Wikipedia dzwiki https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D MediaWiki 1.47.0-wmf.4 first-letter Media Special Talk User User talk Wikipedia Wikipedia talk File File talk MediaWiki MediaWiki talk Template Template talk Help Help talk Category Category talk TimedText TimedText talk Module Module talk Event Event talk ཕརཱནསི་ 0 8203 39865 38974 2026-06-01T07:05:42Z ~2026-32487-37 13591 [[པེ་རིས།]] 39865 wikitext text/x-wiki '''སའི་རྒྱ་ཚད་དང་ཆགས་རབས།'''{{Country |name = '''ཕརཱནསི་ལི'''<br>''France'' |flag = Flag of France (2024–present).svg |map = EU-France.svg }} ཕྲནས་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༦༤༣,༨༠༡ དེ་ཅིག་ཡོདཔ་ལས་ ཡུ་རོབ་གཅིག་བསྡོམས་ཚོགས་པ་ནང་ རྒྱལ་ཁབ་སྦོམ་ཤོས་ཅིག་ཨིན། རྒྱལ་ཁབ་འདི་ ནུབ་ཕྱོགས་ཡུ་རོབ་ལུ་ཆགས་ཏེ་ཡོདཔ་དང་ བྷེལ་ཇམ་ ལག་སམ་བྷཱཀ་ ཇཱར་མ་ནི་ སུཝིཊ་ཛར་ལེནཌ་ ཨི་ཊ་ལི་ མོ་ན་ཀོ་ ཨིས་པེན་ ཨཱན་དོ་ར་ ལ་སོགས་པའི་རྒྱལ་ཁབ་མང་རབས་ཅིག་དང་གཅིག་ཁར་ ས་མཚམས་མཐུད་དེ་ཡོདཔ་ཨིན། དེ་མ་ཚད་ ཕྲནས་ལུ་ མེ་ཌི་ཊེ་རེ་ནི་ཡཱན་རྒྱ་མཚོ་དང་ ཨེཊ་ལཱན་ཊིག་རྒྱ་མཚོ་གཉིས་བརྒྱུད་དེ་ མཚོའི་མཚམས་ཡང་ཡོདཔ་ཨིན། ཕྲནས་འདི་ བདག་སྐྱོང་གི་མངའ་སྡེ་ ༡༨ ལུ་ ཁག་དབྱེ་སྟེ་ཡོདཔ་དང་ འདི་གི་ནང་ལས་ མངའ་སྡེ་༡༣ འདི་ ཡུ་རོབ་ཀྱི་མངའ་ཁོངས་ནང་ཚུད་དོ་ཡོདཔ་དང་ གཞན་མི་མངའ་སྡེ་ ༥ འདི་ ཡུ་རོབ་ཀྱི་ཕྱི་ཁར་ཚུད་དོ་ཡོདཔ་ཨིན། དོ་རུང་ མངའ་སྡེ་འདི་ཚུ་ཡང་ ཡན་ལག་མངའ་སྡེ་ ༡༠༡ ལུ་ཁག་དབྱེ་སྟེ་ཡོདཔ་ཨིན།   ཕྲནས་ཀྱི་སའི་མཛེས་བཀོད་ཡང་ སྣ་མང་སྦེ་ཡོད་པའི་ཁར་ མཛེས་ཏོག་ཏོ་སྦེ་ཡོདཔ་ཨིན། དེ་ཡང་ བྱང་དང་ནུབ་ཕྱོགས་ལུ་ ས་ཐང་སྦེ་ཡོདཔ་དང་ ཤར་ལྷོ་དང་ལྷོ་ནུབ་ཁ་ཐུག་ལུ་ གངས་རི་དང་ལ་ཆེན་ཚུ་ཡོདཔ་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་འདི་ནང་ སཱིན་ ལོའི་རི་ རཱོན་ ལ་སོགས་པའི་ཆུ་ཆེན་ལེ་ཤ་ཡོདཔ་ཨིན། དེ་ལས་ ཕྲནས་ཀྱི་གནམ་གཤིས་སམ་བསིལ་དྲོད་ཀྱི་གནས་སྟངས་འདི་ བྱང་ཕྱོགས་ལུ་བསིལ་དྲོད་སྙོམ་ཏོག་ཏོ་སྦེ་ཡོདཔ་དང་ ལྷོ་ཕྱོགས་ལུ་ཚ་དྲོད་ཆེ་བའི་ཁར་ གནམ་དགུན་ལུ་ཆརཔ་འབོལ་དྲགས་སྦེ་རྐྱབ་མ་ཚད་ གནམ་བྱཱར་ལུ་ཆརཔ་དཀོན་དྲགས་སྦེ་རྐྱབ་དོ་ཡོདཔ་ཨིན། <ref name=":0">https://www.gouvernement.fr/en/france</ref> '''མི་རློབས།''' སྤྱི་ལོ་༢༠༢༥ ལུ་ ཕྲནས་ལུ་མི་རློབས་ས་ཡ་ ༦༨ དེ་ཅིག་ཡོདཔ་ཨིན། རྒྱལ་ཁབ་འདི་ ཡུ་རོབ་ཀྱི་རྒྱལ་ཁབ་ཚུའི་གྲལ་ལས་ མི་འབོར་སྟུག་དྲགས་སྦེ་ཡོད་པའི་རྒྱལ་ཁབ་གཅིག་ཨིནམ་དང་ མི་རིགས་དང་ལམ་སྲོལ་མ་འདྲ་བའི་མི་རློབས་འདྲ་མིན་སྣ་ཚོགས་སྦེ་ཡོདཔ་ཨིན།<ref name=":0" /> '''གཞུང་སྐྱོང་དང་སྲིད་དོན་ལམ་ལུགས།''' ཕྲནས་ཀྱི་གཞུང་ལུགས་འདི་ སྲིད་འཛིན་གྱིས་དབང་བའི་དམངས་གཙོའི་མི་སེར་རྒྱལ་ཁབ་ཨིན། དེ་ཡང་ སྲིད་འཛིན་འདི་ མི་སེར་གྱིས་ཐད་ཀར་དུ་བཙག་འཐུ་འབད་དོ་ཡོདཔ་དང་ སྲིད་འཛིན་འདི་ རྒྱལ་ཁམས་ཀྱི་དབུ་ཁྲིད་ཨིན། དེ་བཟུམ་སྦེ་ བློན་ཆེན་འདི་ སྲིད་འཛིན་གྱིས་བསྐོ་བཞག་འབད་དོ་ཡོདཔ་དང་ བློན་ཆེན་འདི་གཞུང་གི་དབུ་ཁྲིད་ཨིན། ཕྲནས་ཀྱི་གཞུང་ལུགས་ནང་ ཁྲིམས་བཟོ་ལྷན་སྡེ་ འཛིན་སྐྱོང་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེ་གསུམ་ཀྱི་བར་ན་ རང་དབང་ཐ་དད་ཨིན། ཕྲནས་ཀྱི་སྤྱི་ཚོགས་ནང་ ཚོགས་ཁང་གོང་འོག་གཉིས་ཡོདཔ་ཨིན། དེ་ཡང་ རྒྱལ་ཡོངས་ཚོགས་འདུ་འདི་ཚོགས་ཁང་འོག་མ་སྦེ་བརྩི་དོ་ཡོདཔ་དང་ སེ་ནེཊ་ཟེར་མི་འདི་ཚོགས་ཁང་གོང་མ་སྦེ་བརྩི་དོ་ཡོདཔ་ཨིན།<ref name=":0" /> '''ཆོས་དང་ལམ་སྲོལ།''' ཕྲནས་འདི་ ལམ་སྲོལ་གྱི་ཕྱུག་པོའི་རྒྱལ་ཁབ་གཅིག་ཨིནམ་སྦེ་ཡོངས་གྲགས་ཡོདཔ་ཨིན། རྒྱལ་ཁབ་འདི་ནང་ འཛམ་གླིང་ནང་གི་ཡོངས་གྲགས་ཅན་གྱི་འགྲེམས་སྟོན་ཁང་ ལུ་ཝཱ་ ཟེར་མི་འདི་ཡོདཔ་དང་ འགྲེམས་སྟོན་ཁང་འདི་ནང་ སྙན་གྲགས་ཅན་གྱི་རི་མོ་ མོ་ནཱ་ལི་ས་ ཟེར་མི་དང་ པར་བཟོ་ ཝི་ནཱས་ཌི་མའི་ལོ་ ཟེར་མི་གཉིས་ཡོདཔ་ཨིན། དེ་མ་ཚད་ ཡོངས་གྲགས་ཅན་གྱི་བཟོ་བཀོད་ ཨའི་ཕིལ་ཊ་ཝཱར་ ནོ་ཊར་ཌེམ་གྱི་གཙུག་ལག་ཁང་དང་ ཝར་ས་ལིས་ཀྱི་ཕོ་བྲང་ ལ་སོགས་པ་ཚུ་ཡང་ རྒྱལ་ཁབ་འདི་ནང་ཆགས་ཏེ་ཡོདཔ་ཨིན། དེ་ལས་ ཕྲནས་ཀྱི་མི་རློབས་མང་ཆེ་ཤོས་ཅིག་ ཡེ་ཤུ་པའི་ཆོས་འབད་མི་ཨིནམ་དང་ འདི་གི་ནང་ལས་ཡང་ རོ་མཱན་ཀེ་ཐོ་ལིཀ་གི་གྲངས་སུ་མངམ་སྦེ་ཡོདཔ་ཨིན། དེ་གུ་ ཇིའུ་ཟེར་ ཡ་ཧུ་དཱ་པའི་ཆོས་ལུགས་འབད་མི་དང་ མུཛ་ལིམ་ཟེར་ ཁ་ཆེའི་ཆོས་ལུགས་འབད་མི་ཡང་ ལེ་ཤ་ཡོདཔ་ཨིན། <ref>History.com</ref> '''དཔལ་འབྱོར་དང་ཚོང་འབྲེལ།''' ཕྲནས་འདི་ འཛམ་གླིང་ནང་ དཔལ་འབྱོར་སྦོམ་ཤོས་ཅིག་ཨིནམ་དང་ ཡུ་རོབ་ལུ་ དཔལ་འབྱོར་སྦོམ་ཤོས་གསུམ་པ་ཨིན། ཕྲནས་ཀྱི་ནང་འཁོད་ཐོན་སྐྱེད་ཡོངས་འབོར་འདི་ ཡུ་ཨེས་ཌོ་ལར་ཁྲག་ཁྲིག་ཆེན་པོ་ ༣.༡༦ ཨིན་པའི་ཚོད་རྩིས་བཏོན་ཏེ་འདུག། ཁོང་གི་དཔལ་འབྱོར་ལུ་ སྒེར་སྡེ་དང་གཞུང་དབང་ལས་སྡེ་གཉིས་ཆ་ར་གིས་ གྲལ་གཏོགས་དང་གྲོགས་རམ་རྒྱ་ཆེཝ་སྦེ་འབད་དོ་ཡོདཔ་ཨིན། ཁོང་གིས་ འཕྲུལ་ཆས་དང་གནས་གོང་ཆེ་བའི་ཅ་ཆས་ཚུ་བཟོ་སྐྲུན་འབད་ནི་ལུ་གཙོ་བོར་བཏོན་དོ་ཡོདཔ་དང་ ལྟ་བཤལ་དང་དངུལ་འབྲེལ་གྱི་ཞབས་ཏོག་བྱིན་ནི་ལུ་ཡང་གཙོ་རིམ་བཟུང་དོ་ཡོདཔ་ཨིན། དེ་མ་ཚད་ སོ་ནམ་ལས་སྡེ་ཡང་སྒྲིང་སྒྲི་སྦེ་ཡོདཔ་ལས་ ཝའིན་ལ་སོགས་པའི་ཆང་གི་རིགས་བཟོ་ནི་དང་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་རྒྱ་ཆེ་དྲགས་སྦེ་བཏོན་ཚུགས་པའི་མིང་གཏམ་ཡང་ཡོདཔ་ཨིན།   ཕྲནས་འདི་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ལུ་ཡང་ རྒྱ་ཆེ་དྲགས་སྦེ་བཅའ་མར་གཏོགས་མི་གཅིག་ཨིན། ཁོང་གི་རྒྱལ་ས་པེ་རིས་འདི་ ཡུ་རོབ་ནང་ དངུལ་འབྲེལ་ལྟེ་བ་གཙོ་བོ་གཅིག་ཨིན། ཁོང་གིས་ཕྱིར་ཚོང་འཐབ་པའི་ཅ་ཆས་གཙོ་བོ་ཚུ་ཡང་ འཕྲུལ་ཆས་དང་མཁོ་ཆས་ གནམ་གྲུ་ འགྱིབ་ཤོག་ རྫས་སྦྱོར་ སྨན་རིགས་ ལྕགས་དང་ཆང་ ལ་སོགས་པ་ཚུ་ཨིན་པས། སྤྱི་ལོ་ ༢༠༢༥ ལུ་ ཁོང་གི་ཕྱིར་ཚོང་གི་གནས་གོང་འདི་ ཡུ་ཨེས་ཌོ་ལར་ཐེར་འབུམ་ ༧༤༦.༩ ཨིན་པའི་ཚོད་རྩིས་བཏོན་ཏེ་འདུག། ཨིན་རུང་ མི་དམངས་བུ་ལོན་གྱི་ཆ་ཚད་མཐོ་དྲགས་སྦེ་ཡོདཔ་མ་ཚད་ ལུང་ཕྱོགས་ཚུ་ནང་དཔལ་འབྱོར་གོང་འཕེལ་འདྲ་ཉམས་སྦེ་མེད་པའི་གདོང་ལེན་ཚུ་ཡོདཔ་ཨིན། དེ་གུ་ གཞི་སྒྱུར་གྱི་ལཱ་ལུ་ མི་དམངས་ཀྱིས་རྒྱབ་འགལ་འབད་དེ་ ངོ་རྒོལ་འགྲེམས་སྟོན་ཚུ་ཁྱབ་ཆེཝ་སྦེ་ཐོན་དོ་ཡོདཔ་ལས་ དཔལ་འབྱོར་དང་འབྲེལ་བའི་ལས་སྣ་ཚུ་ལུ་བར་ཆད་སྦོམ་སྦེ་རྐྱབ་དོ་ཡོདཔ་ཨིན། <ref>https://www.statista.com/topics/11721/economy-of-france/?citationMarker=43dcd9a7-70db-4a1f-b0ae-981daa162054</ref> '''རྒྱལ་ས་ལྟེ་བ་[[པེ་རིས།]]''' པེ་རིས་འདི་ ཕྲནས་ཀྱི་རྒྱལ་ས་ཨིན། ཕྲནས་ཀྱི་ཁྲོམ་ཚོགས་ཚུ་གི་གྲལ་ལས་མི་འབོར་སྟུག་དྲགས་ར་ པེ་རིས་ཀྱི་ཁྲོམ་ནང་ཡོདཔ་ཨིན། དུས་རབས་ལྔ་པའི་ནང་ ཕྲནས་ཀྱི་རྒྱལཔོ་ཀོལོ་ཝིས་ཝཱན་གྱི་སྐབས་ལུ་ པེ་རིས་འདི་ ཕྲནས་ཀྱི་རྒྱལ་ས་སྦེ་ངོས་འཛིན་འབད་ཡོདཔ་ཨིན། པེ་རིས་འདི་ རྒྱལ་ཁབ་ཀྱི་བྱང་ཕྱོགས་ཁ་ཐུག་ལུ་ ཆུ་ཆེན་སཱིན་གྱི་ཉེས་འདབས་ལུ་ཆགས་ཏེ་ཡོདཔ་ཨིན། ཁྲོམ་འདི་ རྒྱ་ཚད་ཨིས་ཀོ་ཡར་ཀི་ལོ་མི་ཊར་ ༡༠༥ དེ་ཅིག་ཡོདཔ་དང་ འདི་ནང་མི་རློབས་ས་ཡ་ ༢.