Wikipedia dzwiki https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D MediaWiki 1.47.0-wmf.2 first-letter Media Special Talk User User talk Wikipedia Wikipedia talk File File talk MediaWiki MediaWiki talk Template Template talk Help Help talk Category Category talk TimedText TimedText talk Module Module talk Event Event talk ཇུ་རེཛ། 0 8771 39781 39040 2026-05-20T00:01:35Z InternetArchiveBot 8206 Rescuing 1 sources and tagging 0 as dead.) #IABot (v2.0.9.5 39781 wikitext text/x-wiki '''ཇུ་རེཛ་ཁྲོམ་ཚོགས་ཀྱི་སྐོར།''' [[File:Juarez montage.jpg|thumb|366x366px|ཇུ་རེཛ་གི་ས་ཁོངས།]] ཇུ་རེཛ་འདི་ མེག་སི་ཀོ་གི་བྱང་ཕྱོགས་ཀྱི་ ཁྲོམ་ཚོགས་གཙོ་བོ་ཅིག་ཨིན། ཀི་ལོ་མི་ཀྲར་གྲུ་བཞི་ ༤༨༥ དེ་ཅིག་གི་ས་ཁར་ ས་མཚམས་བདའ་སྟེ་ ཚོང་འབྲེལ་དང་བཟོ་བསྐྲུན་གྱི་ནང་ལུ་ ཁག་ཆེ་བའི་འགན་ཁུར་འབགཔ་ཨིནམ་དང་ འདི་ཡང་ དམིགས་བསལ་གྱིས་ ཕྱིར་ཚོང་གི་དོན་ལས་ ཅ་ཆས་བཟོ་མི་ ཕྱི་རྒྱལ་གྱི་བདག་དབང་ཡོད་པའི་ བཟོ་གྲྭ་འཕྲུལ་ཁང་སྦོམ་ཚུ་ལས་བརྟེན་ཏེ་ཨིན་པས། ཁྲོམ་འདི་ལུ་ གནམ་གཤིས་ཚ་དྲོད་ཆེ་དྲགས་སྦེ་ཡོདཔ་ད་ དེ་ཡང་ དབྱར་ཁ་ཚ་དྲགས་དང་ དགུན་ཁ་ དེ་ལས་ ལོ་བསྟར་ཆར་ཆུ་ཉུང་སུ་སྦེ་ཡོདཔ་ཨིན།  ཨུ་ཨེས་ མེག་སི་ཀོ་ ས་མཚམས་ལུ་ཡོད་པའི་ ཇུ་རེཛ་གི་ས་གནས་འདི་གིས་ དཔལ་འབྱོར་གྱི་ལས་སྣ་དང་ ལམ་སྲོལ་བརྗེ་སོར་ དེ་ལས་ བཅའ་སྒྲིག་ཚུ་གི་དོན་ལུ་ གལ་ཆེ་བའི་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་མ་ཚད་ ཉེན་སྲུང་དང་ཁྲོམ་ཚོགས་གོང་འཕེལ་དང་འབྲེལ་བའི་ གདོང་ལེན་ཚུ་ཡང་ གསལ་སྟོན་འབདཝ་ཨིན།<ref>[https://en.m.wikipedia.org/wiki/Ciudad_Ju%C3%A1rez? https://en.m.wikipedia.org/wiki/Ciudad_Ju%C3%A1rez?]</ref> '''མི་རློབས་དང་མིའི་རིགས།''' སྤྱི་ལོ་ ༢༠༢༥ ལུ་ ཇུ་རེཛ་ལུ་ མི་རློབས་ས་ཡ་ ༡.