Wikipedia
dzwiki
https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D
MediaWiki 1.47.0-wmf.12
first-letter
Media
Special
Talk
User
User talk
Wikipedia
Wikipedia talk
File
File talk
MediaWiki
MediaWiki talk
Template
Template talk
Help
Help talk
Category
Category talk
TimedText
TimedText talk
Module
Module talk
Event
Event talk
རྣམ་དག་བདེ་ཆེན་ཞིང་གི་སྨོན་ལམ་རཱ་ག་ཨ་སྱས་མཛད་པ་བཞུགས་སོ།
0
4907
40060
40047
2026-07-28T11:36:48Z
Icodense
11926
Reverted edit by [[Special:Contributions/~2026-41137-39|~2026-41137-39]] ([[User talk:~2026-41137-39|talk]]) to last revision by [[User:Quinlan83|Quinlan83]]
29334
wikitext
text/x-wiki
<big>ཨེ་མ་ཧོ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །གྲངས་མེད་འཇིག་རྟེན་མང་པོའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །བདག་གི་ཆུ་བུར་མིག་གིས་མ་མཐོང་ཡང༌། །རང་སེམས་གསལ་བའི་ཡིད་ལ་ལམ་མེར་གསལ། །དེ་ན་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །པདྨ་རཱ་གའི་མདོག་ཅན་གཟི་བརྗིད་འབར། །དབུ་ལ་གཙུག་གཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱེད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་རྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་ཕྱག་གཡོན་པད་དཀར་འཛིན། །གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ། །སྔོན་པོ་རྡོ་རྗེས་མཚན་པའི་པདྨ་གཡོན། །གཡས་གཉིས་སྐྱབས་སྦྱིན་ཕྱག་རྒྱ་བདག་ལ་བསྟན། གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །བྱང་ཆུབ་སེམས་དཔའི་དགེ་སློང་བྱེ་བ་འབུམ། །ཀུན་ཀྱང་གསེར་མདོག་མཚན་དང་དཔེ་བྱད་བརྒྱན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སེར་ལྟེམ་མེ། །མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །བདག་གིས་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང༌། །ཡང་སྤྲུལ་ཨུ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ། །སེམས་ཅན་ཀུན་ལ་བརྩེ་བས་རྟག་ཏུ་གཟིགས། །སེམས་ཅན་ཀུན་གྱི་ཡིད་ལ་གང་དྲན་པའི། །རྣམ་རྟོག་གང་འགྱུ་རྟག་ཏུ་ཐུགས་ཀྱིས་མཁྱེན། །སེམས་ཅན་ཀུན་གྱིས་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཆོས་སྤངས་མཚམས་མེད་བྱས་པ་མ་གཏོགས་པ། །ཁྱེད་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན། །བདེ་བ་ཅན་དེར་སྐྱེ་བའི་སྨོན་ལམ་གྲུབ། །བར་དོར་བྱོན་ནས་ཞིང་དེར་འདྲེན་པར་གསུངས། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཁྱེད་ཀྱི་སྐུ་ཚེ་བསྐལ་པ་གྲངས་མེད་དུ། །མྱ་ངན་མི་འདའ་ད་ལྟར་མངོན་སུམ་བཞུགས། །ཁྱེད་ལ་རྩེ་གཅིག་གུས་པས་གསོལ་བཏབ་ན། །ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པའི། །ཚེ་ཟད་པ་ཡང་ལོ་བརྒྱ་ཐུབ་པ་དང༌། །དུས་མིན་འཆི་བ་མ་ལུས་བཟློག་པར་གསུངས། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་གྲངས་མེད་པ། །རིན་ཆེན་གྱིས་བཀང་སྦྱིན་པ་བྱིན་པ་བས། །འོད་དཔག་མེད་པའི་མཚན་དང་བདེ་བ་ཅན། །ཐོས་ནས་དད་པས་ཐལ་མོ་སྦྱར་བྱས་ན། །དེ་ནི་དེ་བས་བསོད་ནམས་ཆེ་བར་གསུངས། །དེ་ཕྱིར་འོད་དཔག་མེད་ལ་གུས་ཕྱག་འཚལ། །གང་ཞིག་འོད་དཔག་མེད་པའི་མཚན་ཐོས་ནས། །ཁ་ཞེ་མེད་པར་སྙིང་ཁོང་རུས་པའི་གཏིང༌། །ལན་ཅིག་ཙམ་ཞིག་དད་པ་སྐྱེས་པ་ན། །དེ་ནི་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །སངས་རྒྱས་འོད་དཔག་མེད་པའི་མཚན་ཐོས་ནས། །དེ་ནི་བྱང་ཆུབ་སྙིང་པོ་མ་ཐོབ་བར། །བུད་མེད་མི་སྐྱེ་རིགས་ནི་བཟང་པོར་སྐྱེ། །ཚེ་རབས་ཀུན་ཏུ་ཚུལ་ཁྲིམས་རྣམ་དག་འགྱུར། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་པའི་མཆོད་པ་ཅི་མཆིས་པ། །ཡིད་སྤྲུལ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན། །གདོད་ནས་གྲུབ་པ་སྟོང་གསུམ་འཇིག་རྟེན་གྱི། །གླིང་བཞི་རི་རབ་ཉི་ཟླ་བྱེ་བ་བརྒྱ། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ཐམས་ཅད་ཀུན། །བློ་ཡིས་བླངས་ཏེ་འོད་དཔག་མེད་ལ་འབུལ། །བདག་ལ་ཕན་ཕྱིར་ཐུགས་རྗེའི་སྟོབས་ཀྱིས་བཞེས། །ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱིས། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་བཅད་མ་བྱིན་བླངས་དང་མི་ཚངས་སྤྱོད། །ལུས་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ། །ངག་གི་མི་དགེ་བཞི་པོ་མཐོལ་ལོ་བཤགས། །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། །ཡིད་ཀྱི་མི་དགེ་གསུམ་པོ་མཐོལ་ལོ་བཤགས། །ཕ་མ་སློབ་དཔོན་དགྲ་བཅོམ་བསད་པ་དང༌། །རྒྱལ་བའི་སྐུ་ལ་ངན་སེམས་སྐྱེས་པ་དང༌། །མཚམས་མེད་ལྔ་ཡི་ལས་བསགས་མཐོལ་ལོ་བཤགས། །དགེ་སློང་དགེ་ཚུལ་བསད་དང་བཙུན་མ་ཕབ། །སྐུ་གཟུགས་མཆོད་རྟེན་ལྷ་ཁང་བཤིགས་ལ་སོགས། །ཉེ་བའི་མཚམས་མེད་སྡིག་བྱས་མཐོལ་ལོ་བཤགས། །དཀོན་མཆོག་ལྷ་ཁང་གསུང་རབ་རྟེན་གསུམ་སོགས། །དཔང་ཞེས་ཚད་བཙུགས་མནའ་ཟོས་ལ་སོགས་པ། །ཆོས་སྤངས་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །བྱང་ཆུབ་སེམས་དཔའ་རྣམས་ལ་སྐུར་པ་བཏབ། །དོན་མེད་སྡིག་ཆེན་བསགས་པ་མཐོལ་ལོ་བཤགས། །དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང༌། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚང་ཡིན་བསམས་པ། མཚམས་མེད་ལྔ་ལས་ཐུ་བའི་ལས་ངན་པ། །ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་སོར་བཤགས་ཉེས་བྱས་སྡེ་ཚན་ལྔ། །སོ་ཐར་ཚུལ་ཁྲིམས་འཆལ་པ་མཐོལ་ལོ་བཤགས། །ནག་པོའི་ཆོས་བཞི་ལྟུང་བ་ལྔ་ལྔ་བརྒྱད། །བྱང་སེམས་བསླབ་པ་ཉམས་པ་མཐོལ་ལོ་བཤགས། །རྩ་ལྟུང་བཅུ་བཞི་ཡན་ལག་སྦོམ་པོ་བརྒྱད། །གསང་སྔགས་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །སྡོམ་པ་མ་ཞུས་མི་དགེའི་ལས་བྱས་པ། །མི་ཚངས་སྤྱོད་དང་ཆང་འཐུང་ལ་སོགས་པ། །རང་བཞིན་ཁ་ན་མ་ཐོའི་སྡིག་པ་སྟེ། །སྡིག་པ་སྡིག་ཏུ་མ་ཤེས་མཐོལ་ལོ་བཤགས། །སྐྱབས་སྡོམ་དབང་བསྐུར་ལ་སོགས་ཐོབ་ན་ཡང༌། །དེ་ཡི་སྡོམ་པ་དམ་ཚིག་བསྲུང་མ་ཤེས། །བཅས་པའི་ལྟུང་བ་ཕོག་པ་མཐོལ་ལོ་བཤགས། །འགྱོད་པ་མེད་ན་བཤགས་པས་མི་འདག་པས། །སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོར་བཤགས། །ཕྱིན་ཆད་སྡོམ་སེམས་མེད་ན་མི་འདག་པས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནས་མི་བགྱིད་སེམས་ལ་དམ་བཅའ་བཟུང༌། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །དེ་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ༌། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ། །མི