༡ དེ་ཅིག་ཡོདཔ་ཨིན། གཞུང་སྐྱོང་ལམ་ལུགས་ཀྱི་ཐད་ཁར་ པེ་རིས་འདི་ ཁྲོམ་སྡེ་ཡང་ཨིན་པའི་ཁར་ ལས་ཁུངས་ཀྱི་གྲས་ཁར་ཡང་ཚུདཔ་ཨིན། ཁྲོམ་སྡེ་འདི་ བདག་སྐྱོང་གི་ས་ཁོངས་ ༢༠ ལུ་ཁག་དབྱེ་སྟེ་ཡོདཔ་དང་ ས་ཁོངས་རེ་རེ་ནང་ ཁྲོམ་དཔོན་རེ་རེ་དང་ ཚོགས་སྡེ་རེ་རེ་ཡོདཔ་ཨིན། པེ་རིས་ཀྱི་ཁྲོམ་དཔོན་གྱིས་ པེ་རིས་ཀྱི་ཁྲོམ་ཚོགས་ཡོངས་རྫོགས་བདག་སྐྱོང་འབདཝ་ཨིན། པེ་རིས་འདི་ ཕྲནས་ཀྱི་དཔལ་འབྱོར་གྱི་འཕྲུལ་ཨམ་བཟུམ་གཅིག་སྦེ་བརྩིཝ་ཨིན། དེ་གུ་ པེ་རིས་ལུ་ རྒྱལ་སྤྱིའི་ཚོང་སྡེ་སྦོམ་ དངུལ་འབྲེལ་གཙུག་སྡེ་དང་ བཟོ་གྲྭ་འཕྲུལ་ཁང་སྦོམ་ཚུ་ཡང་ཡོདཔ་ཨིན།   པེ་རིས་ཀྱི་ཤེས་རིག་ལམ་ལུགས་འདི་ མཆོག་གྱུར་སྦེ་བརྩི་དོ་ཡོདཔ་དང་ འཛམ་གླིང་ནང་སྙན་གྲགས་ཅན་གྱི་གཙུག་ལག་སློབ་སྡེ་དང་ ཞིབ་འཚོལ་གྱི་གཙུག་སྡེ་ཚུ་ ཁྲོམ་ཚོགས་འདི་ནང་གཞི་བཙུགས་འབད་དེ་ཡོདཔ་ཨིན། དཔེར་ན་ པེ་རིས་ལུ་ཡོད་མི་ དུས་རབས་ ༡༣ པའི་ནང་གཞི་བཙུགས་འབད་དེ་ཡོད་པའི་ སཱོར་བཱོན་གཙུག་ལག་སློབ་སྡེ་འདི་ འཛམ་གླིང་ནང་ གཙུག་ལག་སློབ་སྡེ་རྙིང་ཤོས་ཅིག་དང་མིང་གཏམ་ཅན་ཅིག་ཨིན། པེ་རིས་ལུ་ ས་འོག་གི་རེལ་ལི་དང་ བཱསི་ ལུང་ཕྱོགས་ཀྱི་རེལ་ལི་ལ་སོགས་པའི་ མི་མང་སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་རྒྱ་སྦོམ་སྦེ་མཐུད་སྦྲེལ་འབད་དེ་ཡོདཔ་ཨིན། ཁྲོམ་ཚོགས་ནང་གནམ་གྲུ་ཐང་སྦོམ་གཉིས་ཡོདཔ་དང་ འདི་གིས་ རྒྱལ་སྤྱིའི་འགྲུལ་སྐྱོད་ཚུ་ལྷན་ཐབས་འབད་དོ་ཡོདཔ་ལས་ པེ་རིས་འདི་རྒྱལ་སྤྱིའི་རྒྱལ་སྒོ་བཟུམ་ཅིག་སྦེ་ཆ་བཞགཔ་ཨིན། དེ་ལས་ པེ་རིས་འདི་ བློ་རིག་དང་སྒྱུ་རྩལ་གྱི་ལྟེ་བ་གཅིག་སྦེ་ཡང་བརྩི་དོ་ཡོདཔ་ཨིན། ཁྲོམ་ཚོགས་འདི་ནང་ལས་ ཝིག་ཊོར་ཧུ་གོ་ ཨཱར་ཎེསཊ་ཧེ་མིང་ཝེ་ པཱབ་ལཱོ་པི་ཀཱ་སོ་ ལ་སོགས་པའི་ རྩོམ་སྒྲིག་པ་དང་ སྒྱུ་རྩལ་མཁནམ་ དེ་ལས་ གྲུབ་མཐའ་སྨྲ་བ་ གྱངས་ཁ་མེདཔ་ཅིག་བྱུང་ཡོདཔ་ཨིན། དེ་འབདཝ་ལས་ བཅུད་བསྡུ་བ་ཅིན་ པེ་རིས་ཀྱི་རྒྱལ་ཁབ་འདི་ བྱུང་རབས་དང་ལམ་སྲོལ་ དཔལ་འབྱོར་ག་ཅི་གི་ཐད་ལས་འབད་རུང་ གལ་གནད་ཆེ་བའི་ཁྲོམ་ཚོགས་གཅིག་ཨིན། དེ་བཟུམ་སྦེ་ རྒྱལ་ཁབ་ཀྱི་སྲོལ་རྒྱུན་དང་ མཛེས་ཆ་ལྡན་པའི་ས་ཆ་ དེ་ལས་ དགའ་སྐྱིད་ལྡན་པའི་འཚོ་བའི་གནས་སྟངས་ལས་བརྟེན་ ཕྲནས་ཀྱི་རྒྱལ་ཁབ་འདི་ གཞན་དང་མ་འདྲ་བའི་རྒྱལ་ཁབ་གཅིག་སྦེ་བརྩིཝ་ཨིན།   ་རྟེན་དཔེ་ཐོ། # <nowiki>https://www.statista.com/topics/11721/economy-of-france/?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # <nowiki>https://www.focus-economics.com/countries/france/?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # <nowiki>https://www.focus-economics.com/countries/france/?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # <nowiki>https://danydombou.fr/10-key-points-of-the-french-economy-in-2025/?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # <nowiki>https://economy-finance.ec.europa.eu/economic-surveillance-eu-economies/france/economic-forecast-france_en?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # <nowiki>https://www.commisceo-global.com/resources/country-guides/france-guide?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # <nowiki>https://www.france.fr/en/article/discovering-french-culture/?citationMarker=43dcd9a7-70db-4a1f-b0ae-981daa162054</nowiki> # Britannica # World Atlas # History.com # Eiffel Tower Official Website # Notre-Dame Cathedral Official Website # BBC News # Louvre Museum Official Website # World Population Review # Government of France # French Senate Website # French National Assembly Website # History.com [[File:France Loir-et-Cher Chambord Chateau 03.jpg|thumb]] [[File:Tour Eiffel Wikimedia Commons (cropped).jpg|thumb]] [[Category:ཕརཱནསི་]] [[Category:ཡོ་རོབ་གླིང་]] [[Category:རྒྱལ་ཁབ]] qqcrteepyyn5f8dkhq2pbtgw52ls3qv པེ་རིས། 0 9128 39866 2026-06-01T07:22:47Z Penjor Wangchuk 13592 