༦ དེ་ཅིག་ཡོདཔ་སྦེ་ ཚོད་རྩིས་བཏོན་ཡོདཔ་ཨིན་པས། ཁྲོམ་ཚོགས་ཀྱི་མི་འབོར་ཞིབ་རྩིས་འདི་ མང་ཤོས་ཅིག་རང་ མེཀ་སི་ཀཱེན་ དང་ གཞན་མི་ མེཀ་སི་ཀཱེན་ མངའ་སྡེ་ ཌུའེང་གོ། ཀོ་ཧུའེ་ལ། ཝི་ར་ཀུརུཟ། (Duango, Coahuila, Veracruz) དང་ ཟ་ཏི་ཀཱསི་ཚུ་ནང་ལས་ འབྱུང་མི་ མི་སེར་ཚུ་གི་ཆ་ཤེས་ཅིག་ཡོདཔ་ཨིན། ནང་འཁོད་གནས་སྤོ་མི་སྣ་ཚོགས་འདི་གིས་ ཇུ་རེཛ་གི་ལམ་སྲོལ་གྱི་མཐུན་རྐྱེན་ཕྱུགཔོ་དང་ ཁྲོམ་ཚོགས་ཡར་རྒྱས་འགྱོ་མི་ལུ་ ཕན་ཐོགས་བྱུང་ནུག།<ref>[https://web.archive.org/web/20251214114021/https://worldpopulationreview.com/cities/mexico/ciudad-juarez https://web.archive.org/web/20251214114021/https://worldpopulationreview.com/cities/mexico/ciudad-juarez]</ref> '''གཞུང་སྐྱོང་ལམ་ལུགས།''' ཇུ་རེཛ་ལུ་ ཁྲོམ་སྡེ་ཚོགས་སྡེ་དང་ ཅོག་འཐདཔ་སྦེ་ ས་གནས་གཞུང་གི་ལམ་ལུགས་ཡོདཔ་ལས་ ཁྲོམ་སྡེ་གི་ ལིབ་རི་ (libre) ཟེར་སླབ་ཨིནམ་ད་ དེ་གིས་ རང་སོའི་གྲོས་ཐག་ལེ་ཤ་ཅིག་ར་ འབད་ཚུགས་ཟེར་ཨིན་པས། ཁྲོམ་འདི་ ཁྲོམ་དཔོན་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ གཞུང་འབྲེལ་དུ་ ཁྲོམ་སྡེའི་སྲིད་འཛིན་ཟེར་ སླབ་སྟེ་ ཚོགས་སྡེའི་འཐུས་མི་༡༨ འབད་མི་ སྡེ་ཚན་ཅིག་ཡང་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས། དེ་ཚུ་ག་ར་ ལོ་གསུམ་གྱི་བར་ན་ མི་སེར་ཚུ་གིས་ བཙག་འཐུ་འབདཝ་ཨིན། གཞུང་གིས་ མི་མང་ཉེན་སྲུང་དང་ ཆུ་ ཁྲོམ་ལམ་གྱི་འོད་དང་ ཁྲོམ་སྡེའི་འཆར་གཞི་བཟུམ་གྱི་ ཅ་ཆས་ཚུ་ འགན་ཁུར་འབག་དོ་ཡོདཔ་ཨིན་པས། བཙག་འཐུའི་ནང་ ཇུ་རེཛ་ཡང་ ཁག་ཆེཝ་ཨིནམ་ད་ དེ་ཡང་ ས་གནས་དང་ རྒྱལ་ཡོངས་འགོ་ཁྲིདཔ་ཚུ་ གདམ་ཁ་རྐྱབ་ནིའི་དོན་ལུ་ ཚོགས་རྒྱན་བཙུགས་མི་ རྫོང་ཁག་ལེ་ཤ་ཅིག་ལུ་ དབྱེ་བ་ཕྱེ་སྟེ་ཡོདཔ་ཨིན་པས།<ref>[https://en.m.wikipedia.org/wiki/Chihuahua_(state)? https://en.m.wikipedia.org/wiki/Chihuahua_(state)?]