་དགེ་བཅུ་པོ་སྤངས་པ་དགེ་བ་བཅུ། །གཞན་གྱི་སྲོག་བསྐྱབ་སྦྱིན་པ་གཏོང་བ་དང༌། །སྡོམ་པ་སྲུང་ཞིང་བདེན་པར་སྨྲ་བ་དང༌། །འཁོན་པ་སྡུམ་དང་ཞི་དལ་དྲང་པོང་སྨྲ། །དོན་དང་ལྡན་པའི་གཏམ་བརྫོད་འདོད་པ་ཆུང༌། །དགེ་བ་དེ་རྣམས་ཀུན་ལ་ཡི་རང་ངོ༌། །ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོང་མ་ལོན་བར། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །མངོན་ཤེས་ཐུགས་ཀྱིས་དེ་དོན་མཁྱེན་པར་གསོལ། །སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་བདག་གི་དུས་གསུམ་དགེ་བ་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུག་གྱུར་ཅིག །དེ་ཡི་དགེ་བ་བདག་ལ་མྱུར་སྨིན་ནས། །ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གདྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་པའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང༌། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །མི་ནས་མི་རུ་སྐྱེ་ཆོག་ཀྱང༌། །སྐྱེ་རྒ་ན་འཆི་གྲངས་མེད་མྱོང༌། །དུས་ངན་སྙིགས་མར་བར་ཆད་མང༌། །མི་དང་ལྷ་ཡི་བདེ་སྐྱིད་འདི། །དུག་དང་འདྲེས་པའི་ཟས་བཞིན་དུ། །འདོད་པ་སྤུ་ཙམ་མེད་པར་ཤོག །ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཙམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཆེན་བཙོན་ནས་ཐར་པ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འབྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་པ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུད་ལ་བགྲོད་བྱས་ནས། བདེ་བ་ཅན་དུ་ཕྱིན་པར་ཤོག །དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །སྐྱེ་གནས་བཞི་ཡི་མཆོག་གྱུར་བ། །མེ་ཏོག་པདྨའི་སྙིང་པོ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །སྐད་ཅིག་ཉིད་ལ་ལུས་རྫོགས་ནས། །མཚན་དཔེ་ལྡན་པའི་ལུས་ཐོབ་ཤོག །མི་སྐྱེ་དོགས་པའི་ཐེ་ཚོམ་གྱིས། །ལོ་གྲངས་ལྔ་བརྒྱའི་བར་དག་ཏུ། །ནང་དེར་བདེ་སྐྱིད་ལོངས་སྤྱོད་ལྡན། །སངས་རྒྱས་གསུང་ནི་ཐོས་ན་ཡང༌། །མེ་ཏོག་ཁ་ནི་མི་བྱེ་བས། སངས་རྒྱས་ཞལ་མཇལ་ཕྱི་བའི་སྐྱོན། །དེ་འདྲ་བདག་ལ་མི་འབྱུང་ཤོག །སྐྱེ་མ་ཐག་ཏུ་མེ་ཏོག་བྱེ། །འོད་དཔག་མེད་པའི་ཞལ་མཐོང་ཤོག །བསོད་ནམས་སྟོབས་དང་རྫུ་འཕྲུལ་གྱིས། །ལག་པའི་མཐིལ་ནས་མཆོད་པའི་སྤྲིན། །བསམ་མི་ཁྱབ་པར་སྤྲོས་བྱས་ནས། །སངས་རྒྱས་འཁོར་བཅས་མཆོད་པར་ཤོག །དེ་ཚེ་དེ་བཞིན་གཤེགས་པ་དེས། །ཕྱག་གཡས་བརྐྱང་ནས་མགོ་ལ་བཞག །བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག །ཟབ་དང་རྒྱ་ཆེའི་ཆོས་ཐོས་ནས། །རང་རྒྱུད་སྨིན་ཅིང་གྲོལ་བར་ཤོག །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །རྒྱལ་སྲས་ཐུ་བོ་རྣམ་གཉིས་ཀྱིས། །བྱིནགྱིས་བརླབས་ཤིང་རྗེས་བཟུང་ཤོག །ཉིན་རེ་བཞིན་དུ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་དཔག་མེད་པ། །འོད་དཔག་མེད་པ་མཆོད་པ་དང༌། །ཞིང་དེར་བལྟ་ཕྱིར་འབྱོན་པའི་ཚེ། །དེ་དག་ཀུན་ལ་བསྙེན་བཀུར་ཞིང༌། །ཆོས་ཀྱི་བདུད་རྩི་ཐོབ་པར་ཤོག །རྫུ་འཕྲུལ་ཐོགས་མ་མེད་པ་ཡིས། །མངོན་དགའི་ཞིང་དང་དཔལ་ལྡན་ཞིང༌། །ལས་རབ་རྫོགས་དང་སྟུག་པོ་བཀོད། །སྔ་དྲོ་དེ་དག་རྣམས་སུ་འགྲོ། །མི་བསྐྱོད་རིན་འབྱུང་དོན་ཡོད་གྲུབ། །རྣམ་སྣང་ལ་སོགས་སངས་རྒྱས་ལ། །དབང་དང་བྱིན་རླབས་སྡོམ་པ་ཞུ། །མཆོད་པ་དུ་མས་མཆོད་བྱས་ནས། །དགོང་མོ་དེ་བ་ཅན་ཉིད་དུ། །དཀའ་ཚེགས་མེད་པར་སླེབ་པར་ཤོག །པོ་ཊ་ལ་དང་ལྕང་ལོ་ཅན། །རྔ་ཡབ་གླིང་དང་ཨོ་རྒྱན་ཡུལ། །སྤྲུལ་སྐུའི་ཞིང་ཁམས་བྱེ་བ་བརྒྱ། །སྤྱན་རས་གཟིགས་དང་སྒྲོལ་མ་དང༌། །ཕྱག་རྡོར་པད་འབྱུང་བྱེ་བ་བརྒྱ། །མཇལ་ཞིང་མཆོད་པ་རྒྱ་མཚོས་མཆོད། །དབང་དང་གདམས་ངག་ཟབ་མོ་ཞུ། །མྱུར་དུ་རང་གནས་བདེ་ཆེན་ཞིང༌། །ཐོགས་པ་མེད་པར་ཕྱིན་པར་ཤོག །ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང༌། །སྲུང་སྐྱོབ་བྱིན་གྱིས་རློབས་བྱེད་ཅིང༌། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །བསྐལ་བཟང་འདི་ཡི་བསྐལ་པའི་ཡུན། །བདེ་བ་ཅན་གྱི་ཞག་གཅིག་སྟེ། །བསྐལ་པ་གྲངས་མེད་འཆི་བ་མེད། །རྟག་ཏུ་ཞིང་དེར་འཛིན་པར་ཤོག །བྱམས་པ་ནས་བཟུང་མོས་པའི་བར། །བསྐལ་བཟང་འདི་ཡི་སངས་རྒྱས་རྣམས། །འཇིག་རྟེན་འདི་ན་ནམ་འབྱོན་ཚེ། །རྫུ་འཕྲུལ་སྟོབས་ཀྱིས་འདིར་འོངས་ནས། །སངས་རྒྱས་མཆོད་ཅིང་དམ་ཆོས་ཉན། །སླར་ཡང་བདེ་ཆེན་ཞིང་ཁམས་སུ། །ཐོགས་པ་མེད་པར་འགྲོ་བར་ཤོག །སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་ཀུན་གྱི། །ཡོན་ཏན་བཀོད་པ་ཐམས་ཅད་གཅིག་བསྡོམས་པ། །ཞིང་ཁམས་ཀུན་ལས་ཁྱད་འཕགས་བླ་ན་མེད། །བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །རིན་ཆེན་དུ་མ་ལས་གྲུབ་དཔག་བསམ་ཤིང༌། །ལོ་མ་དར་ཟབ་འབྲས་བུས་རིན་ཆེན་བརྒྱན། །དེ་སྟེང་སྤྲུལ་པའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་རྣམས་སྒྲོགས། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །སྤོས་ཆུའི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང༌། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་རྣམས། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨའི་དྲི་ཞིམ་འབྲས་བུར་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་པའི་སངས་རྒྱས་བརྒྱན། །ཡ་མཚན་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །མི་ཁོམ་བརྒྱད་དང་ངན་སོང་སྒྲ་མི་གྲགས། །ཉོན་མོངས་དུག་ལྔ་དུག་གསུམ་ནད་དང་གདོན། །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ། །སྡུག་བསྔལ་ཐམས་ཅད་ཞིང་དེར་ཐོས་མ་མྱོང༌། །བདེ་བ་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །བུད་མེད་མེད་ཅིང་མངལ་ནས་སྐྱེ་བ་མེད། །ཀུན་ཀྱང་མེ་ཏོག་པདྨའི་སྦུབས་ནས་འཁྲུངས། །ཐམས་ཅད་སྐུ་ལུས་ཁྱད་མེད་གསེར་གྱི་མདོག །དབུ་ལ་གཙུག་ཏོར་ལ་སོགས་མཚན་དཔེས་བརྒྱན། །མངོན་ཤེས་ལྔ་དང་སྤྱན་ལྔ་ཀུན་ལ་མངའ། །ཡོན་ཏན་དཔག་མེད་ཞིང་དེར་སྐྱེ་བར་ཤོག །རང་བྱུང་རིན་ཆེན་སྣ་ཚོགས་གཞལ་ཡས་ཁང༌། །ཅི་འདོད་ལོངས་སྤྱོད་ཡིད་ལ་དྲན་པས་འབྱུང༌། །རྩོལ་སྒྲུབ་མི་དགོས་དགོས་འདོད་ལྷུན་གྱིས་གྲུབ། །ང་ཁྱོད་མེད་ཅིང་བདག་ཏུ་འཛིན་པ་མེད། །གང་འདོད་མཆོད་སྤྲིན་ལག་པའི་མཐིལ་ནས་འབྱུང༌། །ཐམས་ཅད་བླ་མེད་ཐེག་ཆེན་ཆོས་ལ་སྤྲོད། །བདེ་སྐྱིད་ཀུན་འབྱུང་ཞིང་དེར་སྐྱེ་བར་ཤོག །དྲི་ཞིམ་རླུང་གིས་མེ་ཏོག་ཆང་ཆེན་འབེབས། །ཤིང་དང་ཆུ་ཀླུང་པདྨོ་ཐམས་ཅད་ལས། །ཡིད་དུ་འོང་གཟུགས་སྒྲ་དྲི་རོ་རེག །ལོངས་སྤྱོད་མཆོད་པའི་སྤྲིན་ཕུང་རྟག་ཏུ་འབྱུང༌། །བུད་མེད་མེད་ཀྱང་སྤྲུལ་པའི་ལྷ་མོའི་ཚོགས། །མཆོད་པའི་ལྷ་མོ་དུ་མས་རྟག་ཏུ་མཆོད། །འདུག་བར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང༌། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང༌། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །བྱ་དང་ལྗོན་ཤིང་ཆུ་ཀླུང་རོལ་མོ་སོགས། །ཐོས་བར་འདོད་ཚེ་སྙན་པའི་ཆོས་སྒྲ་སྒྲོགས། །མི་འདོད་ཚེ་ན་རྣ་བར་སྒྲ་མི་གྲགས། །བདུད་རྩིའི་རྗིང་བུ་ཆུ་ཀླུང་དེ་རྣམས་ཀྱང༌། །དྲོ་གྲང་གང་འདོད་དེ་ལ་དེ་ལྟར་འབྱུང༌། །ཡིད་བཞིན་འགྲུབ་པའི་ཞིང་དེར་སྐྱེ་བར་ཤོག །ཞིང་དེར་རྫོགས་པའི་སངས་རྒྱས་འོད་དཔག་མེད། །བསྐལ་པ་གྲངས་མེད་མྱ་ངན་མི་འདའ་བཞུགས། །དེ་སྲིད་དེ་ཡི་ཞབས་འབྲིང་བྱེད་པར་ཤོག །ནམ་ཞིག་འོད་དཔག་མེད་དེ་ཞི་བར་གཤེགས། །བསྐལ་པ་གདྒཱའི་ཀླུང་གི་བྱེ་མ་སྙེད། །གཉིས་ཀྱི་བར་དུ་བསྟན་པ་གནས་པའི་ཚེ། །རྒྱལ་ཚབ་སྤྱན་རས་གཟིགས་དང་མི་འབྲལ་ཞིང༌། །དེ་ཡི་ཡུན་ལ་དམ་ཆོས་འཛིན་པར་ཤོག །སྲོད་ལ་དམ་ཆོས་ནུབ་པའི་ཐོ་རངས་ལ། །སྤྱན་རས་གཟིགས་དེ་མངོན་པར་སངས་རྒྱས་ནས། །སངས་རྒྱས་འོད་ཟེར་ཀུན་ནས་འཕགས་པ་ཡི། །དཔལ་བརྩེགས་རྒྱལ་པོ་ཞེས་བྱར་གྱུར་པའི་ཚེ། །ཞལ་ཏ་མཆོད་ཅིང་དམ་ཆོས་ཉན་པར་ཤོག །སྐུ་ཚེ་བསྐལ་པ་བྱེ་བ་ཁྲག་ཁྲིག་ནི། །འབུམ་ཕྲག་དྲུག་ཅུ་རྩ་དྲུག་བཞུགས་པའི་ཚེ། །རྟག་ཏུ་ཞབས་འབྲིང་བསྙེན་བཀུར་བྱེེད་པ་དང༌། །མི་བརྗེད་གཟུངས་ཀྱིས་དམ་ཆོས་འཛིན་པར་ཤོག །མྱ་ངན་འདས་ནས་དེ་ཡི་བསྟན་པ་ནི། །བསྐལ་པ་དུང་ཕྱུར་དྲུག་དང་བྱེ་བ་ཕྲག །འབུམ་ཕྲག་གསུམ་གནས་དེ་ཚེ་ཆོས་འཛིན་ཅིང༌། །མཐུ་ཆེན་ཐོབ་དང་རྟག་ཏུ་མི་འབྲལ་ཤོག །དེ་ནས་མཐུ་ཆེན་ཐོབ་དེ་སངས་རྒྱས་ནས། །དེ་བཞིན་གཤེགས་པ་རབ་ཏུ་བརྟན་པ་ནི། །ཡོན་ཏན་ནོར་བུ་བརྩེགས་པའི་རྒྱལ་པོར་གྱུར། །སྐུ་ཚེ་བསྟན་པ་སྤྱན་རས་གཟིགས་དང་མཉམ། །སངས་རྒྱས་དེ་ཡི་རྟག་ཏུ་ཞབས་འབྲིང་བྱེད། །མཆོད་པས་མཆོད་ཅིང་དམ་ཆོས་ཀུན་འཛིན་ཤོག །དེ་ནས་བདག་གི་ཚེ་འདི་བརྗེས་མ་ཐག །ཞིང་ཁམས་དེ་འམ་དག་པའི་ཞིང་གཞན་དུ། །བླ་མེད་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །རྫོགས་སངས་རྒྱས་ནས་ཚེ་དཔག་མེད་པ་ལྟར། །མཚན་ཐོས་ཙམ་གྱིས་འགྲོ་ཀུན་སྨིན་ཅིང་གྲོལ། །སྤྲུལ་པ་གྲངས་མེད་འགྲོ་བ་འདྲེན་པ་སོགས། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་ཤོག །དེ་བཞིན་གཤེགས་པའི་ཚེ་དང་བསོད་ནམས་དང༌། །ཡོན་ཏན་ཡེ་ཤེས་གཟི་བརྗིད་ཚད་མེད་པ། །ཆོས་སྐུ་སྣང་བ་མཐའ་ཡས་འོད་དཔག་མེད། །ཚེ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས། །གང་ཞིག་ཁྱོད་ཀྱི་མཚན་ནི་སུས་འཛིན་པ། །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པ། །མེ་ཆུ་དུག་མཚོན་གནོད་སྦྱིན་སྲིན་པོ་སོགས། །འཇིག་པ་ཀུན་ལས་སྐྱོབ་པར་ཐུབ་པས་གསུངས། །བདག་ནི་ཁྱེད་ཀྱི་མཚན་འཛིན་ཕྱག་འཚལ་བས། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་མཛད་གསོལ། །བཀྲ་ཤིས་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་འགྲུབ་པར་ཤོག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏཏྱ་ཐཱ། །པཉྩནྡྲི་ཡ་ཨ་ཝབོ་དྷ་ནཱ་ཡ་སྭཱ་ཧཱ། །སྨོན་ལམ་འགྲུབ་པའི་གཟུངས་སོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་མཉྫུ་ཤྲཱི་ཡེ། །ན་མོཿསུཤྲཱི་ཡེ། །ན་མོ་ཨུཏྟ་མ་ཤྲཱི་ཡེ་སྭཱ་ཧཱ།། ཞེས་བརྗོད་ནས་ཕྱག་གསུམ་འཚལ་ན་འབུམ་ཐེར་དུ་འགྱུར་བར་གསུངས།</big>
