Wikipedia
dzwiki
https://dz.wikipedia.org/wiki/%E0%BD%98%E0%BC%8B%E0%BD%A4%E0%BD%BC%E0%BD%82%E0%BC%8D
MediaWiki 1.47.0-wmf.17
first-letter
Media
Special
Talk
User
User talk
Wikipedia
Wikipedia talk
File
File talk
MediaWiki
MediaWiki talk
Template
Template talk
Help
Help talk
Category
Category talk
TimedText
TimedText talk
Module
Module talk
Event
Event talk
User:Berijigmey
2
9197
40128
2026-08-26T23:10:08Z
Berijigmey
13853
[རྫོགས་ཆེན་ཤྲཱི་སེངྷ་བཤད་གྲྭ་བཙུགས་ནས་ལོ་ངོ་ཉིས་བརྒྱ་འཁོར་བའི་རྗེས་དྲན་དུ་ཕུལ་བ།] —བེ་རི་འཇིགས་མེད།
40128
wikitext
text/x-wiki
རྗེས་དྲན་དད་པའི་གདུང་དབྱངས།
[རྫོགས་ཆེན་ཤྲཱི་སེངྷ་བཤད་གྲྭ་བཙུགས་ནས་ལོ་ངོ་ཉིས་བརྒྱ་འཁོར་བའི་རྗེས་དྲན་དུ་ཕུལ་བ།]
—བེ་རི་འཇིགས་མེད།
༡༽
ཤར་ཕྱོགས་མདོ་ཁམས་རུ་དམ་ཞེས་གྲགས་ཁ་བས་མཛེས་པའི་ལྗོངས་དེ་ན།།
གྲུབ་པའི་གནས་མཆོག་ཟངས་མདོག་དཔལ་རིའི་ཞིང་ཁམས་གཉིས་པ་ལྟ་བུ་རུ།།
རྫོགས་ཆེན་དགོན་གྱི་རི་བོ་ཉམས་དགའ་གསེར་གྱི་ལྷུན་པོ་བཞིན་དུ་འབར།།
སྣོད་བཅུད་བཀོད་པ་བླ་ན་མེད་པའི་དཔལ་ལ་སྙིང་ནས་གུས་འདུད་ཞུ།།
༢༽
ལོ་རྒྱུས་ཆུ་རྒྱུན་རིང་མོའི་ཁྲོད་ནས་དཀོན་མཆོག་བསྟན་པའི་སྒྲོན་མེ་མཆོག།
རྒྱལ་སྲས་གཞན་ཕན་མཐའ་ཡས་ཞབས་ཀྱིས་བཤད་གྲྭའི་རྨང་གཞི་ཐོག་མར་བཏིངས།།
ཤྲཱི་སེང་ཆོས་ཀྱི་ལྡུམ་ར་ཆེན་པོ་མི་ཡི་ཡུལ་དུ་གསར་དུ་བསྐྲུན།།
ལུང་རྟོགས་ཆོས་ཀྱི་སྦྲང་རྩི་མངར་མོ་ཕྱོགས་བཅུའི་བུ་སློབ་རྣམས་ལ་སྦྱིན།།
༣༽
དུས་ཀྱི་འཁོར་ལོ་རིམ་པར་བགྲོད་དེ་དགེ་བའི་མི་ལོ་ཉིས་བརྒྱའི་དཔལ།།
མི་ཉམས་རྒྱུད་འཛིན་བརྟན་པོར་གནས་པའི་རྗེས་དྲན་དགའ་སྟོན་ཆེན་མོ་འདིར།།
འཛམ་གླིང་ཡངས་པའི་རྒྱལ་ཁམས་ཀུན་ཏུ་བསྟན་པའི་བ་དན་མཐོན་པོར་བསྒྲེངས།།