</ref> '''སྐད་ཡིག་དང་ལམ་སྲོལ།''' ཇུ་རེཛ་ལུ་ མི་མང་ཤོས་ཅིག་གིས་ མེག་སི་ཀོ་གི་སྐད་ཡིག་ངོ་མ་ཅིག་ཨིན་མི་ ཨིསི་པེ་ནིཤ་སླབ་དོ་ཡོདཔ་ཨིན། ཁྲོམ་འདི་ ཡུ་ཨེས་ཀྱི་ས་མཚམས་དང་ ཉེ་འདབས་ལུ་ཡོདཔ་ལས་ མི་མང་ཤོས་ཅིག་གིས་ དམིགས་བསལ་གྱིས་ ཚོང་འབྲེལ་དང་ ལྟ་བཤལ་དང་འབྲེལ་བའི་ ས་ཁོངས་ཚུ་ནང་ ཨིང་སྐད་ཡང་ ཧ་གོ་སྟེ་ ཡང་ན་ སླབ་དོ་ཡོདཔ་ཨིན་པས། ཇུ་རེཛ་གི་ལམ་སྲོལ་འདི་ མེག་སི་ཀོ་གི་ལམ་སྲོལ་དང་ ཨ་མི་རི་ཀའི་ཤན་ཞུགས་ལ་ལུ་ཅིག་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། མི་ཚུ་གིས་ Día de los Muertos (Day of the Dead) བཟུམ་གྱི་ རང་ལུགས་ཀྱི་ལས་རིམ་ཚུ་ བརྩི་སྲུང་འབདཝ་ཨིན། ས་གནས་ཀྱི་ཟས་རིགས་ཚུ་ ཡོངས་གྲགས་ཅན་དང་ ལམ་སྲོལ་གྱི་མི་ཚེ་ནང་ སྒྱུ་རྩལ་དང་ སྙན་ཆ་ དེ་ལས་ མི་སྡེའི་ལས་རིམ་ཚུ་ཨིན་པས།<ref>[https://munduslingua.blogspot.com/2016/06/a-linguistic-overview-of-ciudad-juarez.html? https://munduslingua.blogspot.com/2016/06/a-linguistic-overview-of-ciudad-juarez.html?]</ref> '''དཔལ་འབྱོར་དང་ཚོང་འབྲེལ།''' ཇུ་རེཛ་འདི་ མེག་སི་ཀོ་ལུ་ བཟོ་སྐྲུན་ལྟེ་བ་གཙོ་བོ་ཅིག་ཨིནམ་དང་ འདི་ཡང་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་ནི་གི་དོན་ལས་ བཟོ་གྲྭ་ཚུ་ གཙོ་བོ་ར་ ཡུ་ནའི་ཊེཌ་ཨིས་ཊེཌསི་ལུ་ཡོདཔ་ཨིན། གཙོ་བོར་བཏོན་ནིའི་བཟོ་གྲྭ་ཚུ་ནང་ སྣུམ་འཁོར་དང་ གློག་རིག་ དེ་ལས་ གསོ་བའི་ཅ་ཆས་ཚུ་ཨིནམ་ད་ བཟོ་གྲྭ་ ༣༠༠ ལྷགཔ་ཅིག་གིས་ མི་ ༣༠༠,༠༠༠ དེ་ཅིག་ ལཱ་གཡོག་བྱིན་དོ་ཡོདཔ་ཨིན་པས། ཁྲོམ་སྡེ་གི་ཐབས་བྱུས་ས་གནས་འདི་ ཡུ་ཨེས་ཀྱི་ས་མཚམས་ཁར་ རིག་རྩལ་ཅན་གྱི་ལཱ་འབད་མི་དང་ གཞི་རྟེན་མཐུན་རྐྱེན་ཚུ་གཞི་བཙུགས་འབད་དེ་ ཕྱི་རྒྱལ་གྱི་མ་རྩ་གཞི་བཙུགས་འབད་ནི་ལུ་ མཛེས་ཏོག་ཏོ་བཟོཝ་ཨིན། སྤྱི་ལོ་༢༠༢༤ ལུ་ ཇུ་ཨ་རེ་ཟི་གིས་  ཅི་ཧུ་ཝ་ (Chihuahua) མངའ་སྡེ་གིས་ ཕྱི་རྒྱལ་གྱི་ཐད་ཀར་མ་རྩ་བཙུགས་མི་ ཡུ་ཨེས་དྲོ་ལར་ ཐེར་འབུམ་༡.༢༥ ལས་ ཕྱེད་ཀ་ལྷགཔ་ཅིག་གིས་ དཔལ་འབྱོར་གྱི་ གལ་གནད་ཅན་གྱི་ སྐོར་ལས་ བཤད་ཡོདཔ་ཨིན་པས། ཚོང་འབྲེལ་འདི་ ཇི་རེཛ་གི་དཔལ་འབྱོར་ལུ་ཁག་ཆེཝ་ཨིནམ་དང་ ཁྲོམ་སྡེ་གིས་ ཡུ་ཨེས་དང་མེག་སི་ཀོ་གི་ཚོང་འབྲེལ་བརྒྱ་ཆ་༢༠དེ་ཅིག་ ཚོང་འབྲེལ་གྱི་དོན་ལུ་ འཛུལ་སྒོ་བཞི་གི་ཐོག་ལས་ འཛིན་སྐྱོང་འཐབ་ཨིན། སྤྱི་ལོ་༢༠༢༤ ལུ་ ཚོང་འབྲེལ་ནང་ དངུལ་ཀྲམ་ས་ཡ་༡༤༨.