<sub>འདི་ཉིད་ཆག་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །མང་པོ་འགའ་ལ་ཨེ་ཕན་བསམ། །དཔེ་གཅོད་འདོད་མི་གདའ་ན་གཡོར། །འདི་ལས་ཕན་ཡོན་ཆེ་བ་མེད། །འདི་ལས་ཟབ་པའི་གདམས་ངག་མེད། །ང་ཡི་ཆོས་ཀྱི་རྩ་བ་ཡིན། །རང་གང་མ་སྐྱུར་ཉམས་ལེན་འབུང༌། འདི་ནི་མདོ་ལུགས་ཡིན་པའི་ཕྱིར། །ལུང་མ་ཐོབ་ཀྱང་འདོན་ནི་རུང༌།</sub>
top1slgswzbwclqy0h7284ytw3dou47
མོན་ཊེ་རི་ཁྲོམ།
0
8785
40059
39117
2026-07-27T22:39:12Z
InternetArchiveBot
8206
Rescuing 1 sources and tagging 0 as dead.) #IABot (v2.0.9.5
40059
wikitext
text/x-wiki
'''མོན་ཊེ་རི་ཁྲོམ་ཚོགས་ཀྱི་སྐོར།'''
[[File:Monterrey metro area.png|thumb|291x291px|མོན་ཊེ་གི་ས་ཁྲ།]]
མོན་ཊེ་རི་འདི་ བྱང་ཤར་མེག་སི་ཀོ་གི་ཁྲོམ་ཚོགས་སྦོམ་ཅིག་ཨིནམ་དང་ ནིའུ་ཝོ་ལི་ཝོན་ (Nuevo Leon) གྱི་རྒྱལ་ས་ལྟེ་བ་ཅིག་ཨིན། ཡུ་ཨེས་ཀྱི་ས་མཚམས་ ཊེག་སིས་ (Taxes) ལུ་ ནུབ་ཁ་ཐུག་ལུ་ མའིལ་ ༡༠༠ དེ་ཅིག་ (ཀི་ལོ་མི་ཊར་༡༦༠) གི་ས་གནས་ སི་ར་ མཱ་ཌི་ཨོ་རེན་ཊལ་ Sierra Madre Oriental གངས་རི་གི་ མཐའ་མར་ཆགས་ཡོདཔ་ཨིན། ཁྲོམ་ཚོགས་འདི་ མཚོ་ཡི་མཐོ་ཚད་ལས་ མཐོ་ཚད་མི་ཊར་ ༥༤༠ ༼ཕིཊ་༡༧༧༠༽ གི་མཐོ་ཚད་ལུ་སྡོད་ནུག། མོན་ཊེ་རི་གིས་ ཀི་ལོ་མི་ཊར་གྲུ་བཞི་ ༣༢༥ དེ་ཅིག་གི་ས་ཁར་ (མའིལ་གྲུ་བཞི་༡༢༥) ཁྱབ་ཡོདཔ་ཨིན། མོན་ཊེ་རི་ལུ་ཡོད་པའི་གནམ་གཤིས་འདི་གནམ་བྱཱར་གྱི་དུས་ཚོད་ཚ་དྲོད་དང་ གནམ་དགུན་འདི་ ཉམས་ཆུང་སྦེ་ཡོདཔ་ཨིན། དྲོད་ཚད་འདི་ ལོ་གཅིག་གི་རིང་ལུ་ ཁྱད་པར་ཆེན་པོ་ཡོདཔ་ད་ སྤྱིར་སྙོམས་ལུ་ སྤྱིར་སྙོམས་ལུ་ མཐོ་ཚད་འདི་ ༩༧°F (༣༦°C) ལུ་ལྷོདཔ་ད་ གནམ་བྱཱར་ལུ་ སྤྱིར་སྙོམས་ལུ་ དྲོད་ཚད་ ༥༠°F (༡༠°C) ལུ་མར་ཕབ་འགྱོཝ་ཨིན། ཆརཔ་འདི་ སྤྱིར་བཏང་ལུ་ དཀོན་དྲགས་ཅིག་ཨིནམ་ལས་ གཙོ་བོ་ར་ གནམ་བྱཱར་གྱི་དུས་ཚོད་ལུ་ འབྱུང་དོ་ཡོདཔ་ཨིན།<ref>https://mexicodave.com/monterrey-travel
</ref>
'''མི་རློབས་དང་མི་གི་རིགས།'''
སྤྱི་ལོ་ ༢༠༢༠ ལུ་ མེག་སི་ཀོ་ལུ་ཡོད་པའི་ ནིའུ་ཝོ་ལི་ཨོན་ (Nuevo León) གྱི་རྒྱལ་ས་ལྟེ་བ་ མོན་ཊེ་རི་ལུ་ ཁྲོམ་ཚོགས་ཀྱི་མི་རློབས་༡,༡༤༢༩༤ དེ་ཅིག་ཡོདཔ་ཨིན། མི་རློབས་འདི་ ཕོ་མོ་གི་བར་ན་ ཧ་ལམ་འདྲ་མཉམ་སྦེ་ཡོདཔ་ད་ ཨམ་སྲུ་བརྒྱ་ཆ་༥༠.༦ དང་ ཕོ་སྐྱེས་བརྒྱ་ཆ་༤༩.༤ ཡོདཔ་ཨིན། མི་རིགས་ཀྱི་ཐད་ལས་ མོན་ཊེ་རི་གི་མི་མང་ཤོས་ཅིག་རང་ mestizos དང་ ས་གནས་ཀྱི་མི་ཁུངས་དང་ Europe གི་མི་རྒྱུད་སླ་བསྲེ་སྟེ་ཡོདཔ་ལས་ མེག་སི་ཀོ་གི་མི་འབོར་ཞིབ་རྩིས་ཀྱི་ འགྲོས་ཚུ་ གསལ་སྟོན་འབདཝ་ཨིན་པས། མོན་ཊེ་རི་ཡོད་སའི་ ནིའུ་ཝོ་ལི་ཨོན་ (Nuevo León) མངའ་སྡེ་ནང་ལུ་ མི་རློབས་བརྒྱ་ཆ་༧༥དང་ཚག་༥དེ་ཅིག་གིས་ སླ་བསྲེ་རྐྱབ་སྟེ་ཡོདཔ་སྦེ་ཨིན་པས། འ་ནཱི་རྩོམ་བྲིས་འདི་གིས་ ལུང་ཕྱོགས་འདི་ནང་ ལམ་སྲོལ་སླ་བསྲེ་དང་ གཅིག་ཁར་བསྡོམས་ནི་གི་ བྱུང་རབས་ཚུ་ གསལ་སྟོན་འབདཝ་ཨིན།
'''གཞུང་སྐྱོང་ལམ་ལུགས།'''