མཁས་གྲུབ་སྐྱེས་ཆེན་བྱེ་བའི་བསྟི་གནས་བཤད་གྲྭ་ཆེན་མོར་གུས་ཕྱག་འཚལ།།
༤༽
གངས་རིའི་ར་བས་མཐའ་ནས་བསྐོར་ཞིང་ནགས་ཚལ་སྟུག་པོ་ལྗང་གུར་མཛེས།།
ལྷུང་ལྷུང་འབབ་པའི་གཙང་ཆབ་སྔོན་མོས་ཞི་བའི་དབྱངས་སྙན་ལྷང་ལྷང་སྒྲོག།
སྒྲུབ་པའི་གནས་མཆོག་རུ་དམ་སྐྱིད་ཁྲོད་ཏིང་འཛིན་བདེ་བའི་ཉམས་བཟང་ལྡན།།
རྣལ་འབྱོར་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་ཆོས་ཉིད་གནས་ལུགས་མངོན་སུམ་རྟོགས།།
༥༽
མཁན་ཆེན་གཞན་དགའི་གཞུང་ཆེན་བཅུ་གསུམ་མཆན་འགྲེལ་ཉི་མའི་འོད་ཟེར་གྱིས།།
རིག་པའི་གཞུང་ལུགས་མུན་པ་ཀུན་བསལ་ལུགས་གཉིས་པདྨོ་རབ་ཏུ་བཞད།།
དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གདམས་ངག་ཟབ་མོ་སྙིང་ལ་བཞུགས།།
མཁས་གྲུབ་དུ་མས་བསྟན་པའི་སྲོག་ཤིང་བརྟན་པོར་བཟུང་བའི་བཀའ་དྲིན་ཆེ།།
༦༽
བཀའ་མ་གཏེར་མའི་རྒྱུན་བཟང་མ་ཉམས་བཤད་དང་སྒྲུབ་པའི་འཁོར་ལོ་ཡིས།།
སྔ་འགྱུར་རྙིང་མའི་རྩ་བའི་གདན་ས་རྒྱལ་བསྟན་མཛེས་པའི་རྒྱན་དུ་གྱུར།།
རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ཟབ་མོའི་གདམས་པ་ཉི་མ་བཞིན།།
འཛམ་གླིང་ཡངས་པའི་ས་ཆེན་ཕྱོགས་ཀུན་ཁྱབ་པའི་ཕྲིན་ལས་བསམ་མི་ཁྱབ།།
༧༽
གཞུང་ཆེན་བཅུ་གསུམ་སློབ་གཉེར་བརྩོན་པའི་བཤད་གྲྭའི་ཆོས་ཐོག་སོ་སོ་རུ།།
ཐོས་བསམ་སྒོམ་པའི་ཤེས་རབ་མེ་ཏོག་ས་གཞི་འདི་རུ་ལྷག་པར་བཞད།།
ལུང་རིག་སྨྲ་བའི་དབང་ཕྱུག་དུ་མས་རྩོད་པའི་སྒྲ་དབྱངས་ལྷང་ལྷང་སྒྲོག།
བདེན་པའི་ཆོས་ཀྱི་རྒྱལ་མཚན་མཐོན་པོ་མི་མངོན་དབྱིངས་སུ་བསྒྲེངས་པ་བཞིན།།
༨༽
ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཐུགས་བསྐྱེད་འོད་སྣང་ཕྱོགས་བཅུར་འགྱེད་པ་དང་།།
མཁས་དབང་བློ་གྲོས་མཐའ་ཡས་ཞབས་ཀྱིས་རིག་གནས་སྒོ་མོ་ཡངས་པོར་ཕྱེ།།
བཤད་དང་སྒྲུབ་པའི་བྱ་བ་ཟུང་འབྲེལ་མཁས་གྲུབ་སྐྱེས་ཆེན་བར་མ་ཆད།།