པེ་རིས། 39866 wikitext text/x-wiki '''པེ་རིས།''' [[File:Tour Eiffel Wikimedia Commons (cropped).jpg|thumb|པེ་རིས Paris]] [[file:NotreDameI.jpg|thumb|]] [[File:Versailles Palace.jpg|thumb|བེརསཱཡསི་ Château de Versailles]] [[File:Le sacre coeur.jpg|thumb|]] 26dkzb0vjpy7qe7yobsp1qhlzrcyhnb 39867 39866 2026-06-01T07:31:17Z Penjor Wangchuk 13592 /* */ ཕྲནས། 39867 wikitext text/x-wiki '''པེ་རིས།''' [[File:Tour Eiffel Wikimedia Commons (cropped).jpg|thumb|པེ་རིས Paris]] [[File:NotreDameI.jpg|thumb|]] [[File:Arc Triomphe.jpg|thumb|]] [[File:Versailles Palace.jpg|thumb|བེརསཱཡསི་ Château de Versailles]] [[File:Le sacre coeur.jpg|thumb|]] 74tef5nkcdgb1oq99ra3iw8zhcggl7w 39868 39867 2026-06-01T07:38:09Z Penjor Wangchuk 13592 /* */ ཕྲནས། 39868 wikitext text/x-wiki '''པེ་རིས།''' [[File:Tour Eiffel Wikimedia Commons (cropped).jpg|thumb|པེ་རིས ཕྲནས།Paris]] [[File:NotreDameI.jpg|thumb|]] [[File:Arc Triomphe.jpg|thumb|]] [[File:Versailles Palace.jpg|thumb|བེརསཱཡསི་ Château de Versailles]] [[File:Le sacre coeur.jpg|thumb|]] cj6b1ne3qo5w989t8rj4q3q9f8jrdqh 39869 39868 2026-06-01T07:39:49Z Penjor Wangchuk 13592 /* */ ཕྲནས 39869 wikitext text/x-wiki '''པེ་རིས།''' [[File:Tour Eiffel Wikimedia Commons (cropped).jpg|thumb|པེ་རིས ཕྲནས། Paris]] [[File:NotreDameI.jpg|thumb|]] [[File:Arc Triomphe.jpg|thumb|]] [[File:Versailles Palace.jpg|thumb|བེརསཱཡསི་ Château de Versailles]] [[File:Le sacre coeur.jpg|thumb|]] [[File:Montmartre Maison Rose 002.JPG|thumb]] 9k9tb1zwfrbwhmr679o07gp483ytvko User talk:Jacques Ballieu 3 9129 39870 2026-06-01T09:06:54Z Jacques Ballieu 13594 Created page with "Jacques Ballieu" 39870 wikitext text/x-wiki Jacques Ballieu p6zc7e73y6cyzljg36ikr39e2olrml2 User:Jacques Ballieu 2 9130 39871 2026-06-01T09:11:04Z Jacques