Wikipedia dzwiki https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D MediaWiki 1.47.0-wmf.7 first-letter Media Special Talk User User talk Wikipedia Wikipedia talk File File talk MediaWiki MediaWiki talk Template Template talk Help Help talk Category Category talk TimedText TimedText talk Module Module talk Event Event talk པེ་རུ། 0 8642 40010 39124 2026-06-23T11:14:05Z CommonsDelinker 74 Replacing Flag_of_Peru_(state).svg with [[File:War_flag_of_Peru.svg]] (by [[:c:User:CommonsDelinker|CommonsDelinker]] because: [[:c:COM:FR|File renamed]]: [[:c:COM:FR#FR3|Criterion 3]] (obvious error) · This is not the State flag, this is the war flag [ht 40010 wikitext text/x-wiki [[File:War flag of Peru.svg|thumb|341x341px|པེ་རུ་གྱི་རྒྱལ་དར།]] པེ་རུ་འདི་ ལྷོ་ཨེ་མི་རི་ཀཱན་གྱི་རྒྱལ་ཁབ་ཅིག་ཨིན། རྒྱལ་ཁབ་ཀྱི་མཐའ་བསྐོར་ཏེ་ ཨི་ཀོའི་ཌར། ཀོ་ལོམ་བི་ཡ། བྲ་ཛིལ། བྷ་ལི་ཝི་ཡ། ཅི་ལི་དང་ པེ་སི་ ཕིཀ་མཐའ་ཡས་རྒྱ་མཚོ་ཚུ་ཡོད། བྱུང་རབས་ཡང་ ཨཱིན་ཀའི་རྒྱལ་ཁམས་དང་ ཨིས་པེ་ནིཤ་གི་སྔར་ཁྱུན་གྱི་ སྡོད་གནས་ཅིག་ཨིན། པ་རུ་རྒྱལ་ཁབ་ཀྱི་དཔལ་ འབྱོར་ཡང་ སོ་ནམ་དང་ ས་གཏེར་ ལྟ་བཤལ་ལུ་ བློ་གཏདཔ་ཨིན། འདི་གི་གྲས་ལུ་ ཡོངས་གྲགས་ཆེ་བའི་ ལྟ་གནས་ མཱ་ཆུ་པི་ཆུ་ཟེར་མི་འདི་ཨིན། རྒྱལ་ཁབ་ནང་ལུ་ མི་རིགས་ཡང་མ་འདྲཝ་ལེ་ཤ་ དཔེར་ན་ ཧེ་མ་ལས་ས་གནས་འདི་ནང་ལུ་སྡོད་མི་ མཱེས་ཏི་ཛོ་དང་ ཡུ་རོ་པཱིན་གྱི་མི་སྡེ་ཚུ་ཡོད། མ་གཞི་ རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཨིན་རུང་ སྲིད་ཚོགས་སྒྲིང་སྒྲི་མེད་པའི་དཀའ་ངལ་ཡོད། ཤེས་རིག་དང་གསོ་བའི་ཞབས་ཏོག་ཚུ་ཡང་ འདྲ་མཉམ་ཅིག་ མེདཔ་ཨིན། པེ་རུའི་ལམ་སྲོལ་ཚུ་ རང་ལུགས་སྔར་སྲོལ་དང་ ཨིས་པེ་ནཱིཤ་གི་དབང་ཐལ་ཚུ་ དུས་སྟོན་དང་སྙན་ཆ་ བཟའ་འཐུང་གི་རིགས་ཚུ་ནང་མཐོང་ནི་ཡོད། གདོང་ལེན་ཆེ་ཤོས་ར་ དབུལ་ཕོངས་ཀྱི་དཀའ་ངལ་དང་ ངན་ལྷད་མང་སུ་ཡོདཔ་ དེ་ལས་ མཐའ་འཁོར་གནས་སྟངས་ དཔེར་ན་ ནགས་ཚལ་མར་ཉམས་ འགྱོ་ནི་དང་ བཙོག་རླུང་ཡར་ཕར་འགྱོ་ནི་ཚུ་ཨིན། [[File:Peru Base Map.png|thumb|444x444px|པེ་རུ་རྒྱལ་ཁབ་ཀྱི་ས་ཁྲ།]] ས་ཆའི་གནས་སྟངས་དང་སྦོམ་ཚད་ དེ་ལས་ བདག་སྐྱོང་གི་མངའ་སྡེ། པེ་རུའི་རྒྱལ་ཁབ་འདི་ ལྷོ་ཨེ་མི་རི་ཀའི་ ནུབ་ཕྱོགས་ཧོངས་ལུ་ཆགས་ཏེ་ཡོད། བྱང་ཁ་ཐུག་ལུ་ ཨི་ཀོའི་ཌར་དང་ ཀོ་ལོམ་བི་ཡ་ ཤར་ཕྱོགས་ལུ་ བྲ་ཛིལ་ དེ་ལས་ ཤར་ལྷོ་ལུ་ བྷ་ལི་ཝི་ཡ་དང་ ལྷོ་ལུ་ ཅི་ལི་ མཇུག་ར་ ནུབ་ཕྱོགས་ལུ་ པེ་སི་ཕིཀ་མཐའ་ཡས་རྒྱ་མཚོ་ཡོད། སྦོམ་ཆུང་གི་ཚད་གཞི་འབད་བ་ཅིན་ ཀི་ལོ་མི་ཊར་གྲུ་བཞིམ་ ༡.