མོན་ཊེ་རི་འདི་ དམངས་གཙོའི་ཐོག་ལས་ བཙག་འཐུ་གྲུབ་པའི་ ཁྲོམ་དཔོན་ (Presinate ཁྲོམ་སྡེ་) གིས་ འགོ་འཁྲིད་འབད་དེ་ ལོ་གསུམ་གྱི་རིང་ལུ་ ཕྱག་ཞུ་མི་ ཁྲོམ་སྡེ་གཞུང་གི་ལམ་ལུགས་ཅིག་ཨིན། ཁྲོམ་དཔོན་གྱིས་ ཁྲོམ་སྡེ་ཚོགས་སྡེ་ (Cabildo de Monterrey) འདི་ ཚོགས་སྡེའི་འཐུས་མི་ (Regidores) དང་ བློ་གཏད་ཅན་ (Síndicos) ཚུ་ ལྟ་རྟོག་འབདཝ་ཨིན། ཚོགས་སྡེ་ཚུ་གིས་ མི་སྡེ་གི་ངོ་ཚབ་དང་ ཁྲོམ་སྡེའི་སྲིད་བྱུས་ཚུ་ བཟོ་ནི་ལུ་ ཕན་ཐོགས་དོ་ཡོདཔ་ད་ བློ་གཏད་ཅན་ཚུ་གིས་ ཁྲོམ་སྡེ་གི་ཁྲིམས་མཐུན་དང་ དངུལ་འབྲེལ་གྱི་ཁེ་ཕན་ཚུ་ ཉེན་སྲུང་འབད་ནི་ལུ་ འགན་ཁུར་འབགཔ་ཨིན། མོན་ཊེ་རི་ལུ་ སྲིད་དོན་ཚོགས་པ་ལེ་ཤ་ཅིག་ ལཱ་འབད་དོ་ཡོདཔ་ད་ དེ་ཡང་ གཙུག་སྡེའི་གསར་བསྐྲུན་ཚོགས་པ་ (PRI) དང་ རྒྱལ་ཡོངས་ལས་རིམ་ཚོགས་པ་ དེ་ལས་ མི་སེར་གྱི་ལས་འགུལ་ (Movimientto Ciudadano) དང་ གཞན་མི་ཚུ་གིས་ སྲིད་དོན་གྱི་མཐའ་འཁོར་མ་འདྲཝ་ཚུ་ གསལ་སྟོན་འབདཝ་ཨིན།<ref>https://www.indigenousmexico.org/articles/indigenous-nuevo-leon-land-of-the-coahuiltecans</ref>
'''སྐད་ཡིག་དང་ལམ་སྲོལ།'''
མོན་ཊེ་རི་ལུ་ཡོད་མི་ཚུ་གིས་ མང་ཤོས་ཅིག་ར་ ཨིསི་པེ་ནིཤ་སླབ་དོ་ཡོདཔ་ཨིན་རུང་ མང་ཤོས་ཅིག་གིས་རང་ རྒྱལ་སྤྱིའི་ལས་སྡེ་ཚུ་ལས་བརྟེན་ཏེ་ ལཱ་གཡོག་དང་སློབ་གྲྭ་ཚུ་ནང་ ཨིང་སྐད་དང་ཀོ་རི་ཡའི་སྐད་ཡིག་ཡང་ ལག་ལེན་འཐབ་ཨིན། མོན་ཊེ་རི་ལུ་ཡོད་པའི་ལམ་སྲོལ་འདི་ Mexican གི་ལམ་སྲོལ་དང་ དེང་སང་གི་མི་ཚེ་ཚུ་ སླ་བསྲེ་རྐྱབ་སྟེ་ཡོདཔ་ཨིན། སྙན་ཆ་འདི་ གནམ་མེད་ས་མེད་ཁག་ཆེཝ་ཅིག་ཨིནམ་ལས་ མི་ཚུ་གིས་ norteño དང་ ས་གནས་ཀྱི་ཁྱིམ་ཚང་ཚུ་ནང་ འགོ་བཙུགས་མི་ cumbia rebajada ཟེར་མི་ གཅུས་གཟེར་གྱི་ ཐོན་རིམ་ཚུ་ སྤྲོ་བ་བསྐྱེདཔ་ཨིན། མོན་ཊེ་རི་ལུ་ MARCO བཟུམ་གྱི་ སྒྱུ་རྩལ་འགྲེམས་སྟོན་ཁང་ཚུ་ཡང་ཡོདཔ་ད་ དེ་ནང་ མེག་སི་ཀོ་དང་ འཛམ་གླིང་ནང་ སྒྱུ་རྩལ་ཚུ་ སྟོན་དོ་ཡོདཔ་ཨིན་པས། མོན་ཊེ་རི་གི་མི་ཚུ་གིས་ “Regios” ཟེར་སླབ་མི་འདི་ ཁོང་རའི་ཁྲོམ་ཚོགས་ནང་ལུ་ བྱུང་རབས་དང་ བསམ་འཆར་གསརཔ་ཚུ་ སླ་བསྲེ་རྐྱབ་མི་ལུ་ ངལ་རངས་ཡོདཔ་ཨིན།<ref>https://web.archive.org/web/20260414061440/https://www.protocolww.com/monterrey-mexico-intercultural-communication-international-etiquette/</ref>
'''དཔལ་འབྱོར་དང་ཚོང་འབྲེལ།'''
མོན་ཊེ་རི་འདི་ བཟོ་གྲྭ་དང་དཔལ་འབྱོར་གྱི་ལྟེ་བ་གཙོ་བོ་ཅིག་ཨིན། བཟོ་སྐྲུན་ལས་སྡེ་སྒྲིང་སྒྲི་ཡོདཔ་ལས་ ལྕགས་དང་ སྣུམ་འཁོར་གྱི་ཆ་ཤས་ གློག་རིག་ དེ་ལས་ ཟ་འཐུང་གི་ཐོན་སྐྱེད་ཚུ་ བཟོ་སྐྲུན་འབདཝ་ཨིན་པས། ཁྲོམ་སྡེ་འདི་ནང་ རིག་རྩལ་ཅན་གྱི་ལཱ་འབད་མི་ཚུ་ཡང་ཡོདཔ་ད་ གཙུག་ལག་སློབ་སྡེ་ལེ་ཤ་ཅིག་གིས་ རྒྱབ་སྐྱོར་འབད་དེ་ཡོདཔ་ད་ དེ་ཡང་ མོན་ཊར་རི་འཕྲུལ་རིག་དང་མཐོ་རིམ་ཤེས་ཡོན་སྤེལ་ཁང་གིས་ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་པས། འཕྲལ་ཁམས་ཅིག་གི་ལོ་ཚུ་ནང་ མོན་ཊེ་རི་གིས་ ཝོལ་བོ་ (Volvo) ལས་ ལས་འགུལ་ ཡུ་ཨེས་དྲོ་ལར་ས་ཡ་ ༧༠༠ བཟུམ་སྦེ་ ཕྱི་རྒྱལ་གྱི་མ་རྩ་གཞི་བཙུགས་འབད་མི་འདི་ འཐོབ་ཚུགས་དོ་ཡོདཔ་ད་ དེ་ཡང་ ཚོང་འབྲེལ་གྱི་མཐའ་འཁོར་དང་ དེང་སང་གི་མཐུན་རྐྱེན་ཚུ་ལས་བརྟེན་ཏེ་ཨིན་པས།