Ballieu 13594 Created page with "{{#babel:fr-N | en-3 | nl-3 | de-1 }} Mon nom est Jacques Ballieu, j'habite en périphérie [[:fr:bruxelles |bruxelloise]], j'ai travaillé principalement au [[:fr:Musée royal d'Afrique centrale |Musée royal d'Afrique centrale]] et à la [[:fr:bibliothèque royale de Belgique |Bibliothèque royale de Belgique]] au prestigieux Cabinet des manuscrits. Mes intérêts se portent sur l'art (cinéma, peinture, sculpture, etc.), la littérature, l'histoire, la géographie,..." 39871 wikitext text/x-wiki {{#babel:fr-N | en-3 | nl-3 | de-1 }} Mon nom est Jacques Ballieu, j'habite en périphérie [[:fr:bruxelles |bruxelloise]], j'ai travaillé principalement au [[:fr:Musée royal d'Afrique centrale |Musée royal d'Afrique centrale]] et à la [[:fr:bibliothèque royale de Belgique |Bibliothèque royale de Belgique]] au prestigieux Cabinet des manuscrits. Mes intérêts se portent sur l'art (cinéma, peinture, sculpture, etc.), la littérature, l'histoire, la géographie, la linguistique et bien d'autres encore. Je suis également féru de voyages, principalement en Asie et en Afrique. J'étudie actuellement l'histoire de l'art en académie et suis un cursus en arts plastiques. Passionné de Wikipédia, j'ai rédigé mon premier article dans Wikipédia en français en décembre 2010 et je suis actuellement créateur de plus de dix mille ({{FORMATNUM:10200}}) articles et j'ai effectué plus d'un demi-million (500 000) de modifications. * [https://fr.wikiscan.org/utilisateur/Jacques+Ballieu Lien vers mon Wikiscan] * [[:fr:Utilisateur:Jacques_Ballieu |Lien vers ma page utilisateur (Wikipédia en français)]] [[User:Jacques Ballieu|Jacques Ballieu]] ([[User talk:Jacques Ballieu|talk]]), 19 November 2019 (UTC) 3kokaq6ysm3uj0l1k4bclo7m9q4njuc