༢༨ འབད་མི་གིས་ ལྷོ་ཨེ་མི་རི་ཀ་ལུ་ ཨང་ ༣ པ་ཨིན། པེ་རུ་ལུ་ ས་ཆའི་ཆགས་ཚུལ་ཡང་སྣ་ཚོགས་སྦེ་ཡོད། འདི་ནང་ ཨཱན་དྲིས་གངས་རི་དང་ ཨེ་མ་ཛོན་ཆར་ཆུ་འབོལ་བའི་ནགས་ཚལ་ དེ་ལས་ མཚོ་མཐའི་བྱེ་ཐང་ཚུ་ཡོད། རྒྱལ་ཁབ་འདི་ བདག་སྐྱོང་གི་དོན་ལས་ ལུང་ཕྱོགས་ ༢༥ ལུ་བགོ་སྟེ་ཡོདཔ་དང་ རྒྱལ་ས་ལྟེ་བ་འདི་ ཁྲོམ་ཚོགས་སྦོམ་ཤོས་ཅིག་ཨིན་མི་ ལི་མ་ཟེར་སླབ་ཨིན། ལུང་ཕྱོགས་རེ་རེ་ལུ་ ས་གནས་གཞུང་སྐྱོང་ཡོད་རུང་ དབང་ཚད་ཧྲིལ་པོ་ དབུ་གཞུང་ལུ་ཡོདཔ་ཨིན། བྱུང་རབས། པེ་རུའི་བྱུང་རབས་ཡང་ སྔ་རབས་ཀྱི་སྐབས་ཨིན་པ་ཅིན་ ཨིས་པེ་ནཱིཤ་དབང་འོག་ལུ་ མ་ཚུད་པའི་ཧེ་མ་ ཡར་འཐོན་གྱི་གཞི་གནས་ཅིག་ཨིན། ཨེ་མི་རི་ཀའི་རྒྱལ་ ཁབ་ནང་ལུ་ ནཱོར་ཏི་ ཆི་ཀོ་ ཡར་འཐོན་གཞི་གནས་ (༣༠༠༠-༡༨༠༠) འདི་ རྙིང་ཤོས་ཅིག་ཨིན། ཤུལ་ལས་འབདཝ་ད་ ཅཱ་ཝིན་ མཱོ་ཅི་དང་ ནཱ་ཟ་ལམ་ སྲོལ་ཚུ་གིས་ རྩ་འགེངས་ཏེ་ གཞན་དང་མ་འདྲ་བའི་ པར་རིས་དང་ སོ་ནམ་ཚུ་ནང་ལུ་ ཁྱད་པར་བྱུང་ནུག། སྤྱི་ལོ་ ༡༤༣༨-༡༥༣༣ བར་ ཨཱིན་ཀ་རྒྱལ་ཁམས་ ནང་ རྒྱལ་ས་ཀཱུས་ཀོ་ཚུ་གིས་ གནམ་མེད་ས་མེད་དབང་ཤུགས་ཐལ་ཏེ་ ཨཱེན་དྲི་ཡཱན་ ཡར་འཐོན་གཞི་གནས་ཚུ་གིས་ ཁྲོམ་ཚོགས་ མཱ་ཆུ་པི་ཆུ་བཟོ་ནུག། སྤྱི་ལོ་ ༡༥༣༢ ལུ་ ཨིས་པེ་ནཱིཤ་གི་མི་ རྒྱལ་ཁབ་དབང་ལུ་བསྡུ་མི་ ཕྲན་སིས་ཀོ་ པི་ཛ་རོ་གིས་ ཨཱིན་ཀ་ཚུ་ ཕམ་བཏང་སྟེ་ ལོ་ངོ་ ༣༠༠ གི་རིང་ལུ་ ཨིས་པེ་ནཱིཤ་གི་དབང་འོག་ལུ་སྡོད་ནུག། པེ་རུ་རྒྱལ་ཁབ་འདི་ སྤྱི་ལོ་ ༡༨༢༡ ལུ་ རྐྱངམ་གཅིག་ རང་དབང་ཐོབ་ནུག། དེ་ལས་ཚུར་ དུས་རབས་ ༡༩ པ་དང་ ༢༠ པ་ནང་ལུ་ སྲིད་ཚོགས་སྒྲིང་སྒྲི་མེདཔ་དང་ དཔལ་འབྱོར་གྱི་དཀའ་སྡུག་ཚུ་མྱོང་ དམག་སྡེ་གི་དབང་འོག་ལུ་སྡོད་དགོཔ་ཐོན་ནུག། དེང་སང་ བཅུ་ཕྲག་གི་ལོ་དེ་ ནང་ རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་གནས་སྟངས་ནང་ལུ་འཛུལ་ དཔལ་འབྱོར་གོང་འཕེལ་གཏང་ཚུགས་རུང་ མི་སྡེའི་གདོང་ལེན་དང་ འདྲ་མཉམ་མེད་ པའི་ ངན་ལྷད་ཚུ་ བྱུངམ་བྱུང་ས་ར་ཡོད། མི་རློབས་དང་མི་རིགས། པེ་རུའི་རྒྱལ་ཁབ་ནང་ལུ་ མི་རློབས་ས་ཡ་ ༣༤ དེ་ཅིག་ཡོདཔ་ལས་ ལྷོ་ཨེ་མི་རི་ཀའི་ནང་ལུ་ མི་རློབས་མངམ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། མི་རིགས་ཡང་ མ་འདྲཝ་ལེ་ཤ་ཡོདཔ་དང་ དེ་ནང་ལས་ མང་ཆེ་བ་ཅིག་ མཱེས་ཏྲི་ཛོས་ཟེར་ (ས་གནས་ཀྱི་ཧེ་མའི་མི་རིགས་དང་ ཡུ་རོ་པཱིན་ཕ་མས་ཚུ་སླ་བསྲེ་ཡོད་མི)མི་དང་ དེའི་ཤུལ་ལས་ར་ ཀུའི་ཆུ་ཝ་དང་ ཨཱའེ་མཱ་ར་གཉིསཔོ་ཨིན། ད་རུང་ ཡུ་རོ་པི་ཡཱན་གྱི་མི་རྒྱུད་ མང་ཤོས་ར་ ཨིས་པེ་ནཱིཤ་གི་རྒྱུད་པ་དང་ ཨཕ་ཕྲོ་པ་རུ་ཝི་ ཡནསི་ ཨེ་ཤི་ཡཱནསི (མངམ་ར་ རྒྱ་ནག་དང་ ཇ་པཱན་གྱི་མི་རྒྱུད) མི་སྡེ་ཆུང་སུ་ཅིག་སྦེ་ཡོད། ས་གནས་འདི་ནང་གི་ ལམ་སྲོལ་ཚུ་སྒྲིང་སྒྲི་སྦེ་ཡོདཔ་དང་ འདི་ནང་ ཨཱན་དྲེསི་དང་ ཨ་མ་ཛོན་གྱི་ལུང་ཕྱོགས་ནང་ལས་ཕར་ཡོདཔ་ཨིན། གཞུང་འབྲེལ་གྱི་ཁ་སྐད་འདི་ ཨིས་པེ་ནཱེཤ་ཨིན་རུང་ མང་སུ་ཅིག་གིས་ ཀུའི་ཆུ་ཝ་དང་ ཨཱའེ་མཱ་རའི་ཁ་སྐད་ཚུ་ལག་ལེན་འཐབ་ཨིན། མི་རིགས་མ་འདྲ་བའི་ལམ་སྲོལ་ཚུ་གིས་ པ་རུ་གི་ལམ་དང་ལུགས་སྲོལ་ དུས་སྟོན་དང་ དུས་རྒྱུན་གྱི་མི་ཚེ་ནང་ལུ་ དབང་ཐལ་ཡོདཔ་ཨིན། གཞུང་ལུགས་དང་སྲིད་ཚོགས། པེ་རུ་འདི་ མི་སེར་གྱིས་དབང་བའི་དམངས་གཙོའི་གཞུང་ལུགས་ དབང་ཚད་ག་ར་ དབུས་གཞུང་ལུ་ཡོདཔ་ཨིན། ལུང་ཕྱོགས་ལུ་ ས་གནས་ཀྱི་དབང་ཚད་ཡོདཔ་ཨིན། རྒྱལ་ཁབ་ནང་ མི་སེར་དམངས་གཙོའི་སྲིད་བློན་ངོ་ཚབ་ལམ་ལུགས་འདི་ ལག་ལེན་འཐབ་ཨིན། དེ་འབདཝ་ལས་ སྲིད་བློན་འདི་ ལོ་ལྔ་གི་རྒྱབ་ལས་ བཙག་འཐུ་ ལས་བསྒྲུབས་མི་འདི་ རྒྱལ་ཁབ་དང་གཞུང་གི་དབུ་ཁྲིདཔ་ཨིན། ད་ལྟོ་གི་གཞུང་འབད་བ་ཅིན་ དབང་ཚད་བགོ་བཤའ་རྐྱབ་སྟེ་ འཛིན་སྐྱོང་ལྷན་སྡེ་ ཁྲིམས་ བཟོ་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེ་གསུམ་ལུ་གནང་ཡོད། འཛིན་སྐྱོང་ལྷན་སྡེ་འདི་ མི་སེར་གྱི་སྲིད་ཚོགས་(Congress of Republic)དང་ འཐུས་མི་ ༡༣༠་འབད་མི་ ཚོགས་ཁང་གཉིས་ གཅིག་ཁར་ཡོད་མི་ ཨིན། རྒྱལ་ཁབ་ནང་ལུ་ དྲང་ཁྲིམས་ལྷན་སྡེ་འདི་ རང་དབང་ཐ་དད་ཨིནམ་ད་ དྲང་ཁྲིམས་ལམ་ལུགས་ཡང་ ཞི་བའི་མི་སེར་གྱི་ཁྲིམས་ལུ་གནས་ཏེ་ཡོདཔ་ཨིན། པ་རུ་འདི་ དམངས་གཙོའི་རིང་ལུགས་ལུ་དགའ་མི་ཅིག་ཨིན་རུང་ བརྟན་བརྟན་མེད་པའི་སྲིད་གཞུང་དང་ ངན་ལྷད་ཅན་ཅིག་ཡོདཔ་ལས་ འཕྲལ་འཕྲལ་འབད་ར་ དབུ་ཁྲིདཔ་སོར་ནི་གི་དཀའ་ངལ་ཡོདཔ་ཨིན། སྲིད་ཚོགས་ཀྱི་ཕྱོགས་བཟུང་ནི་དང་ ངན་ལྷད་ཀྱི་སྤྱོད་ངན་འབད་ནི་ དེ་ལས་ མི་སྡེ་ཚབ་ཚུབ་ཅན་ཚུ་ གདོང་ལེན་ ཆེ་ཤོས་ཅིག་འབད་ར་ལུས་ཡོདཔ་ཨིན། ཁ་སྐད་ ལམ་སྲོལ་ མི་སྡེའི་འཚོ་བའི་གནས་སྟངས་ ཆོས་ལུགས་དང་ ཐུན་མིན་གྱི་ཁྱད་ཆོས། རྒྱལ་ཁབ་ནང་ལུ་ ཁ་སྐད་སྣ་ཚོགས་འབད་ཡོད་རུང་ མང་ཆེ་བ་ཅིག་གིས་ ཨིས་པེ་ནཱིཤི་སླབ་སྟེ་ཡོདཔ་ལས་ གཞུང་འབྲེལ་གྱི་ཁ་སྐད་ཅིག་ཨིན། ཨིན་རུང་ ཀུའི་ ཆུ་ཝ་དང་ ཨཱའེ་མཱ་རའི་ཁ་སྐད་ཚུ་ ཁྱབ་ཆེ་སུ་ཅིག་འབད་ར་ ལག་ལེན་འཐབ་ཨིན། ལམ་སྲོལ་ཚུ་ཡང་ སྔར་སྲོལ་དང་ ཨིས་པེ་ནཱིཤི་ ཨཕ་རི་ཀཱན་ དེ་ལས་ ཨེ་ཤི་ཡཱན་གྱི་དབང་ཐལ་བའི་ལམ་སྲོལ་ཚུ་ཡང་ སྒྱུ་རྩལ་ སྙན་ཆ་ ཁྲབ་གཞས་དང་ དུས་སྟོན་ཚུ་ནང་ མཐོང་ནི་ཡོད། ཨཱེན་དྲི་ཡཱན་སྔར་སྲོལ་ དཔེར་ན་ ཨཱིན་ ཏྲི་རེ་མི་དུས་སྟོན་ཚུ་ ཡེ་ཤུའི་དུས་སྟོན་དང་མཉམ་གཅིག་ རྩིས་སྲུང་འབད་དེ་ ལམ་སྲོལ་སྒྲིང་སྒྲི་ཐལ་ཏེ་ཡོད། པེ་རུའི་མི་སྡེ་ཚུ་ བཟའ་ཚང་བསྐོར་ཏེ་སྡོད་དེ་ མི་སྡེའི་མཐུན་ལམ་སྒྲིང་སྒྲི་ཐལཝ་མ་ཚད་ མཐའ་ཟུར་ལས་ཕར་འདི་ ཧེང་སྐལ་ར་ དམ་དམ་ཡོདཔ་ཨིན། ཆོས་ ལུགས་ཤུགས་ར་ རཱོ་མཱན་ཡེ་ཤུ་པའི་ཆོས་ལུགས་ཀྱི་ཡིད་ཆེས་བསྐྱེད་ཡོདཔ་དང་ ཡེ་ཤུའི་ཆོགས་ལུགས་གསར་པ་དང་ སྔོན་གྱི་སྲོལ་བདག་འཛིན་འཐབ་མི་ཡང་ཡོད། པེ་རུ་འདི་ ཐུན་མིན་གྱི་ལམ་སྲོལ་སྣ་ཚོགས་ཡོད་མི་དང་ སྔོན་དུས་ཡར་འཐོན་གཞི་གནས་ རང་བཞིན་མཛེས་པའི་ས་ཆ་ དཔེར་ན་ ཆར་ཆུ་འབོལ་བའི་ཨེ་མ་ཛོན་ གྱི་ནགས་ཚལ་ལས་ ཨཱེན་དྲིསི་གངས་རི་ཚུན་ཨིན། འཛམ་གླིང་ནང་ལུ་ ཡོངས་གྲགས་ཅན་གྱི་ མཱ་ཆུ་པི་ཆུ་ཡོད་པའི་ས་གནས་ཅིག་ཡང་ཨིན། གནམ་གཤིས་དང་མཐའ་འཁོར། པེ་རུའི་རྒྱལ་ཁབ་ཀྱི་ས་ཆའི་ཆགས་ལུགས་དང་འཁྲིལ་ཏེ་ གནམ་གཤིས་སྣ་ཚོགས་སྦེ་ཡོད། མཚོའི་མཐའམ་བདའ་སྟེ་ བྱེམ་ཐང་གི་གནམ་གཤིས་མྱོང་ཚོར་བྱུངམ་ མ་ཚད་ འདི་ནང་ ཆར་ཆུ་ཉུང་སུ་ཅིག་ཨིན་པའི་ཁར་ མཚོའི་རླབས་ ཧཱམ་བཱོལཌི་ཟེར་མི་འོངམ་ཨིན། དེ་ལས་ ཨཱེན་ཌི་ཡཱན་གངས་རི་ཚུ་ལུ་ ལ་ཁའི་གནམ་གཤིས་ གྱང་བསིལ་ཆེ་དྲགས་སྦེ་ཡོད། ཆར་ཆུ་ཡང་ དུས་ཚོད་དང་འཁྲིལ་ཏེ་རྐྱབ་ཨིན། ཨཱེ་མ་ཛོན་ནང་ལས་ཕར་འབད་བ་ཅིན་ ལོ་གཅིག་གི་རིང་ལུ་ར་ ཆར་ཆུ་འབོལ་སུ་ཅིག་ སྦེ་སྡོད་དེ་ རློན་གཤེར་ཆེ་སུ་ཅིག་སྦེ་གནསཔ་ཨིན། པེ་རུ་རྒྱལ་ཁབ་འདི་ རང་བཞིན་གནས་སྟངས་སྦོམ་སྦེ་ཡོད་པའི་ས་གོ་དང་ འདི་ནང་ ཨཱེ་མ་ཛོན་གྱི་ཆར་ཆུ་ འབོལ་བའི་ནགས་ཚལ་དང་ ལ་ཆེན་ཨཱེན་དྲིསི་ དེ་ལས་ མཚོ་མཐའི་བྱེམ་ཐང་ཚུ་གིས་ འཛམ་གླིང་ནང་ལུ་ སྐྱེ་ལྡན་རིང་ལུགས་སྣ་ཚོགས་ཡོད་པའི་ ས་གོ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོད། ཨིན་རུང་ ནགས་ཚལ་ཉམས་འགྱོ་ནི་དང་ བཙོག་རླུང་ཡར་སེང་འགྱོ་བའི་གདོང་ལེན་ཚུ་ཡོད། དཔལ་འབྱོར་དང་ཚོང་འབྲེལ། པེ་རུ་ལུ་ དཔལ་འབྱོར་སྣ་ཚོགས་སྦེ་ཡོདཔ་དང་ མང་ཆེ་བ་ཅིག་ ས་གཏེར་དང་ སོ་ནམ་ དེ་ལས་ ཉ་གྱི་ཚོང་ལཱ་ཚུ་ལུ་ བརྟེན་ཏེ་སྡོདཔ་ཨིན། རྒྱལ་ཁབ་ནང་ལས་ གསེར་ དངུལ་ ཟངས་ ས་གཏེར་གཞན་ཚུ་ཡང་ རྒྱལ་སྤྱི་ནང་ར་ འཐོན་ཤུགས་སྦོམ་སྦེ་ཡོད། འཐོན་ཁུངས་ཆེ་བའི་སོ་ནམ་ཐོན་སྐྱེད་ཀྱི་ཕྱིར་ཚོང་ དཔེར་ན་ ཀོ་ཕི་ ཉ་ཁག་ཅུང་ རྒུན་འབྲུམ་དང་ ཀེ་བ་ཚུ་ཨིན། ཉའི་ཚོང་ཡང་ ཉའི་ཟས་བཟོ་སྐྲུན་འབད་ནི་འདི་ ཁྱད་པར་ཅན་ཅིག་ར་ཡོད། ལྟ་བཤལ་ལས་སྡེ་ཚུ་ཡང་ ཁག་ཆེ་ཏོག་ཏོ་ཅིག་ལུ་གྱུར་ཡོདཔ་ཨིན། པེ་རུའི་རྒྱལ་ཁབ་ཀྱི་ ཚོང་འབྲེལ་འཐབ་སའི་རྒྱལ་ཁབ་གཙོ་བོ་ར་ རྒྱ་ནག་དང་ ཡུ་ཨེས་ བྲ་ཛིལ་ཚུ་ཨིན། རྒྱལ་ཁབ་ ཀྱིས་ ནང་འདྲེན་ཡང་ འཕྲུལ་ཆས་དང་ ས་སྣུམ་ འཕྲུལ་རིག་ཚུ་འབདཝ་ཨིན། ཤེས་རིག་དང་གསོ་བའི་ཞབས་ཏོག་ལམ་ལུགས། པེ་རུའི་ཤེས་རིག་ལམ་ལུགས་ཡང་ གཞི་རིམ་ འབྲིང་རིམ་དང་ གོང་རིམ་སྦེ་དབྱེ་བ་ཕྱེས་ཏེ་ཡོད། ཨ་ལུ་ ལོ་ ༦ ལས་ ༡༦ཚུན་ལུ་ ཤེས་རིག་འདི་ གཞུང་ ལས་ རིན་མེད་སྟོང་པ་དང་ ངེས་པར་དུ་ལྷབ་དགོཔ་སྦེ་ཡོདཔ་ཨིན། ཤེས་ཚད་འདི་ སྦོམ་ཡོད་རུང་ སྤུས་ཚད་འདི་ ཁྲོམ་ཚོགས་དང་མཐའ་ཟུར་ལས་ཕར སོ་ སོར་སྦེ་ཡོད། གོང་རིམ་ཤེས་ཡོན་ཚུ་ གཙོ་བོ་ར་ གཙུག་ལག་སློབ་སྡེ་ནང་ འཕྲུལ་རིག་ཡོད་མི་ཚུ་ཨིན། གསོ་བའི་ཞབས་ཏོག་ཚུ་ཡང་ གཞུང་དང་སྒེར་སྡེ་གཉིས་ཆ་ར་ཡོད། གསོ་བའི་ལྷན་ཁག་འོག་ལུ་ གཞུང་གིས་ གཞི་རྟེན་འཕྲོད་བསྟེན་ཞབས་ཏོག་གནངམ་མ་ཚད་ མཐའ་ཟུར་ལས་ཕར་འབད་བ་ཅིན་ ཞབས་ཏོག་ཐོབ་ནི་ལུ་ དཀའ་ངལ་བྱུང་བཞིན་དུ་ཡོད། མ་གཞི་གི་ ཚེ་རིངམོ་སྦེ་སྡོད་ནི་དང་ གཙང་སྦྲ་འཕྲོད་བསྟེན་ཚུ་ ཡར་རྒྱས་འགྱོ་ཡོད་རུང་ མཐའ་ཟུར་ལས་ཕར་ཨིན་པ་ཅིན་ ཟད་བཅུད་མ་ལང་པའི་ནད་གཞི་དང་ འབུ་ཉེན་ཅན་གྱི་ནད་གཞི་ཚུ་ ཚ་གྱང་ཆེ་ཤོས་ཅིག་སྦེ་ གནས་ཏེ་ཡོད། དཀའ་ངལ་དང་གདོང་ལེན། དེང་སང་ པེ་རུ་ལུ་ གདོང་ལེན་ལེ་ཤ་ཅིག་ར་ཡོད། སྒྲིང་སྒྲི་མེད་པའི་སྲིད་གཞུང་འདི་ དཀའ་ངལ་སྦོམ་ཤོས་ཅིག་ཨིན། འཕྲལ་འཕྲལ་འབད་ར་ འགོ་ཁྲིདཔ་ཚུ་ ངན་ལྷད་ཀྱི་དབང་ལུ་ཐལ་ཏེ་ སོར་དགོཔ་འབྱུངམ་ཨིན། ཧེ་མ་ལས་ཡོད་པའི་མི་སྡེ་དང་ མཐའ་ཟུར་ལས་ཕར་སྡོད་མི་ཚུ་ལུ་ འདྲ་མཉམ་མེད་པའི་དཀའ་ངལ་དང་ དབུལ་ཕོངས་ཀྱི་གདོང་ལེན་ཚུ་ཡོད། མཐའ་འཁོར་ཉམས་ཆ་དང་ ནགས་ཚལ་མར་ཉམས་འགྱོ་ནི་ དེ་ལས་ ས་གཏེར་དང་འབྲེལ་བའི་བཙོག་རླུང་ཚུ་གིས་ རང་བཞིན་ འཐོན་སྐྱེད་ལུ་ཐོ་ཕོག་སྟེ་ཡོད། དེ་འབདཝ་ལས་བརྟེན་ གསོ་བའི་ཞབས་ཏོག་འདྲ་མཉམ་མ་ཐོབ་ལས་ འཕྲོད་བསྟེན་གྱི་ཚ་གྱང་བྱུངམ་ཨིན་པས། རྒྱལ་ཁབ་ནང་ལུ་ ད་རུང་ཡང་ ཚ་གྱང་སྦོམ་ཤོས་གཅིགཔོ་འདི་ གཞུང་གི་སྲིད་བྱུས་ལམ་ལུགས་ཚུ་ མི་སེར་གྱི་འདོད་པ་དང་འཁྲིལ་ཏེ་མེད་པར་ སྨྱོ་རྫས་ནག་ཚོང་རྐྱབ་མི་ཚུ་ལུ་བརྟེན་ཏེ་ཨིན། ལྷག་པར་དུ་ གནམ་གཤིས་འགྱུར་བ་གིས་ སོ་ནམ་ཐོན་སྐྱེད་ལུ་ཐོ་ཕོག་སྟེ་ ཚ་དྲོད་ཚུ་ ཡར་སེང་ འགྱོ་བའི་སྟབས་ཀྱིས་ ཆུ་མེད་པའི་དཀའ་ངལ་ཐོན་ཏེ་ སོ་ནམ་ཐོན་སྐྱེད་ཀྱི་སྤུས་ཚད་ལུ་ གནོད་ཉེན་འབྱུངམ་ཨིན་པས། '''རྒྱབ་རྟེན་དཔེ་དེབ།''' ༡. Wikikedia Foundation, Inc. (ཞུན་དག་ ༢༠༢༥/༠༣/༨) པ་རུ། https://en.wikipedia.org/wiki/Peru. ༢. BBC News. (༢༠༢༣/༠༩/༠༤) Peru Country Profile, https://www.bbc.com/news/world-latin-america-19928905. ༣. དྲེ་ཝིས་ ཨེམ་ ཐོ་མཱསི། མཱོ་རི་ ཇྷོན་ པྲིས་ཏྲཱོན། “པ་རུ།” ༠༩/༠༣/༢༠༢༥ https://www.britannica.com/place/Peru. ༤. Google Earth Pro. (2023) Data SIO, NOAA, U.S. Navy, NGA, GEBCO, Image Landsat/Copernicus, Image IBCAO. ༼རྩོམ་ཡིག་འདི་སྲོལ་འཛིན་དང་རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་སྐད་ཡིག་ཞིབ་འཚོལ་དང་ལས་རིམ་སྡེ་ཚན་གྱི་ཞལ་འདེབས།༽ Source: Department of Culture and Dzongkha Development. 4tr0ttod99oo1zjov6z5llk7togi3jb ལ་སེ་བཱ། 0 8852 40009 39052 2026-06-23T06:50:53Z CommonsDelinker 74 Removing [[:c:File:Place-central-america-honduras-LA-CEIBA-02.jpg|Place-central-america-honduras-LA-CEIBA-02.jpg]], it has been deleted from Commons by [[:c:User:Herbythyme|Herbythyme]] because: Copyright violation, see [[:c:Commons:Licensing|]]. 40009 wikitext text/x-wiki [[File:Diocese of La Ceiba HN.svg|thumb|335x335px|ཧོན་ཌུ་ར་ལུ་ཡོད་པའི་ས་གནས་ལ་སེ་བཱའི་ས་ཁྲ། ]] ༉ ཧོན་ཌུ་རས་མཚོ་ཁ་ལུ་ཆགས་ཏེ་ཡོད་མི་ ལ་སེ་བཱ་འདི་ ཀེ་རི་བི་ཡཱན་རྒྱ་མཚོ་གི་ ཤར་ལྷོའི་ས་མཚམས་ཀྱི་ཆ་ཤས་ཅིག་ཨིན་མས། ཁྲོམ་འདི་ བཱོ་ནི་ཊོ་ (Bonito) གངས་རི་གི་རྩ་བ་ལུ་ཆགས་ཏེ་ཡོདཔ་ལས་ མཛེས་སྡུག་ཅན་གྱི་མཐོང་སྣང་བྱིན་ཏེ་ ས་ཆའི་གནས་སྟངས་ལུ་ཕན་ཐོགས་སྦོམ་ཡོདཔ་ཨིན། ལ་སེ་བཱ་གི་གནམ་གཤིས་འདི་ ནགས་ཚལ་གྱི་གནམ་གཤིས་ ཀོ་པེན་ ཨི་ཨེཕཱ་ (Köppen Af) ཟེར་དབྱེ་བ་ཕྱེ་སྟེ་ཡོདཔ་དང་ ལོ་གཅིག་གི་རིང་ལུ་ ཆརཔ་ཤུགས་སྦེ་རྐྱབ་དོ་ཡོདཔ་ཨིན་མས། ལོ་བསྟར་ཆར་ཆུ་སྤྱིར་སྙོམས་ལུ་ མི་ལི་མི་ཊར་ ༣༢༠༠ དེ་ཅིག་རྐྱབ་དོ་ཡོདཔ་ཨིན་པས། ཁྲོམ་གྱི་རྒྱ་མཚོའི་མཐའ་མའི་མཐོང་སྣང་དང་ པི་ཀོ་ བུ་ནི་ཊོ་རྒྱལ་ཡོངས་གླིང་ག་དང་ དང་ ཀེའུ་རུ་བཱ་ལ་ཌོ་ རི་དྭགས་སེམས་ཅན་གླིང་ག་བཟུམ་གྱི་ རང་བཞིན་གྱི་མཐོང་སྣང་ཚུ་དང་ཉེ་འདབས་ལུ་ཡོད་མི་འདི་གིས་ ཧོན་ཌུ་རས་གི་སྐྱེ་ལྡན་ལྟ་བཤལ་གྱི་རྒྱལ་ས་ལྟེ་བ་ཅིག་སྦེ་ མིང་གཏམ་ཐོབ་སྟེ་ཡོདཔ་ཨིན་མས། ལ་སེ་བཱ་གི་འབྱུང་ཁུངས་འདི་ དུས་རབས་ ༡༩ པ་མཇུག་བསྡུ་ཁམས་ལུ་ ཁྲོམ་གྱི་མིང་འདི་ ཧེ་མ་ གྲུ་བཏང་སའི་ས་གོ་རྙིངམ་གི་ཉེ་འདབས་ལུ་ཡོད་མི་ སེ་བཱ་ཤིང་སྦོམ་ཅིག་ལས་ འབྱུང་ཡོདཔ་དང་ དེ་གིས་ ཧེ་མ་གཞི་ཆགས་མི་ཚུ་གི་དོན་ལུ་ ས་ཆགས་ཀྱི་གཞི་གནས་བཟུམ་ཅིག་སྦེ་སྡོད་ནུག སྤྱི་ལོ་༡༨༧༢ ལུ་ མེ་ནཱིའལ་ ཧཱར་ནཱན་ཌེསེ་ གིས་ ཤིང་འདི་གི་འོག་ལུ་ ཁྱིམ་ཆུང་ཀུ་ཅིག་རྐྱབ་སྟེ་ གཞན་མི་ཚུ་ ས་གནས་འདི་ནང་ གཞི་ཆགས་བཅུག་ནུག། ཁྲོམ་སྡེ་འདི་ སྤྱི་ལོ་༡༨༧༧ སྤྱི་ཟླ་༨ པའི་ཚེས་༢༣ ལུ་ གཞུང་འབྲེལ་དུ་ གཞི་བཙུགས་འབད་ཞིནམ་ལས་ དཔལ་འབྱོར་གྱི་ལས་སྣ་འདི་གིས་ རྒྱལ་ཡོངས་དང་རྒྱལ་སྤྱིའི་ནང་སྐྱོད་འབད་མི་ལུ་བརྟེན་ ལ་སེ་བཱ་འདི་ ཁྲོམ་ཚོགས་ལྟེ་བ་ཅིག་ལུ་འགྱུར་ཡོདཔ་ཨིན་མས། མི་རློབས་ཀྱི་ཐད་ཁར་ སྤྱི་ལོ་ ༢༠༢༣ ལུ་ ལ་སེ་བཱ་གི་མི་རློབས་འདི་ འབུམ་ ༢༣༢,༦༩༦ ལུ་ལྷོད་དེ་ཡོདཔ་དང་ ཧ་ལམ་འབུམ་ ༢༡༥,༩༧༣ དེ་ཅིག་ ཁྲོམ་ཚོགས་ནང་ལུ་སྡོད་དོ་ཡོདཔ་ཨིན་མས། དེ་ལས་ ཁྲོམ་ཚོགས་ཀྱི་མི་འབོར་ཞིབ་རྩིས་མ་འདྲཝ་ཚུ་ནང་ མི་རིགས་ཚུ་ཡང་ མཱེསི་ཊི་ཟོ་ (Mestizo) དང་ ཨེ་ཕཱོརོ་ཧཱོན་ཌུ་རན་ (Afro-Honduran) གི་མི་རིགས་ དེ་ལས་ ཕྱི་རྒྱལ་གྱི་མི་སྡེ་ཚུ་ཡང་ ཚུདཔ་ཨིན། དེ་བཟུམ་སྦེ་ ཁྲོམ་ཚོགས་ཀྱི་དུས་སྟོན་དང་ སྙན་ཆ་ དེ་ལས་ བཞེས་གོ་འབད་ནི་གི་ལམ་སྲོལ་ཚུ་བརྩིས་ཏེ་ ལམ་སྲོལ་སྣ་མང་སྦེ་ཡོདཔ་ཨིན་མས། ལ་སེ་བཱ་གི་མི་རློབས་འདི་ བཟོ་གྲྭ་ལས་སྡེ་གི་དོན་ལུ་ ལུང་ཕྱོགས་མ་འདྲཝ་ཚུ་ནང་ལས་ ལཱ་འབད་མི་ཚུ་འོང་བཅུག་སྟེ་ མི་རློབས་ཡར་སེང་འགྱོ་ནུག། ལ་སེ་བཱ་འདི་ ལམ་སྲོལ་གྱི་མཐོང་སྣང་ལུ་བརྟེན་ བརྩི་སྲུང་འབད་དོ་ཡོདཔ་ལས་ "སྐྱེ་ལྡན་ལྟ་བཤལ་གྱི་ལྟེ་བ་དང་ ཧོན་ཌུ་རས་གི་ཡན་ལག་ཟེར་བའི་ མིང་གཞན་ཚུ་ཐོབ་ནུག། ཁྲོམ་སྡེ་འདི་གིས་ ལོ་བསྟར་གྱི་ ལ་སེ་བཱ་དགའ་སྟོན་ཟེར་མི་ ལས་རིམ་འདི་ འགོ་འདྲེན་འཐབ་དོ་ཡོདཔ་དང་ དེ་ནང་ ཁྲོམ་སྐོར་དང་སྙན་ཆ་ དེ་ལས་ ཞབས་ཁྲ་ཚུ་འགོ་འདྲེན་འཐབ་སྟེ་ རྒྱལ་ཁབ་ནང་འཁོད་ལུ་ ལྟ་བཤལཔ་ཚུ་འོང་བཅུག་མི་ དུས་སྟོན་སྦོམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས། དེ་བཟུམ་སྦེ་ སྤྱི་ཟླ་ ༥ པའི་ གཟའ་སྤེནམ་ལུ་འགོ་འདྲེན་འཐབ་མི་ དུས་སྟོན་འདི་གིས་ ཁྲོམ་སྡེ་གི་ སྐྱབས་འཛིན་པ་ སེནཊ་ཨི་སི་ཌོར་ ལཱ་འབད་མི་ལུ་ གུས་བཏུད་ཞུ་དོ་ཡོདཔ་ཨིན་མས། དུས་སྟོན་འདི་ བདུན་ཕྲག་གཅིག་གི་ཧེ་མ་ལས་འགོ་བཙུགསཔ་ཨིནམ་དང་ ཁྱིམ་ཚང་ ཀཱར་ན་ཝ་ལི་ཊོརསེ (Carnavalitos) གིས་ ཨེ་ཝི་ནི་ཌ་ སན་ ཨའི་སེ་ཌོ (Avenida San Isidro) བདའ་སྟེ་ ཁྲོམ་སྐོར་སྦོམ་ཅིག་འགོ་འདྲེན་འཐབ་དོ་ཡོདཔ་ཨིན། ལས་རིམ་འདི་གིས་ ལྟ་བཤལཔ་སྟོང་ཕྲག་ ༥ ལྷགཔ་ཅིག་འོང་དོ་ཡོདཔ་ལས་ ཨ་མི་རི་ཀ་ལུ་ ལས་རིམ་སྦོམ་ཤོས་ཅིག་ཨིན་མས། དེ་དང་གཅིག་ཁར་ ལུང་ཕྱོགས་འདི་ནང་གཞི་ཆགས་མི་ ཨེ་ཕཱོརོ་ཀེ་རི་བི་ཡན་(Afro-Caribbean) གི་མི་བརྒྱུད་ གུ་རི་ཕཱུ་ན་ (Garífuna) མི་སྡེ་གིས་ ལམ་སྲོལ་ཚུ་ ཧེང་སྐལ་རང་ ཡར་དྲག་བཏང་ཡོདཔ་མ་ཚད་ ཁོང་གི་ལམ་སྲོལ་དང་སྙན་ཆ་ དེ་ལས་ བཞེས་གོ་ཚུ་གིས་ ལ་སེ་བཱ་གི་ལམ་སྲོལ་ངོ་རྟགས་ལུ་ ཕན་ཐོགས་སྦོམ་སྦེ་ར་བྱུང་དོ་ཡོདཔ་ཨིན་མས། ཁྲོམ་སྡེ་འདི་གི་བཟའ་འཐུང་གི་མཐོང་སྣང་འདི་ དམིགས་བསལ་གྱིས་ ཡོངས་གྲགས་་ཅན་གྱི་ བཱ་ལི་ཌསེ (Baleadas) ཟེར་མི་ ཧོན་ཌུ་རི་ཡན་གི་རང་ལུགས་བཟའ་འཐུང་འདི་ ཕྱེ་དང་ཕྱུར་བ་ དེ་ལས་ གཞན་མི་རྒྱུ་ཆ་ཚུ་བཙུགས་ཏེ་ བཀང་ཡོདཔ་ལས་ བཟའ་འཐུང་ཚུ་གི་གྲས་ལས་ ཡོངས་གྲགས་ཡོདཔ་ཨིན། ལ་སེ་བཱ་གི་དཔལ་འབྱོར་དེ་ སོ་ནམ་དང་བཟོ་གྲྭ་ དེ་ལས་ ལྟ་བཤལ་ཚུ་གིས་ ཕན་ཐོགས་སྦོམ་སྦེ་ར་བྱུང་ཡོདཔ་ཨིན། ཁྲོམ་འདི་ ཕྱིར་ཚོང་འཐབ་སའི་ མར་ཁུ་དང་ ངང་ལག་ དེ་ལས་ ཤིང་འབྲས་དང་ ཀོ་ཀོ་ནཱཊ་ དེ་ལས་ ཤིང་ཆས་ཚུ་ འཛིན་སྐྱོང་འཐབ་སའི་ ཚོང་འབྲེལ་གྱི་ལྟེ་བ་གཙོ་བོ་ཅིག་ཨིན་པས། ཌོ་ལི་ཟ་འཐུང་ལས་སྡེ་གི་ ཡན་ལག་ཅིག་ཨིན་མི་ ཚད་ལྡན་ཤིང་འབྲས་ལས་སྡེ་གིས་ ལུང་ཕྱོགས་ནང་ ལྕངམ་འཛུགས་སྐྱོང་སྦོམ་སྦེ་ར་ འབད་དོ་ཡོདཔ་ལས་ ཁྲོམ་སྡེ་ནང་ ཕྱིར་ཚོང་འཐབ་མི་ གཙོ་བོ་ཅིག་ ཕིན་ནཱལ་ཨིན་པས། དེ་ལས་ ལ་སེ་བཱ་ལུ་ ལྷམ་དང་ཨོམ་གི་ཐོན་སྐྱེད་ ཁང་ཆས་དང་བེམ་པོ་ ལྕགས་རིགས་དང་ཤོག་གུ་ དེ་ལས་ སྨན་རིགས་ཚུ་ བཟོ་སྐྲུན་འབད་མི་ བཟོ་གྲྭ་ཁང་མ་འདྲཝ་ཚུ་ཡང་ ཡོདཔ་ཨིན་པས། སྟེ་ གཅིག་འདི་ ཉ་བཟོ་གྲྭ་འདི་ ཁག་ཆེཝ་སྦེ་ ཡར་སེང་འགྱོ་སྟེ་ཡོདཔ་ལས་ དེ་དང་འབྲེལ་བའི་གཞི་རྟེན་མཐུན་རྐྱེན་ཚུ་ཡང་ གཞུང་གིས་ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན། དེ་དང་གཅིག་ཁར་ སྐྱེལ་འདྲེན་གྱི་ཞབས་ཏོག་འདི་ དོན་སྨིན་ཅན་སྦེ་ཕུལ་ནིའི་དོན་ལུ་ སྤྱི་ལོ་ ༢༠༢༤ ལུ་ ལུང་ཕྱོགས་ནང་འཁོད་ལུ་ འགྲུལ་སྐྱོད་ཀྱི་མཐུན་རྐྱེན་ཚུ་ མར་ཕབ་འབད་ནི་དང་ མཐུད་འབྲེལ་ཡར་དྲག་གཏང་ནི་གི་དོན་ལུ་ ཀི་ལོ་མི་ཊར་ ༡༦ འབད་མི་ མཐའ་འཁོར་གྱི་ལམ་ ( El Progreso) ཨི་ཨའི་ པཱོརོ་གེརསི་སོ་གི་ཟུར་ལམ་བཟོ་བསྐྲུན་འབད་ནི་འགོ་བཙུགས་ནུག། དེ་བཞིན་དུ་ གཞི་རྟེན་ལས་འགུལ་འདི་གིས་ ཉིན་བསྟར་གྱི་སྐྱེལ་འདྲེན་གྱི་དུས་ཚོད་དང་ ཟད་འགྲོ་ཚུ་མར་ཕབ་འབད་དེ་ ཧོན་ཌུ་རཱན་གྱི་མི་སེར་ ༧༥,༠༠༠ ལྷགཔ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་འདུག། རྒྱབ་རྟེན་དཔེ་དེབ། <references group="༡) རོ་སེན་ བཱརག་ ཨེམ་ (གནམ་ལོ་མེད ༡༩༨༦) ཧོན་ཌུ་རས་གི་ངོ་སྤྲོད། ཧོན་ཌུ་རས་གིས་ མ་འོངས་པའི་གནས་སྟངས་ལུ་གདོང་ལེན། གལ་ཆེ་བའི་གནད་དོན་ཚུ་གི་ཐོག་ལུ་ རྩོད་བསྡུར། དུས་དེབ ༡-༡༩། ༢) གཱོལཌ་ ཇེ་ཨེན་ (གནམ་ལོ་མེད ༢༠༠༩) ཧོན་ཌུ་རས་ཀྱི་ལམ་སྲོལ་དང་གོམས་གཤིས། ༣) ཝོ་གེལ་ ཨེཕ་ཨེཆ་ (གནམ་ལོ་མེད ༡༩༥༤) ཧོན་ཌུ་རས་ཀྱི་ནགས་ཚལ།" /> dxohpockqq7e4szj9xaszqyrnjori33