རྒྱལ་སྤྱིའི་ཚོང་འབྲེལ་ནང་ མོན་ཊེ་རི་གིས་ དམིགས་བསལ་གྱིས་ ཡུ་ཨེས་ལུ་ འགན་ཁུར་གཙོ་བོ་ཅིག་ འབགཔ་ཨིན། སྤྱི་ལོ་༢༠༢༤ སྤྱི་ཟླ་༡༡ པའི་ནང་ ཁྲོམ་སྡེ་གིས་ ཡུ་ཨེས་དྲོ་ལར་ཐེར་འབུམ་༥.༥༢ འབད་མི་ ཅ་ཆས་ཚུ་ གཙོ་བོ་ ཡུ་ཨེས་དང་ ཀེ་ནེ་ཌ་ དེ་ལས་ བཱ་རཱ་ཟིལ་ལུ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས། ཕྱིར་གཏོང་མཐོ་ཤོས་ནང་ གནས་སྡུད་བཟོ་སྦྱོར་འཕྲུལ་ཆས་དང་ སྣུམ་འཁོར་གྱི་ཆ་ཤས་ དེ་ལས་ གློག་ཐག་ཚུ་ཚུདཔ་ཨིན། ད་རུང་ ས་གནས་ཀྱི་གཙུག་ལག་སློབ་སྡེ་དང་ཚོང་འབྲེལ་གྱི་བར་ན་ མཉམ་འབྲེལ་འབད་མི་འདི་གིས་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ ཤེས་ཡོན་ཡར་དྲག་བཏང་སྟེ་ སློབ་ཕྲུག་ཚུ་ལུ་ བཅའ་སྒྲིག་དང་ལམ་སྲོལ་ནང་ ལཱ་གཡོག་གི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།<ref>https://vynmsa.com/en/blog/manufacturing-in-monterrey/</ref>
'''དཀའ་ངལ་དང་གདོང་ལེན།'''
མོན་ཊེ་རི་ལུ་ དམིགས་བསལ་གྱིས་ ཆུ་མ་ལང་པའི་དཀའ་ངལ་དང་ མི་རློབས་མགྱོགས་དྲགས་སྦེ་ ཡར་སེང་འགྱོ་མི་ དེ་ལས་ བཟོ་གྲྭའི་དགོས་མཁོ་ཚུ་ལས་བརྟེན་ཏེ་ གདོང་ལེན་སྦོམ་སྦེ་ར་ འབྱུང་དོ་ཡོདཔ་ཨིན། ཁྲོམ་སྡེ་ནང་ ཆུ་མ་ལང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཡོདཔ་ལས་ བར་མཚམས་ལུ་ བཀྲམ་སྤེལ་དང་ ཆུ་རླངས་ཚུ་ བཀྲམ་སྤེལ་འབད་ནི་ལུ་ བརྟེན་དོ་ཡོདཔ་ཨིན་པས། འདི་སེལ་ཐབས་ལུ་ དབང་འཛིན་ཚུ་གིས་ ཆུ་ལམ་ལུགས་ནང་ གནོན་ཤུགས་ཀྱི་ ལམ་ལུགས་དང་ ཆུ་དོང་གསརཔ་རྐྱབ་ནི་ དེ་ལས་ ཆུ་ཉམས་སྲུང་གི་ ལམ་ལུགས་ཚུ་ ཡར་དྲག་གཏང་ནི་བཟུམ་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་ཨིན་པས། ཆར་ཆུ་བསྡུ་བསྒྱོམ་དང་ འཐུང་ཆུ་མེན་པའི་ལག་ལེན་ཚུ་ གསར་གཏོད་ཀྱི་ཐབས་ཤེས་ཚུ་ཡང་ འཚོལ་ཞིབ་འབད་དོ་ཡོདཔ་ད་ ཆུ་བཀྲམ་སྤེལ་འབད་ནི་ལུ་ ལྷན་ཐབས་འབད་ནི་གི་དོན་ལུ་ཨིན་པས། ད་རུང་ རང་བཞིན་གྱི་ཆུ་གཡུར་དང་ ནགས་ཚལ་ཚུ་ ཆུ་བླུག་ནི་ལུ་ ཁག་ཆེ་བའི་ ནགས་ཚལ་ཚུ་ ཉམས་སྲུང་དང་ ཉམས་གསོ་འབད་ནི་གི་དོན་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ཨིན། མཉམ་སྡེབ་ཀྱི་ཐབས་བྱུས་ཚུ་གིས་ ཆུའི་དཀའ་ངལ་མར་ཕབ་འབད་ནི་དང་ མོན་ཊར་རི་ལུ་ མ་འོངས་ཡུན་བརྟན་བཟོ་ནི་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།<ref>https://abereus.net/en/story-tuesday/conserving-water-in-monterrey-mexico/</ref><ref name=":0">https://news.mongabay.com/2022/08/climate-change-hits-northern-mexico-as-officials-look-to-solve-water-crisis/</ref>
'''མངའ་སྡེའི་སྐོར།'''
མོན་ཊེ་རི་འདི་ མངའ་སྡེ་མེན་པར་ཁྲོམ་ཚོགས་ཅིག་ཨིན། འདི་ཡང་ མེག་སི་ཀོ་གི་མངའ་སྡེ་ Nuevo Leon གྱི་རྒྱལ་ས་ལྟེ་བ་ཨིན། ནུ་ཝོ་ལིའོན་འདི་ མེག་སི་ཀོ་གི་ སྤྱི་མཐུན་ལས་སྡེ་༣༢ ལས་གཅིག་ཨིནམ་ད་ དེ་ནང་ མངའ་སྡེ་༣༡ དང་ མེག་སི་ཀོ་ཁྲོམ་ཚོགས་ཚུ་ཨིན་པས།
'''མཇུག་སྡུད།'''
མོན་ཊེ་རི་འདི་ མེག་སི་ཀོ་གི་ དཔལ་འབྱོར་དང་ དེང་སང་གི་བཟོ་གྲྭ་ དེ་ལས་ ཤེས་ཡོན་ལེགས་ཤོམ་ཡོད་མི་ཚུ་གི་དོན་ལུ་ གལ་ཆེ་ཤོས་ཅིག་ཨིན། དེ་ཡང་ དམིགས་བསལ་གྱིས་ ཡུ་ཨེས་དང་ ལས་སྡེ་སྦོམ་ལེ་ཤ་ཅིག་གི་ ཚོང་འབྲེལ་གྱི་ལྟེ་བ་ཅིག་ཨིན། ཁྲོམ་སྡེ་འདི་ནང་ ཆུ་མ་ལང་པའི་དཀའ་ངལ་ཚུ་ འབྱུང་སྟེ་ཡོད་རུང་ ས་གནས་ཀྱི་འགོ་ཁྲིདཔ་དང་ མི་སྡེ་ཚུ་གིས་ ཐབས་ཤེས་ལེགས་ཤོམ་བཟོ་ནི་ལུ་ ལཱ་འབད་དོ་ཡོདཔ་ཨིན། རིག་རྩལ་ཅན་གྱི་མི་དང་ ཚོང་འབྲེལ་ཡར་རྒྱས་འགྱོ་མི་ དེ་ལས་ འཛམ་གླིང་ནང་ འབྲེལ་བ་སྒྲིང་སྒྲི་ཡོད་མི་ཚུ་གིས་ མོན་ཊེ་རི་གིས་ ཡར་རྒྱས་འགྱོ་སྟེ་ ཡར་དྲག་གཏང་དོ་ཡོདཔ་ཨིན་པས།<ref name=":0" />
'''རྒྱབ་རྟེན། (References)'''
<references />
d9ks5z74y12digtpgm2h5h4x341rvgr