གསང་ཆེན་ངེས་པ་དོན་གྱི་བསྟན་པ་གསེར་གྱི་ས་གཞི་བཞིན་དུ་བརྟན།།
༩༽
དུས་ཀྱི་གློག་དམར་འཁྱུག་པའི་ཁྲོད་ནས་དཀའ་བ་བརྒྱ་ཕྲག་མཐར་བསྐྱལ་ཏེ།།
སླར་ཡང་ཉི་མ་གཞོན་ནུ་ལྟ་བུའི་བསྟན་པའི་སྲོག་ཤིང་ཡང་བསྐྱར་བཙུགས།།
བཤད་གྲྭ་ཆེན་མོའི་གསེར་གྱི་རྒྱ་ཕིབས་ཉི་མའི་འོད་ཀྱིས་མཛེས་པར་བྱས།།
སྔོན་གྱི་དམ་པའི་རྣམ་ཐར་བཟང་པོ་དེང་གི་དུས་འདིར་ལྷག་པར་གསལ།།
༡༠༽
ལོ་འཁོར་ཉིས་བརྒྱའི་དུས་ཆེན་འདི་ལ་བསྐལ་བཟང་དགྱེས་པའི་མགྲོན་དུ་བསུ།།
མྱི་རབས་མང་པོའི་སྙིང་སྟོབས་བརྟན་པོས་ཆོས་ཀྱི་སྒྲོན་མེ་མ་ཉམས་གནས།།
འཛམ་གླིང་ཤར་ནུབ་ཀུན་ལ་ཁྱབ་པའི་ཐུགས་རྗེའི་འོད་ཟེར་དཀར་པོ་ཡིས།།
ཉོན་མོངས་མུན་པ་མཐའ་དག་བསལ་ཏེ་བདེ་སྐྱིད་ཉི་མ་སླར་ཡང་ཤར།།
༡༡༽
བཀའ་དྲིན་ཟླ་མེད་རྩ་བའི་བླ་མ་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས།།
ལུང་དང་རྟོགས་པའི་བསྟན་པ་རིན་ཆེན་གོང་ནས་གོང་དུ་སྤེལ་བའི་ཕྱིར།།
དཀའ་བ་ཁྱད་བསད་ཕྱག་རྗེས་རྨད་བྱུང་བཤད་གྲྭ་ཆེན་མོའི་སྲོག་ལྟ་བུ།།
སྐུ་ཚེ་བརྟན་ཞིང་ཕྲིན་ལས་རྒྱས་པའི་ཤིས་པ་བརྗོད་པའི་གླུ་དབྱངས་ལེན།།
༡༢༽
མ་འོངས་དུས་སུ་ཤྲཱི་སེང་བཤད་གྲྭའི་བསྟན་པ་ཉི་ཟླ་བཞིན་དུ་གསལ།།
འཛམ་གླིང་སྐྱེ་འགྲོ་བདེ་སྐྱིད་ལྡན་ཞིང་ཆོས་ཀྱི་སྣང་བས་ཁྱབ་པར་ཤོག།
རྫོགས་ཆེན་གདན་སའི་ཆོས་ཀྱི་སྲོལ་བཟང་མི་ཉམས་ཡུན་དུ་གནས་པ་དང་།།
བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་རྟག་ཏུ་བརྟན་པའི་བཀྲ་ཤིས་ཤོག།
རྙིང་མའི་གདན་ས་ཆེན་པོ་རྫོགས་ཆེན་ཤྲཱི་སེང་བཤད་གྲྭ་འདི་ཉིད་བཙུགས་ནས་ལོ་ངོ་༢༠༠འཁོར་བའི་རྗེས་དྲན་དུ། གདན་ས་འདི་ལ་ཤེས་ནས་དད་པ་ཐོབ་པའི་སྙན་ངག་པ་བེ་རི་འཇིགས་མེད་ཀྱིས་དྲང་སྲོང་ལྷུང་བའི་ནགས་འདབས་ནས་གུས་འདུད་བཅས་༢༠༢༦/༨/༢༤/ལ་ཕུལ།།
f5eegmfnfhd4xwpe1xduqled9kbjpny