༧ དེ་ཅིག་ ཐོབ་ཡོདཔ་ཨིན་པས། ཨིན་རུང་ ཁྲོམ་སྡེ་གིས་ ས་མཚམས་བདའ་སྟེ་ ཚོང་འབྲེལ་འཐབ་མི་ལུ་ བརྟེན་སྡོད་མི་འདི་གིས་ སྲིད་བྱུས་བསྒྱུར་བཅོས་ལུ་ ཚོར་ཤུགས་ཅན་བཟོཝ་ཨིན་པས། དཔེར་ན་ སྤྱི་ལོ་༢༠༢༥ སྤྱི་ཟླ་༣ པའི་ནང་ མེག་སི་ཀོ་གི་ཅ་ཆས་ལུ་ ཡུ་ཨེསི་གི་ ཁྲལ་བརྒྱ་ཆ་༢༥ གིས་ བར་ཆད་སྦོམ་སྦེ་ར་བྱུང་ཡོདཔ་མ་ཚད་ སྐྱེལ་འདྲེན་གྱི་ བརྒལ་ལམ་ཚུ་ བཀག་བཞག་སྟེ་ སྣུམ་འཁོར་ཊཱག་སྟོང་ཕྲག་ལས་བཅད་དེ་ ཐོགས་ལུས་ཡོདཔ་ཨིན་པས། ཁྲལ་ཚུ་ ཉིནམ་༣ གྱི་ཤུལ་ལས་ ཆ་ཤས་ཅིག་ བཏོན་བཏང་ཡོད་རུང་ བྱུང་རིམ་ཚུ་གིས་ ཇུ་རེཛ་གི་ ཚོང་འབྲེལ་ལུ་བརྟེན་པའི་ དཔལ་འབྱོར་ནང་ ཉེན་ཁ་ཡོད་མི་ཚུ་ གསལ་སྟོན་འབད་ནུག།<ref>[https://www.wsj.com/economy/trade/trump-tariffs-juarez-el-paso-shipping-trade-war-0fd765de? https://www.wsj.com/economy/trade/trump-tariffs-juarez-el-paso-shipping-trade-war-0fd765de?]</ref> '''དཀའ་ངལ་དང་གདོང་ལེན།''' ཇུ་རེཛ་གདོང་ཕྱོགས་དབུལ་ཕོངས་དང་ཉེས་ཅན་ དེ་ལས་ གཞི་རྟེན་མཐུན་རྐྱེན་ལེགས་ཤོམ་མེད་མི་ཚུ་ཨིན། མི་མང་ཤོས་ཅིག་རང་ དབུལ་ཕོངས་དང་ གླ་ཆ་ཉུང་བའི་ བཟོ་གྲྭའི་ལཱ་གཡོག་ནང་ སྡོད་དོ་ཡོདཔ་ད་ བྱ་ངན་ དམིགས་བསལ་དུ་ སྨྱོ་རྫས་ནག་ཚོང་དང་འབྲེལ་བ་ཡོད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། ཁྲོམ་གྱི་ས་ཁོངས་ལ་ལུ་ཅིག་ནང་ ལམ་རྩི་ནག་བཏང་མི་དང་ ཆུ་གཙང་མ་མེདཔ་ལས་ ཉིན་བསྟར་གྱི་མི་ཚེ་ལུ་ ལཱ་ཁག་བཏང་དོ་ཡོདཔ་ཨིན་པས། གནད་དོན་འདི་ཚུ་ སེལ་ཐབས་ལུ་ ཁྲོམ་སྡེ་གིས་ ལམ་ལེགས་ཤོམ་བཟོ་ནི་དང་ ཆུ་གི་ལམ་ལུགས་ ཡར་དྲག་གཏང་ནི་ དེ་ལས་ འཕྲུལ་རིག་དང་ ཚོང་འབྲེལ་ལས་རིམ་ཚུ་གི་ཐོག་ལས་ ལཱ་གཡོག་ལེགས་ཤོམ་ཚུ་ འཐོབ་ཚུགསཔ་བཟོ་ནིའི་དོན་ལུ་ ལཱ་འབད་དོ་ཡོདཔ་ཨིན་པས། དེ་མ་ཚད་ ཉེན་སྲུང་གི་པར་ཆས་མངམ་དང་ མི་སྡེ་རྒྱབ་སྐྱོར་ཚུ་ འབད་དོ་ཡོདཔ་ད་ དེ་ཡང་ ཉེས་ལས་མར་ཕབ་འབད་ནི་ལུ་ གྲོགས་རམ་འབད་བའི་སྐབས་ མཐའ་འཁོར་གནས་སྟངས་ ཡར་དྲག་གཏང་ནིའི་དོན་ལུ་ སྔོ་ལྗང་གི་ས་སྟོང་བཟོ་ནི་ལུ་ཨིན་པས།<ref>[https://wheelermethodist.org/ciudad-juarez-mexico-crime/? https://wheelermethodist.org/ciudad-juarez-mexico-crime/?]