུན་པའམ་ཡང་ན་དེའི་ཕྱིས་སུ་ཕྱོགས་འདུས་ཀྱི་མི་དུ་མ་འདུས་ཏེ་རིམ་གྱིས་འཕེལ་རྒྱས་སུ་སོང་ནས་དམུ་དགེ་སྡེ་བཅོ་བརྒྱད་ཆགས་པར་གྲགས།མིང་ཐོགས་ཚུལ།དམུ་དགེ་ཞེས་པའི་མིང་ཐོགས་ཚུལ་ལ་བཤད་ཚུལ་གཙོ་བོ་གཉིས་ཡོད། * '''དམོད་དགེ་ལས་འགྱུར་བ།''' 《ལོ་རྒྱུས་ཀུན་དགའི་མེ་ལོང་》ལྟར་ན། དམུ་དགེའི་བྱང་ཕྱོགས་ཀྱི་ཨ་ཞིག་སྒོམ་ཁང་ (དམུ་དགེ་ནས་ཁྱུང་མཆུའི་ཕྱོགས་སུ་བསྐྱོད་པའི་ལམ་བར་གྱི་སྒོམ་ཁང་བྲག་དམར་མ) ཞེས་པའི་བྲག་སྐྱིབས་སུ་བོན་པོ་ཨ་ཞིག་གི་རི་ཁྲོད་པ་ཞིག་ཡོད་པ་ལ། འཚོ་རྟེན་ར་མ་ཁ་ཤས་ཡོད་པ་དམུ་དགེའི་མི་རྣམས་ཀྱིས་རྒྱུན་དུ་བརྐུས་པས། བོན་པོ་ཨ་ཞིག་དང་སྣང་ཞིག་གཉིས་ཀྱིས་ཟླ་སྒྲིལ་བྱས་ཏེ་དམོད་མོ་བྱས་ཀྱང་དམུ་དགེའི་མི་རྣམས་སྔར་ལས་དར་ཞིང་རྒྱས་པས། བོན་རྣམས་ཀྱིས་ "མི་དེ་དག་ལ་དམོད་ན་དགེ་བར་འགྱུར་" ཞེས་བརྗོད་པ་ལས་ "དམོད་དགེ་" ཞེས་མིང་ཆགས་ཤིང་། ཕྱིས་སུ་བརྡ་འགྱུར་ནས་ "དམུ་དགེ་" ཞེས་གྲགས། ཟུང་ཆུའི་ཕྱོགས་ཀྱི་མི་རྣམས་ཀྱིས་སྔར་བཞིན་དམོད་དགེ་ཞེས་འབོད་བཞིན་ཡོད། * '''དམུ་ཐག་དང་དགེ་བཅུ།''' ཡང་བཤད་ཚུལ་གཞན་ཞིག་ལ། "དམུ་ཐག་ལྷ་ཡིས་བཟུང་ཞིང་། དགེ་བཅུ་ཡུལ་ལ་ཚང་བས་ན་དམུ་དགེ་" ཞེས་ཀྱང་གྲགས། ཡུལ་མིའི་འབྱུང་ཁུངས། དམུ་དགེའི་ཡུལ་མི་རྣམས་ནི་ཕྱོགས་འདུས་ཀྱི་མི་དུ་མ་འདུས་ནས་གྲུབ་པ་ཞིག་ཡིན་ཞིང་། གཙོ་བོ་མངའ་རིས་ཟངས་དཀར། སོག་པོ། ཞང་ཞུང་། མཛོད་དགེ་སོགས་ནས་བྱུང་བ་ཡིན། * '''མངའ་རིས་ཟངས་དཀར།''' ནོར་བ་རུའི་ཡུལ་མི་ཕལ་ཆེ་བ་ནི་སྟོད་མངའ་རིས་ཟངས་དཀར་ནས་དམག་གི་དཔུང་དང་འབྲེལ་ཏེ་མཐའ་མཚམས་སྲུང་བའི་ཆེད་དུ་ཤར་རྒྱལ་མོ་ཚ་བ་རོང་གི་འདབས་ (ཚ་ཁོ་ཟངས་དཀར) སུ་ཆགས་པ་ལས་ཕྱིས་སུ་དམུ་དགེའི་ཡུལ་འདིར་འོངས་ནས་ཆགས། * '''སོག་པོ།''' སོག་པོ་རུའི་ཡུལ་མི་ནི་སྔར་སོག་པོའི་ཕྱོགས་ (མཚོ་སྔོན་ཞིང་ཆེན་རྨ་ལྷོ་སོག་རྫོང་) ནས་མི་བདུན་འོངས་ཏེ། ཐོག་མར་ "སྤྲང་བོའི་གད་ཐོག་" ཏུ་ཞིང་ལས་བྱས་ནས་རིམ་གྱིས་དར་ཞིང་རྒྱས་པ་ལས་ཆགས། * '''མཛོད་དགེ།''' སྔོན་མཛོད་དགེའི་དཔོན་པོས་མནའ་མ་གསུམ་བླངས་པའི་འབལ་བཟའི་བུ་བློ་གྲོས་བཟང་གི་བུ་ཨ་སྐྱིད་སྨད་ཀྱི་ཨ་རྡང་ཞེས་པའི་དཔོན་རྒྱུད་དམུ་དགེར་འོངས་ནས་གཞི་ཆགས་པ་ལས་བྱུང་། * '''ཞང་ཞུང་།''' བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་ཞང་ཞུང་གི་བོན་སྡེ་རྣམས་ཁ་འཐོར་སྐབས། བོན་པོ་སྟག་ལྷ་རྗེ་དང་དབལ་གསལ་སྐྱབས་གཉིས་ཀྱིས་འཁོར་འབངས་ཁྲིད་ནས་མདོ་སྨད་དམུ་དགེར་སླེབས་ཏེ་གཞི་ཆགས་པ་ལས་ "བླ་རོ་རུ་" ཆགས། རིགས་རུས།བོད་ཀྱི་རྩ་བའི་རུས་ཆེན་བཞི་ (སྒ། འབྲི། སྤྲ། གདོང་) ཡི་ཁོངས་སུ་འདུ་བར་མ་ཟད། རྒྱ་གར་ནས་ཆད་པའི་ "རྡོག་" གི་མི་རྒྱུད་ཀྱང་ཡོད། ==དམུ་དགེ་ཚོ་བ་བཅོ་བརྒྱད།== ༢. དམུ་དགེ་ཚོ་བ་བཅོ་བརྒྱད།དམུ་དགེ་སྡེ་བཅོ་བརྒྱད་ནི་ '''སྟོད་ཚོ་དགུ་''' དང་ '''སྨད་ཚོ་དགུ་''' གཉིས་སུ་ཕྱེས་ཡོད། "རུ་" ཞེས་པ་ནི་དམག་སྡེའམ་འབྲོག་གི་སྡེ་ཚོམས་ (རུ་བ) ལ་གོ་ཞིང་། ཕྱིས་སུ་ རོ་ ཞེས་པའི་སྒྲ་དང་འདྲ་བར་གྱུར་ནས་ ནོར་བ་རོ། སོག་པོ་རོ། ཝ་ཚང་རོ། བྱ་ཚད་རོ་ ཞེས་སོགས་འབོད་སྲོལ་བྱུང་།༡. སྟོད་ཚོ་དགུ།སྟོད་ཚོ་དགུ་ལ་ནོར་བ་རུ། སྟོད་ཚོ་བཞི། ཆ་རྔད་ཚོ་བཞི་བཅས་སྡེ་བ་དགུ་ཡོད། * '''ནོར་བ་རུ།''' (ནོར་བ་རོ) * '''སྟོད་ཚོ་བཞི།''' *# སོག་པོ་རུ། (སོག་པོ་རོ) *# ཝ་ཚང་རུ། / ཝ་ཚད་རུ། (ཝ་ཚང་རོ) *# བྱ་ཚད་རུ། (བྱ་ཚད་རོ) *# ཁེ་ཚོད་རུ། * '''ཆ་རྔད་ཚོ་བཞི།''' *# ཆོས་རུ། (ཆོས་རོ) *# ཨ་མགོན་རུ། *# ཨ་རྔད་རུ། *# ཨ་ཆུ་རུ། ༢. སྨད་ཚོ་དགུ།སྨད་ཚོ་དགུ་ལ་ཆུ་ཆུང་ཚོ་བཞི། སྨད་ཚོ་བཞི། བླ་རོ་རུ་བཅས་སྡེ་བ་དགུ་ཡོད། * '''ཆུ་ཆུང་ཚོ་བཞི།''' *# སྡེ་ཐེར་རུ། *# བར་ཞིང་རུ། *# ཨ་གསའ་རུ། *# ཤེས་རབ་རུ། * '''སྨད་ཚོ་བཞི