</ref> '''མངའ་སྡེའི་སྐོར།''' ཇུ་རེཛ་འདི་ མངའ་སྡེ་ཅིག་མེན་པར་ མེག་སི་ཀོ་ལུ་ཡོད་པའི་ Chihuahua མངའ་སྡེ་ནང་ ཡོད་པའི་ཁྲོམ་ཚོགས་ཅིག་ཨིན། དེ་འབདཝ་ལས་ ཇུ་རེ་ཟི་ནང་ལུ་ མངའ་སྡེ་མེདཔ་ལས་ མངའ་སྡེ་སྦོམ་གྱི་ནང་ལུ་ ཁྲོམ་ཚོགས་གཅིག་རྐྱངམ་ཅིག་ཨིན། '''མཇུག་སྡུད།''' ཇུ་རེཛ་འདི་ བྱང་ཕྱོགས་མེག་སི་ཀོ་ལུ་ཡོད་པའི་ ཁྲོམ་སྡེ་གལ་ཅན་ཅིག་ཨིནམ་ད་ དེ་ཡང་ ཡུ་ཨེས་དང་ས་མཚམས་ཁར་ ཡོདཔ་ཨིན། འདི་ཡང་ བཟོ་གྲྭ་འཕྲུལ་ཁང་སྒྲིང་སྒྲིང་དང་ ལམ་སྲོལ་ཕྱུགཔོ་ དེ་ལས་ ཨ་མི་རི་ཀའི་ཚོང་འབྲེལ་དང་འབྲེལ་བ་ཡོད་མི་ཚུ་གི་དོན་ལུ་ ཡོངས་གྲགས་ཡོདཔ་ཨིན། ཁྲོམ་སྡེ་ལུ་ དབུལ་ཕོངས་དང་ བྱ་ངན་ དེ་ལས་ གཞི་རྟེན་དཀའ་ངལ་ཚུ་ འཐོན་དོ་ཡོད་རུང་ མི་སེར་ཚུ་གི་དོན་ལུ་ མི་ཚེ་ཡར་དྲག་གཏང་ནི་གི་ ཐབས་ཤེས་ཚུ་ བཏོན་དོ་ཡོདཔ་ཨིན་པས། ལམ་སྲོལ་དང་བཟོ་གྲྭ་ དེ་ལས་ ས་མཚམས་བདའ་སྟེ་ མཐུན་ལམ་ཚུ་ སླ་བསྲེ་རྐྱབ་སྟེ་ ཇུ་རེཛ་གིས་ མེག་སི་ཀོ་གི་དཔལ་འབྱོར་དང་ལམ་སྲོལ་གཉིས་ཆ་རའི་ནང་ འགན་ཁུར་སྦོམ་འབགཔ་ཨིན། '''རྒྱབ་རྟེན། (References)''' <references /> 9cmxi80fmxkr4y62o83p1v13g4l8zhy Template talk:Wikidata image 11 9051 39780 2026-05-19T13:59:04Z MediaWiki message delivery 3824 /* Edit request: Update Template:Wikidata_image to close null operation loop */ new section 39780 wikitext text/x-wiki == Edit request: Update Template:Wikidata_image to close null operation loop == ''(Apologies for posting in English)'' Hello everyone, This is a notice regarding the Template:Wikidata_image that is used in many pages. The template contains many operations that have no output; despite having no result, the operation is still processed. As this Template is used on millions of pages across the Wikimedia Projects, this creates a significant but unnecessary additional load on Wikimedia servers: we would like to reduce this. '''// The change //''' Currently, the template performs a series of functions, some of which have no output (known as a null operation loop). These functions can be removed without changing or harming the template’s functionality. '''// What you need to do //''' Please update the local template code of Template:Wikidata_image with this version we have created, available here: [[m:Wikidata_For_Wikimedia_Projects/Template_Optimisation#Suggested_Change|Suggested edit for Template:Wikidata_image]], and it is also pasted below, for your convenience: <syntaxhighlight lang=lua> {{ #if:{{NAMESPACE}}|| {{ #if:{{{1|}}} | | {{ #if:{{{2|}}} | | {{ #if:{{#property:P18}} | [[Category:No local image but image on Wikidata]] | }} }} }} }}<noinclude> {{doc}} </noinclude> </syntaxhighlight> '''Note:''' The '''<nowiki>[[Category:No local image but image on Wikidata]]</nowiki>''' name is often locally translated, please check what is in the previous version and replace if needed. Let me know if you have any questions about this change or need assistance to make the edit. Thank you for your help! Sent by [[m:Danny_Benjafield_(WMDE)|User:Danny Benjafield (WMDE)]] using the [[User:MediaWiki message delivery|MediaWiki message delivery]] ([[User talk:MediaWiki message delivery|talk]]) ༡༣:༥༩, ༡༩ སྤྱི་ཟླ་ལྔ་པ། ༢༠༢༦ (UTC) <!-- Message sent by User:Danny Benjafield (WMDE)@metawiki using the list at https://meta.wikimedia.org/w/index.php?title=User:Danny_Benjafield_(WMDE)/MassMessage_test_list&oldid=30565170 --> c909e2vuewg5db7j9a2sf087pno4pd5