།''' *# རྒྱམ་ཁོ་རུ། *# དགེ་ཡག་རུ། *# བྲག་གཤོང་རུ། *# སྨད་པ་རུ། * '''བླ་རོ་རུ།''' (སྡེ་བ་གཅིག) ==དགོན་པ་ཁག་གི་ངོ་སྤྲོད།== [[དམུ་དགེའི་དགོན་གྱི་ངོ་སྤྲོད།|དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན།]] [[File:Preservationstone.png|thumb|ཞིང་ཆེན་རིམ་པས་རིག་དངོས་སྲུང་སྐྱོབས་ཀྱི་ཁོངས་སུ་འཇོག་རྒྱུའི་རྡོ་རིང་། སི་ཁྲོན་ཞིང་ཆེན་གྱིས་གནང་བ།]] * '''ཕྱག་འདེབས་མཛད་པོ་དང་དུས་རབས།''' རབ་བྱུང་དྲུག་པའི་ནང་ (སྤྱི་ལོའི་དུས་རབས་བཅུ་བཞི་པར) [[རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་|རྗེ་ཙོང་ཁ་བ]]་ཆེན་པོའི་སློབ་མ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བདུན་ནམ་སྔ་ཚར་བཞིའི་ཡ་གྱལ་ '''[[ཚ་ཁོ་དབོན་པོ་ངག་དབང་གྲགས་པ་|ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པ]]ས་''' ཕྱག་འདེབས་མཛད། * '''བྱིན་རླབས་དང་གནས་རྟེན།''' རྗེ་ཙོང་ཁ་བ་ཆེན་པོས་འཕགས་ཡུལ་དུར་ཁྲོད་བསིལ་བའི་ཚལ་སོགས་ནས་སྤྱན་དྲངས་པའི་ཕྱག་དྲུག་མགོན་པོ་དང་། གུར་མགོན་ཡིད་བཞིན་ནོར་བུ་བཅས་ཚ་ཁོ་རོང་གི་རྟེན་སྐལ་དུ་གནང་། རྣམ་ཐར་ལྟར་ན། དགོན་འདི་ཕྱག་འདེབས་སྐབས་དགའ་ལྡན་གནས་ནས་རྗེ་ཙོང་ཁ་བ་ཆེན་པོས་རབ་གནས་མཛད་པའི་རྟགས་མཚན་བྱུང་བར་གྲགས། * '''མཁན་རབས་དང་བདག་སྐྱོང་།''' མཁན་རབས་དང་པོ་ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ་ནས་བཟུང་། སྟོང་སྐོར་སྐུ་ཕྲེང་རིམ་བྱོན། ཕ་མཐའ་སྐུ་ཕྲེང་རིམ་བྱོན། བདེ་ཚང་བློ་བཟང་བསྟན་པའི་ཉི་མ། སྒོ་མང་རྒྱ་ནག་པ། ཁེ་ཚང་སྐུ་ཕྲེང་རིམ་བྱོན། གཞི་ཚང་། ཁྲིམས་ཚང་སོགས་དང་། ཕྱིས་སུ་དགེ་བཤེས་བསམ་གཏན་རྒྱ་མཚོ། མཁན་པོ་འཇམ་དབྱངས་ཉི་མ་སོགས་མཁས་དབང་མང་པོས་འཆད་ཉན་དང་འཁོར་ལོ་གསུམ་གྱི་མཛད་འཕྲིན་གྱིས་བསྐྱངས། ==དམུ་དགེའི་མཁས་པ་སྐོར་ཞིག== ༡. [[དམུ་དགེ་བསམ་གཏན་|སློབ་དཔོན་ཆེན་མོ་དམུ་དགེ་བསམ་གཏན་རྒྱ་མཚོ།]] (༡༩༡༤ - ༡༩༩༣) * '''ངོ་སྤྲོད།''' མདོ་སྨད་དམུ་དགེའི་ཡུལ་དུ་འཁྲུངས། དམུ་དགེ་དགོན་དང་བླ་བྲང་བཀྲ་ཤིས་འཁྱིལ་གཉིས་སུ་སློབ་གཉེར་གནང་སྟེ་མཁས་པའི་གྲགས་པ་རྒྱས། ཕྱིས་སུ་དམུ་དགེ་བཀྲ་ཤིས་འཁོར་ལོའི་དགོན་གྱི་སློབ་དཔོན་དུ་བསྐོས་ནས་འཆད་ཉན་རྒྱ་ཆེར་གནང་། * '''མཛད་རྗེས།''' བོད་ཀྱི་རིག་གནས་དང་སྐད་ཡིག་ལོ་རྒྱུས་ལ་མཛད་རྗེས་བླ་ན་མེད་པ་བཞག་ཅིང་། 《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་》 དང་ 《བརྡ་སྤྲོད་བློ་གསལ་འཇུག་ངོགས་》《རང་གི་བྱུང་བ་བརྗོད་པ་རང་གསལ་ཨ་དར་ཤ》 སོགས་གསུང་རྩོམ་པོད་ཆེན་དྲུག་མཛད་ཡོད། རིག་གསར་གྱི་གོད་ཆག་ཆེན་མོའི་རྗེས་སུ་བོད་ཀྱི་ཆོས་དང་རིག་གནས་སྐད་ཡིག་དང་བཅས་ཉམས་པ་སླར་གསོའི་ཐད་ཕྱིར་རྗེས་བླ་ན་མེད་པ་བཞག་ཡོད། ༢. [[དམུ་དགེ་བསོད་ནམས་བཀྲ་ཤིས།]] * '''ངོ་སྤྲོད།''' གུང་ཐང་འཇམ་པའི་དབྱངས་སྐུ་ཕྲེང་དྲུག་པའི་ཡོངས་འཛིན་དམུ་དགེ་ཐུབ་བསྟན་རྒྱ་མཚོའི་ཞང་པོ་ཡིན། འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པ་ཆེན་པོ་ཞིག་ཡིན། ༣. [[དམུ་དགེ་ཐུབ་བསྟན་རྒྱ་མཚོ།]] (༡༨༧༦ - ༡༩༥༥) * '''ངོ་སྤྲོད།''' རབ་བྱུང་བཅོ་ལྔ་པའི་མེ་བྱི་ལོར་དམུ་དགེར་འཁྲུངས། བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས་ནས་ཞང་པོ་དགེ་བཤེས་དམུ་དགེ་བསོད་ནམས་བཀྲ་ཤིས་བསྟེན། * '''མཛད་རྗེས།''' པཎ་ཆེན་དགུ་པའི་ཐུགས་བཞེད་ལྟར་གཙང་བཀྲ་ཤིས་ལྷུན་པོར་དགེ་རྒན་དུ་ཕེབས་ནས་དཔེ་ཁྲིད་རྒྱ་ཆེར་གནང་། རྗེ་གུང་ཐང་འཇམ་པའི་དབྱངས་དྲུག་པ་བསྟན་པའི་དབང་ཕྱུག་གི་ཡོངས་འཛིན་མཛད། ༤. ཟུང་ཆུ་བློ་བཟང་དགེ་ལེགས། * '''ངོ་སྤྲོད།''' དམུ་དགེའི་ཁོངས་སུ་འཁྲུངས། དབུས་སུ་ཕེབས་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་མཐར་ཕྱིན་ཏེ་ དཔལ་ལྡན་སྒོ་མང་གྲྭ་ཚང་གི་གདན་རབས་ཞེ་དགུ་པའི་ཁྲི་ལ་བཞུགས། ༥. དམུ་དགེ་བསམ་གཏན་རྒྱ་མཚོ་གོང་མ། * '''ངོ་སྤྲོད།''' དབལ་མིང་པཎྜི་ཏའི་དངོས་སློབ་ཡིན། ཐུའུ་བཀྭན་རིན་པོ་ཆེའི་ཡོངས་འཛིན་དུ་ཕེབས་ཤིང་། ཕྱིས་སུ་ཨ་མཆོག་རིན་པོ་ཆེ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོས་ཨ་མཆོག་མཚན་ཉིད་དགོན་དུ་གདན་དྲངས་ནས་རིག་གནས་སློབ་ཁྲིད་མཛད། ༦. [[དམུ་དགེའི་ཁེ་ཚང་བླ་མ་རིམ་བྱོན།|ཁེ་ཚང་བླ་མ་སྐུ་ཕྲེང་རིམ་བྱོན།]] * '''སྐུ་ཕྲེང་དང་པོ་བློ་གྲོས་རྒྱ་མཚོ།''' རྒྱལ་རོང་སྒོམ་ཆེན་པའི་ཡང་སྤྲུལ་དུ་འཁྲུངས། དམུ་དགེའི་ཁེ་ཚང་ཁྱིམ་ཆེན་དུ་འཁྲུངས་པས་ཁེ་ཚང་བླ་མ་ཞེས་གྲགས། དམུ་དགེ་དགོན་གྱི་ཁྲིར་བཞུགས། * '''སྐུ་ཕྲེང་གཉིས་པ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ།''' སློབ་གཉེར་མཐར་ཕྱིན་པའི་མཁས་པ་ཆེན་པོར་གྱུར། ཕུར་བའི་བསྙེན་སྒྲུབ་དང་དྲག་པོའི་ལས་སྦྱོར་ལ་མངའ་བརྙེས་པའི་གྲུབ་ཐོབ་ཅིག་ཡིན། * '''སྐུ་ཕྲེང་གསུམ་པ་དཀོན་མཆོག་རྒྱ་མཚོ།''' མཚན་ཉིད་དགོན་པའི་ཆོས་གྲྭར་གཞུང་ཆེན་བཀའ་པོད་ལྔར་གསན་སྦྱོང་མཐར་ཕྱིན་མཛད། ༧. [[རྗེ་འཇམ་དབྱངས་ཉི་མ་རྒྱ་མཚོ།|མཁན་པོ་འཇམ་དབྱངས་ཉི་མ་རྒྱ་མཚོ།]] (༡༩༣༧ - ) * '''ངོ་སྤྲོད།''' ཟངས་དཀར་སྟོད་མའི་རུ་སར་ཚང་དུ་འཁྲུངས། དགུང་ལོ་བཅུ་གཅིག་ཐོག་དམུ་དགེ་དགོན་ནས་རབ་ཏུ་བྱུང་། * '''མཛད་རྗེས།''' བླ་བྲང་བཀྲ་ཤིས་འཁྱིལ་དང་དམུ་དགེ་དགོན་དུ་མདོ་སྔགས་རིག་གནས་ལ་སློབ་གཉེར་མཐར་ཕྱིན་པ་གནང་། དམུ་དགེ་དགོན་གྱི་དཔེ་ཁྲིད་དགེ་རྒན། རྡོ་རམས་པ། ཁྲི་བ། མཁན་པོ་སོགས་ཀྱི་ལས་འགན་བཞེས་ནས་བསྟན་པ་འཛིན་སྐྱོང་འཆད་སྤེལ་མཛད། ༨. [[དམུ་དགེ་ཤེས་རབ་རྒྱ་མཚོ།]] (༡༩༤༠ - ༢༠༢༥) * '''ངོ་སྤྲོད།''' ==དཔྱད་གཞིའི་ཡིག་ཆ།== dltbj3t8iczxgqbovd7jmcgl47s9s25